དེ་རིང་ནི2025ལོའི་ཟླ05པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁང་པ་ཉོ་སྒྲུབ་དང་། སྤྱི་ཚོགས་འགན་བཅོལ། སློབ་གསོ་ལ་སོགས་ཀྱི་སྲིད་ཇུས་གསར་པ་ཤེས་འདོད་ན་འདིར་ཕེབས་རོགས།

2024-11-26 16:37:07   |   435

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ12ཚེས1ཉིན་ནས་བཟུང་མི་སྒེར་ནས་སྡོད་ཁང་ཐོག་མ་ཉོ་མཁན་དག་གིས་ཁང་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ140དང་དེའི་མན་ཡིན་ན་ཉོ་བསྡུའི་ཁྲལ་ལག་བརྒྱ་ཆའི་གཅིག་གཅོག་རྒྱུ་རེད། 2024ལོའི་སྟོན་དུས་ཀྱི་སློབ་སྐབས་འཚོགས་པ་ནས་བཟུང་།  རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གྱི་ཚད་ཇེ་མཐོར་བཏང་ཡོད།  2025ལོ་ནས་བཟུང་ལས་བཟོ་བའི་རྒན་གསོ་ཉེན་འགོག་འགན་བཅོལ་ལ་དབང་བོ་ནད་སྐྱོན་གྱི་ཕོགས་སྣོན་ཁ་གསབ་རྒྱག་རྒྱུ་ལ་སོགས་ད་སྔ་འུ་ཅག་གི་འཚོ་བར་ཤུགས་རྐྱེན་ཐེབས་ངེས་པའི་སྲིད་ཇུས་ཡིག་ཆ་སྐོར་ཞིག་བཏོན་དང་འདོན་བཞིན་ཡོད་པས། སྲིད་ཇུས་གསར་པ་བཏོན་མ་ཐག་ཏུ་ང་ཚོས་དེ་དག་ལ་ཇི་ལྟར་བལྟ་ཐུབ་པ་དང་།  ལྷག་པར་དུ་རང་ཉིད་ལ་དགོ་མཁོ་ཆེ་བའི་སྲིད་ཇུས་དང་རང་གིས་དོ་སྣང་བྱེད་སའི་ཁྱབ་ཁོངས་ལ་སྲིད་ཇུས་གང་དག་ཞིག་ཡོད་པ་ཤེས་འདོད་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲིན་སྣེ“国务院客户端小程序”འདི་ལ་གཟིགས་དང་རེ་བ་ཇི་བཞིན་བསྐང་སྲིད།

1.png


མཉམ་སྤྱོད།
Loading...