དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཁབ་རྐང་རྩེད་སྤོ་ལོའི་དེ་སྔའི་རྩལ་ཁྲིད་པ་གཙོ་བོ་ལི་ཐིའེ་ལ་དུས་བཀག་བཙོན་འཇུག་ལོ་ཉི་ཤུའི་ཁྲིམས་ཐག་བཅད་པ།

2024-12-13 10:39:31   |   558

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   ཀྲུང་གོ་གསར་འགྱུར་དྲ་བ།    བཤེར་འབེབས།    རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་ཟླ12པའི་ཚེས13ཉིན་འབྱོར་བའི་གློག་འཕྲིན།    “ཞན་ཉིང་འབྲིང་རིམ་མི་དམངས་ཁྲིམས”ཀྱི་སྐད་འཕྲིན་སྤྱི་རྟགས་ཐོག་ནས་གནས་ཚུལ་སྤེལ་བར་གཞིགས་ན།    2024ལོའི་ཟླ12པའི་ཚེས13ཉིན་ཧུའུ་པེ་ཞིང་ཆེན་ཞན་ཉིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཀྲུང་གོའི་རྒྱལ་ཁབ་སྐྱེས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་གི་དེ་སྔའི་རྩལ་ཁྲིད་པ་གཙོ་བོ་ལི་ཐིའེ་ཡི་གྱོད་གཞིར་ཡོངས་བསྒྲགས་སུ་བཅད་ཁྲ་ཁྱབ་བསྒྲགས་བྱས་ཤིང་།    ལི་ཐིའེ་ལ་ལྐོག་རྔན་བླངས་པའི་ནག་ཉེས་དང་།    ལྐོག་རྔན་སྤྲད་པའི་ནག་ཉེས།    ཚན་པའི་ལྐོག་རྔན་སྤྲད་པའི་ནག་ཉེས།    རྒྱལ་ཁབ་ཀྱི་ལས་དོན་མི་སྣ་མིན་པའི་ལྐོག་རྔན་བླངས་པའི་ནག་ཉེས།    རྒྱལ་ཁབ་ཀྱི་ལས་དོན་མི་སྣ་མིན་པར་ལྐོག་རྔན་སྤྲད་པའི་ནག་ཉེས་བཅས་ཉེས་མང་སྡེབ་གཅོད་ཀྱིས་དུས་བཀག་བཙོན་འཇུག་ལོ20བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད།     


མཉམ་སྤྱོད།