དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་།

2024-11-19 16:32:34   |   447

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོའི་ཚུན་དུ། མདོ་ལ་རྫོང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། འགན་འཁྲི་ཁ་གསལ་དང་ཁྲིམས་ལྟར་སྲིད་འཛིན་གྱི་སྲིད་གཞུང་བཅོས་སྐྱོང་མ་ལག་འཛུགས་སྐྱོང་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ཞིང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྲིད་གཞུང་གི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་འགན་ནུས་ཚན་རིག་དང་མཐུན་པ་དང་། དབང་འགན་ཁྲིམས་འཛིན། ཁྲིམས་བསྟར་ནན་པོ། ཡོངས་བསྒྲགས་དྲང་གཞག སྤྱོད་གཙང་ནུས་ཆེ། ཁྲིམས་སྲུང་ཡིད་རྟོན་བཅས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱ་རྒྱུ་ཇེ་མགྱོགས་སུ་བཏང་ནས། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱས།

རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ནས་དོན་འཁྱོལ་ལ་སྐུལ་འདེད་བྱས། དོན་ཚན་རེ་རེ་བཞིན་ཁྲིམས་སྐྱོང་འཛུགས་སྐྱོང་གི་དཔྱད་ཞིབ་དམིགས་ཚད་ཀྱི་སྣེ་ཁྲིད་འགན་འཁྲིའི་ཚན་པ་ཁ་གསལ་བཟོས་ནས། 《མདོ་ལ་རྫོང་གི་ལོ་འཁོར2024ཡི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད》གཏན་འཁེལ་དང་དཔར་འགྲེམ་བྱས་ཤིང་།ཁྱོན་ཡོངས་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་། 《མདོ་ལ་རྫོང་གིས་སྲིད་འཛིན་ཁྲིམས་བསྟར་གྱི་སྤུས་ཚད་ཇེ་མཐོར་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི2023ལོ་ནས2025ལོའི་བར》དང་ཟུང་འབྲེལ་བྱས་ནས་འགན་འཁྲི་བགོས་ཚུལ་གསལ་སྒྲིག་དང་། ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བཞིན་སྲིད་འཛིན་ཁྲིམས་བསྟར་ལས་དོན་གྱི་སྒྲིག་སྲོལ་འཐུས་ཚང་དུ་བཏང་། 

ཁྲིམས་འཛིན་ལྟ་སྐུལ་ལ་ཤུགས་བསྣན་ནས་ཕན་ནུས་ཆེ་རུ་བཏང་། རྒྱུན་མཐུད་ངང“ལམ་ལུགས་གསུམ”དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། གྱོད་ཡིག་དཔྱད་བཤེར་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་ཅིང་གྱོད་ཡིག་ཚད་ལྡན་ཅན་དུ་འགྱུར་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་། རྫོང་ཡོངས་ཀྱི་ཚན་པ་སོ་སོ2024ལོའི་ཁུལ་ཡོངས་ཀྱི་གྱོད་གཞིའི་ཡིག་ཚགས་དཔྱད་བཤེར་ལས་དོན་ནང་དུ་ཞུགས་པ་ཁྱོན53ཟིན། སྤྱི་ལོ2024ལོའི་རྫོང་ཡོངས་ཀྱི་སྲིད་འཛིན་ཁྲིམས་འཛིན་མི་སྣའི་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་བཙུགས་ཤིང་། རྫོང་ཡོངས་ཀྱི་སྲིད་འཛིན་ཁྲིམས་འཛིན་ཚན་པ11གི་མི90ལྷག་ཙམ་གསོ་སྦྱོང་ནང་ཞུགས། འདུམ་འགྲིག་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྲིད་འཛིན་བསྐྱར་གྲོས་དང་ལྟ་སྐུལ་ནོར་འཁྲུལ་ཡོ་བསྲང་གི་འགན་ནུས་ལག་བསྟར་ཡག་པོ་བྱས། ད་ལོའི་ཚུན་དུ། སྲིད་འཛིན་བསྐྱར་གྲོས་གྱོད་གཞི་ཁག5བདག་སྤྲོད་བྱས་པ་དང་གྱོད་གཞི4ཐག་གཅོད་བྱས།ཁྲིམས་མཐུན་ཞིབ་བཤེར་ལ་ཤུགས་བསྣན་ནས་ཚད་ལྡན་ལ་སྐུལ་འདེད་བཏང་། ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁྱོན་ཡོངས་ནས་གཙང་བཤེར་བྱེད་པའི་བྱེད་སྒོ་ཐེངས་དྲུག་པ་སྤེལ་བ་དང་། གཙང་བཤེར་བྱས་པ་བརྒྱུད་མུ་མཐུད་དུ་ལག་བསྟར་བྱེད་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁྱོན་སྡོམ7ཟིན། བཅའ་ཁྲིམས་བློ་འདྲི་སྲིད་གཞུང་གི་སྲིད་འཛིན་ཐབས་ཇུས་གལ་ཆེན་དང་གན་རྒྱའི་གྲོས་མཐུན་ལ་ཞིབ་བཤེར། རྙོག་འཛིང་ཆེ་བའི་གྱོད་གཞིར་ཞིབ་བཤེར་བྱེད་པ་སོགས་ཀྱི་ལས་ཀར་ཞུགས་པར་ཁྲིད་སྟོན་ཧུར་ཐག་བྱས་ཤིང་། ད་ལོའི་ཚུན་དུ། ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཁྲིམས་མཐུན་ཞིབ་བཤེར་གྱི་བཅའ་ཁྲིམས་བསམ་འཆར་ཡི་གེ4བཏོན་པ་དང་།སྤྱིར་བཏང་རང་བཞིན་གྱི་ཁྲིམས་མཐུན་ཞིབ་བཤེར་གྱི་བཅའ་ཁྲིམས་བསམ་འཆར་ཡི་གེ30ལྷག་བཏོན་ཞིང་། སྲིད་འཛིན་གཏུག་བཤེར་གྱི་གྱོད་གཞི7དང་དམངས་དོན་གཏུག་བཤེར6ཚབ་གཉེར་བྱས།


མཉམ་སྤྱོད།