དེ་རིང་ནི2024ལོའི་ཟླ12པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས2024ལོའི་རྨོ་ཞིང་སྲུང་སྐྱོང་གི“ཞིང་དཔོན་ལམ་ལུགས”ཀྱི་གསོ་སྦྱོང་བྱས།

2024-12-06 09:49:23   |   308

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། མདའ་བཞི་རྫོང་གིས2024ལོའི་རྨོ་ཞིང་སྲུང་སྐྱོང་གི“ཞིང་དཔོན་ལམ་ལུགས”ཀྱི་གསོ་སྦྱོང་འཛིན་གྲྭ་སྤེལ། གསོ་སྦྱོང་ཚོགས་འདུའི་ཐོག་རྨོ་ཞིང་སྲུང་སྐྱོང་གི་ཞིང་དཔོན་ལམ་ལུགས་ཀྱི་ལས་དོན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། ཞིང་དཔོན་གཞུང་ལས་ཁང་གི་བཀོད་འདོམས་འདོན་སྤེལ་གང་ལེགས་བྱས་ནས་རྨོ་ཞིང་སྲུང་སྐྱོང་གི་རུ་སྣེ་ཁྲིད་མཁན་ཡག་པོ་ཞིག་བྱེད་དགོས། རྨོ་ཞིང་སྲུང་སྐྱོང་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་ལམ་བུ་གསར་པ་འཚོལ་ཞིབ་བྱས་ནས་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག བེད་སྤྱོད་ཕན་འབྲས་དང་ཐོན་ལས་འཕེལ་རྒྱས་བཅས་བར་གྱི་མཉམ་འགུལ་ལེགས་པོ་བྱས་ཏེ་རྨོ་ཞིང་གི་གྲངས་འབོར་བརྟན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རྨོ་ཞིང་གི་དམར་ཐིག་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་།

ཐེངས་འདིའི་གསོ་སྦྱོང་ཚོགས་འདུའི་ཐོག་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་ཆེད་ལས་ཚོགས་པའི་དགེ་རྒན་ཀའོ་ཁྲང་ཧྲིན་དང་མཚོ་སྔོན་སློབ་ཆེན་ཞིང་ལས་ཚན་རིག་ཁང་ལུད་རྫས་ཞིབ་འཇུག་པ་གཞོན་པ་དགེ་རྒན་ཀྲང་དབྱང་དང་མཚོ་སྔོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་མཱ་ཧུའེ་བཅས་ཀྱིས《ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་བསམ་བློ》དང་།《རྨོ་ཞིང་སྲུང་སྐྱོང་དང་ས་རྒྱུ་བདེ་ཐང》《ཞིབ་དཔོན་ལམ་ལུགས་དང་ཞིང་ལས་ས་ཞིང་སྲིད་ཇུས་གསལ་འགྲེལ》བཅས་ལ་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་གྱི་སགོ་ནས་ཆེད་དོན་སློབ་ཁྲིད་བྱས། གསོ་སྦྱོང་བྱས་པ་བརྒྱུད་ཡུལ་ཚོ་དང་གྲོང་རྡལ་རིམ་པའི་ཞིང་དཔོན་དང་དྲ་མིག་ཞིང་དཔོན་གྱི་ཆབ་སྲིད་ཆུ་ཚད་དང་། རྨོ་ཞིང་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱུང་ནས། ས་ཞིང་སྲུང་སྐྱོང་གི་འགན་འཁྲི་ཏན་ཏིག་གིས་འཁུར་བ་དང་། ཁྲིམས་འགལ་ངང་རྨོ་ཞིང་བཟུང་སྤྱོད་བྱེད་པའི་བྱ་སྤྱོད་འབྱུང་རྩ་ནས་ཉུང་དུ་ཕྱིན་པ་དང་རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་བརྟན་པོ་བསྲུངས་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱས།

ཐེངས་རྗེས་མར་མདའ་བཞི་རྫོང་གིས་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ“ས་ཞིང་སྲུང་སྐྱོང་ལམ་ལུགས”ཀྱི་ལས་དོན་དམ་འཛིན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་རྨོ་ཞིང་སྲུང་སྐྱོང་བྱས་ཏེ་ཞིང་ཁ་སྲུང་སྐྱོང་གི་འགན་འཁྲི་ཡོད་པ་དང་ས་ཞིང་སྲུང་སྐྱོང་གི་འགན་འཁྲི་ཏན་ཏིག་བསྒྲུབས་ནས་རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་དང་འབྲུ་རིགས་བདེ་འཇགས་ཀྱི་མཚམས་ཐིག་བརྟན་པོ་སྲུང་རྒྱུ་རེད།


མཉམ་སྤྱོད།