དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་ནས“མདོ་ལར་བསྟོད་པ”ཡི་ཁུ་ཚུར་དྲག་འཛིང་འགྲན་སྡུར་སྤེལ།

2024-11-18 15:27:25   |   1957

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། 2024ལོའི“དགུན་དུས་མདོ་ལར་སྐོར་བ”ཡི་ཕྲེང་བསྟར་བྱེད་སྒོ་ལས“མདོ་ལར་བསྟོད་པ”ཡི་ཁུ་ཚུར་དྲག་འཛིང་འགྲན་སྡུར་དེ་མདོ་ལ་རྫོང་མང་ཚོགས་རིག་གནས་ལུས་རྩལ་བྱེད་སྒོ་ཁང་དུ་མགོ་བརྩམས། 

རྫོང་ཨུའི་ཧྲུའུ་ཅི་ཀང་ཧྥུའུ་སྤྲོ་སེམས་ཁེངས་པའི་འགྲན་སྡུར་ཡུལ་དངོས་ལ་ཐོན་ཞིང་འགྲན་སྡུར་ལ་བལྟས་ཏེ་འགྲན་རྒྱལ་ཐོབ་མཁན་ལ་བྱ་དགའ་གནང་།

རྫོང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུ་ཡི་པུ་ཀྲང་ཝང་ཡུས་མིང་གིས་མགོ་རྩོམ་མཛད་སྒོའི་སྟེང་ཤིས་ཚིག་ཕུལ།

རྫོང་ཨུའི་རྒྱུན་ཨུའམ་རྫོང་དཔོན་གཞོན་པ་ལི་ཀྲོའུ་ཆིང་གིས2024ལོའི“དགུན་དུས་མདོ་ལར་སྐོར་བ”ཡི་ཕྲེང་བསྟར་བྱེད་སྒོ“མདོ་ལར་བསྟོད་པ”ཡི་ཁུར་འཛིང་འགྲན་སྡུར་དངོས་སུ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།

 རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧོ་ཀྲུང་དང་། མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ལུས་རྩལ་མཐུན་ཚོགས་དྲག་རྩལ་པུ་ཡི་ཀྲུའུ་རིན་ནམ་མཚོ་སྔོན་གངས་ཅན་ལུས་རྩལ་སྦྱོང་བརྡར་སྤྲོ་སྐྱིད་གླིང་གི་སྤྱིའི་འགན་འཛིན་པ་སངས་རྒྱས་དོན་འགྲུབ་བཅས་ཀྱིས་འགྲན་སྡུར་ལ་བལྟས་ཤིང་རྫོང་རིག་གནས་གནས་སྐོར་ཅུ་ཡི་འགན་ཁུར་བ་དང་ལྷན་དུ་འགྲན་རྒྱལ་མཁན་སོ་སོ་ལ་བྱ་དགའི་རྟགས་མ་གནང་།

2024ལོའི“དགུན་དུས་མདོ་ལར་སྐོར་བ”ཡི་ཕྲེང་བསྟར་བྱེད་སྒོ“མདོ་ལར་བསྟོད་པ”ཡི་ཁུ་ཚུར་དྲག་འཛིང་འགྲན་སྡུར་ནི་མདོ་ལ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། མདོ་ལ་རྫོང་རིག་གནས་གནས་སྐོར་རྒྱང་བརྙན་ཅུ་ཡིས་འགན་སྒྲུབ། མཚོ་སྔོན་གངས་ཅན་ལུས་རྩལ་སྦྱོང་བརྡར་སྤྲོ་སྐྱིད་གླིང་གིས་རོགས་སྒྲུབ་བྱས། འགྲན་སྡུར་སྡོམ་པའི་ཆ11ཏུ་བགོས་ཤིང་། ཧུ་ནན་དང་སི་ཁྲོན། ཧྲན་ཏུང་། པེ་ཅིང་། ཧྲན་ཞི། ཀོང་ཏུང་སོགས་ས་ཆ་ནས་ཐོན་པའི་ཁུར་འཛིང་ལུས་རྩལ་པ22འགྲན་སྡུར་ལ་ཞུགས། འགྲན་སྡུར་ཁྲོད་ཕྱོགས་ཡོངས་འགྲན་རྩོད་མ་ལག་སྤྱད་དེ་ལོ་ཚོད་དང་ལྗིད་ཚད་རིམ་པ་མི་འདྲ་བའི་ལུས་རྩལ་པ་ལ་རང་ཉིད་ཀྱི་ནུས་པ་ཕྱིར་མཚོན་པའི་གར་སྟེགས་ཤིག་བསྐྲུན།

2024ལོའི“དགུན་དུས་མདོ་ལར་སྐོར་བ”ཡི་ཕྲེང་བསྟར་བྱེད་སྒོ“མདོ་ལར་བསྟོད་པ”ཡི་ཁུ་ཚུར་དྲག་འཛིང་འགྲན་སྡུར་གྱི་གོང་རོལ་ཏུ་རྒྱ་མ་ཚད་པའི་བྱེད་ཐབས་ཀྱིས་འགྲན་སྡུར་གྱི་དྲང་བདེན་དང་དྲང་གཞག་ལ་ཁག་ཐེག་བྱས། འདི་ནི་རྩལ་དང་ཤུགས་ཀྱི་འགྲན་སྡུར་ཞིག་དང་ལྷག་ཏུ་འགྲན་ཞུགས་པ་ཞིག་གི་བསམ་པའི་འདུ་ཤེས་ཀྱི་ཉམས་ལེན་ཞིག་ཡིན། འགྲན་སྡུར་ཁྲོད། འགྲན་ཞུགས་པ་དག་གིས་ཁྱད་དུ་འཕགས་པའི་སྤོབས་པ་དང་འབུར་དུ་ཐོན་པའི་རྩལ་གྱིས“ལྷ་ཁམས་མདོ་ལའི”ཁུར་འཛིང་གར་སྟེགས་སྟེང་ཛ་དྲག་གི་དཔུང་ཤེད་ངོམ་པ་དང་། ཁོ་ཚོས་རྫ་དུག་ཕོག་པ་སོགས་འགལ་རྐྱེན་སྣ་ཚོགས་ཁྱད་དུ་བསད་ནས། རྔུལ་ཆུ་དང་མཐའ་འཁྱོངས་ལ་བརྟེན་ནས་རྟག་བརྟན་ཐེར་ཟུག་དང་འགྲན་རྩོད་བྱེད་ཕོད་པའི་བསམ་པའི་ཉམས་འགྱུར་མངོན་པར་བྱས།

“ཁུ་ཚུར”ནི་ལྟད་མོ་གཙོ་བོ་སྟེ། ཚོགས་ར་ཧྲིལ་བོའི་ལྟད་མོ་བའི་མིག་མདངས་མཉམ་གཅིག་ཏུ་གར་སྟེགས་ལ་གཏད་ཅིང་། འགྲན་ཞུགས་པའི་མཆོང་ལྡིང་དང་བསམ་ཚོད་ལས་འདས་པའི་ཕར་རྒོལ་དང་བསྟུན། མིག་ནང་གི“རྗེས་སྙེག་འཕྲུལ་ཆས”བརྗེ་སྒྱུར་བྱེད་པ་དང་། ཁུར་འཛིང་གར་སྟེགས་ཐོག་འགྲན་ཞུགས་པས་དྲག་རྩལ་གྱི“ནང་སྙིང་དང་ཁྱད་ཆོས”ལ་བརྟེན་ནས་སྟོབས་ཤུགས་དང་ཐབས་རྩལ་ཟུང་དུ་སྦྲེལ་ལ། ཁུར་འཛིང་ལུས་རྩལ་གྱི་ཛ་དྲག་དོད་པའི་ཟིལ་ཤུགས་མངོན་པར་བྱས། འགྲན་སྡུར་གྱིས་མདོ་ལ་རྫོང་གི་རྒྱ་ཆེའི་ཁུར་འཛིང་དགའ་མོས་མཁན་རྣམས་ལ་ལུས་རྩལ་བརྗེ་རེས་ཀྱི་གར་སྟེགས་བསྐྲུན་པར་མ་ཟད། རྫོང་ཡོངས་ཀྱི་ཁུར་འཛིང་ལུས་རྩལ་ཁྱབ་རྡལ་དང་དར་སྤེལ་ལའང་དགེ་མཚན་ལྡན་པའི་བྱེད་ནུས་ཐོན་ཡོད།

2024ལོར། “དགུན་དུས་མདོ་ལ་སྐོར་བའི”མུ་འབྲེལ་བྱེད་སྒོའི“མདོ་ལར་བསྟོད་པ”ཞེས་པའི་ཁུར་འཛིང་རྟིང་རྩོད་འགྲན་སྡུར་ནི་མདོ་ལ་རྫོང་གིས་གཉེར་བའི་ཁུར་འཛིང་འགྲན་སྡུར་ཐོག་མ་ཡིན། ཐེངས་འདིར་ཁུར་འཛིང་རྟིང་རྩོད་འགྲན་སྡུར་བདེ་བླག་ཏུ་གཉེར་བ་འདིས། མདོ་ལས་ལུས་རྩལ་འགྲན་སྡུར་གྱི་བྱེད་སྒོའི་སྤུས་རྟགས་གཏོད་པ་དང་ལུས་རྩལ་འགྲན་སྡུར་ལ་བརྟེན་ནས་རྫོང་ཡོངས་ཀྱི་རྩལ་འགྲན་བྱ་གཞག་གོང་དུ་སྤེལ་བ། ལུས་རྩལ་འཇོན་ཐང་ཅན་གྱི་མི་སྣ་འདེམས་སྒྲུག་བྱེད་པ། མདོ་ལའི་ལུས་རྩལ་ཆུ་ཚད་མཐོར་འདེགས་སུ་གཏོང་བ་བཅས་ལ་དངོས་ཡོད་ཀྱི་དོན་སྙིང་གཏིང་ཟབ་ལྡན། དེ་དང་དུས་མཚུངས་སུ། མདོ་ལའི་ལུས་རྩལ་བྱ་གཞག་གི་སྔར་བས་ལྷག་པའི་འཕེལ་རྒྱས་ལའང་སྐུལ་འདེད་ཀྱི་ནུས་པ་ལེགས་པར་ཐོན་པ་དང་། ན་གཞོན་སྔར་བས་མང་བོས་ཁུར་འཛིང་ལུས་རྩལ་ལ་བཅིངས་པའི་སྤྲོ་སེམས་དང་རེ་སྒུག་ཤུགས་དྲག་པར་བྱས་ལ། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་མགྱོགས་མྱུར་སྒོས་བསྐྲུན་པར་ངར་ཤུགས་གསར་དུ་བླུད་ཅིང་སྒུལ་ཤུགས་གོང་དུ་སྤར། མདོ་ལ་རྫོང་གིས“ལྗང་མདོག་དང་བདེ་ཐང་། འཆམ་མཐུན”བཅས་ཀྱི་འཕེལ་རྒྱས་འདུ་ཤེས་རྩ་འཛིན་སྒོས་སྒོ་འབྱེད་མཉམ་ལས་བྱེད་ཤུགས་ཆེ་རུ་བསྐྱེད་པ་དང“ལུས་རྩལ+”དང“+ལུས་རྩལ”མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། ལུས་རྩལ་དང་རིག་གནས་གནས་སྐོར་འཛད་སྤྱོད་དང་བདེ་ཐང་ཐོན་ལས་ཆེ་གྲས་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་པ་དང་། མི་རིགས་ལུས་རྩལ་དར་སྤེལ་ལ་སྔར་བས་ལྷག་པའི་མཉམ་འགུལ་བརྗེ་རེས་ཀྱི་གར་སྟེགས་བསྐྲུན་པར་མ་ཟད། དུས་རབས་གསར་བའི་མདོ་ལའི་ལུས་རྩལ་གོང་དུ་འཕེལ་བར་རྨང་གཞི་བརྟན་པོ་བསྐྲུན་ཅིང་གཞི་རྟེན་གསར་བ་བཏིངས།

ཡུལ་གྲོང་ཁག་གི་ཏང་ཨུ་དང་སྲིད་གཞུང་། རྫོང་ཐད་གཏོགས་ལས་ཁུངས་ཁག་གི་འགན་ཁུར་བློ་མཐུན་མཛད་སྒོར་ཞུགས།

640.jpg

འགྲན་སྡུར་སྤེལ་རིང་། “མདོ་ལའི་ཟས་མཆོག”འགྲེམ་ཚོང་བྱེད་སྒོ་སྤེལ་བ་དང་། མདོ་ལ་རྫོང་མི་རིགས་སྒྱུ་རྩལ་དཔུང་ཁག་གི་འཁྲབ་སྟོན་མི་སྣས་ངོ་མཚར་བའི་རིག་གནས་སྒྱུ་རྩལ་ལེ་ཚན་འཁྲབ་སྟོན་བྱས་ཏེ། མདོ་ལའི་ཁྱད་ཆོས་ལྡན་པའི“མཐོ་སྒང་མི་རིགས་ཀྱི་ཉམས་འགྱུར”ཡུལ་དངོས་ཀྱི་ལྟད་མོ་བ་དང་རྒྱ་ཆེའི་གནས་སྐོར་བར་ཕུལ།


མཉམ་སྤྱོད།