དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་པ།

2024-12-16 09:47:05   |   235

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར།  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱི་མངགས་བཅོལ་ལྟར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས82པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དང་། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་པ་དང་འབྲེལ་ཡོད་བྱ་བ་བཀོད་སྒྲིག་བྱས།

图片1.png

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་བཙུགས་ནས་ལོ70འཁོར་སྐབས་སུ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་མཁོ་ཚོང་མཉམ་ལས་ཁང་གི་དམིགས་བསལ་ལེགས་ཆ་དང་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་དང་སྲིད་གཞུང་གིས་ཞིང་པ་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ཟམ་པ་དང་སྦྲེལ་ཐག་ཡག་པོ་ཞིག་བྱེད་དགོས། མཁོ་ཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་རང་ངོས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། “དམངས་ལ་ཞབས་འདེགས་ཞུ་བའི་སྙིང་སྟོབས”དང“འབད་བརྩོན་བྱེད་ཕོད་པའི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ། མཁོ་ཚོང་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཕྱོགས་བསྡུས་བཅོས་སྒྱུར་གྱི་གསོན་ཤུགས་སྔར་བས་འཕེལ་བ་དང་གསར་གཏོད་ཀྱི་སྒུལ་ཤུགས་སྔར་བས་ཆེ་རུ་གཏོང་དགོས། ཅང་སུའུ་ནན་ཅིང་དང་སི་ཁྲོན་ཁྲིན་ཏུའུ། ཧྲན་ཏུང་ཅི་ནན་བཅས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་ལྟེ་གནས་གཉེར་སྐྱོང་དོ་དམ་ལ་ཤུགས་སྣོན་པ་དང་། ཧྲན་ཏུང་དང་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་མཁོ་ཚོང་མཁོ་སྤྲོད་སྦྲེལ་ཐག་ཕྱོགས་གཉིས་མཉམ་ལས་ཀྱི་འཛུགས་སྐྲུན་ལས་གཞིར་སྐུལ་འདེད་ཧུར་ཐག་བཏང་སྟེ“མཚོ་བྱང་གི་སྤུས་ལེགས་ཐོན་རྫས་ཧྲན་ཏུང་དུ་འདྲེན་པ”དང“ཧྲན་ཏུང་གི་སྤུས་ལེགས་ཐོན་རྫས་མཚོ་སྔོན་དུ་འདྲེན་པའི”ཐོན་སྐྱེད་དང་ཕྱིར་འཚོང་མཉམ་ལས་ལག་བསྟར་ཐུབ་པར་བརྩོན་ལེན་བྱེད་དགོས་ཟེར།          

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཟླ12པའི་ཚེས9ཉིན་འཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། 2025ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་ཁོང་དུ་ཡང་དག་ཆུད་པར་བྱས་ནས་བརྟན་པོའི་ངང་འཕར་བ་དང་གྲུབ་ཆ་ལེགས་སྒྲིག བཅོས་སྒྱུར་ལ་སྐུལ་འདེད། དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ་སོགས་ཀྱི་བྱ་བ་སོ་སོར་སྤྱི་འདོམས་སྐུལ་འདེད་བཏང་སྟེ་ནུས་ཤུགས་ཡོད་རྒུས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱེད་དགོས་ལ། ལོ་མགོར་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་སོ་སོ་དང་བསྡུར་བ་བྱས་ནས་ལོ་མཇུག་དང་ལོ་མགོའི་བྱ་བ་སོ་སོ་ཏན་ཏིག་ངང་ཡག་པོར་སྒྲུབ་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སང་ལོའི་བྱ་བའི་འཆར་གཞི་དང“ལྔ་བཅོ་ལྔའི”འཕེལ་རྒྱས་ཀྱི་འཆར་འགོད་བཏོན་ནས་མཚོ་བྱང་གི་མ་འོངས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་བསམ་ཕྱོགས་ཞིབ་འཇུག་ཡག་པོ་དང་ཇུས་འགོད་ཡག་པོ་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཕྱོགས་ཡོངས་སུ་ཏང་ནན་གྱིས་སྐྱོང་བའི་བྱེད་པོའི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་པ། སྤྱོད་བཟང་སྒྲིག་ནན་ལ་ཤུགས་སྣོན་པ། “རུལ་མི་ཕོད་པ་དང་རུལ་མི་ནུས་པ། རུལ་མི་འདོད་པ”ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་རྒྱུ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མུ་མཐུད་དུ་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་སྐྱེ་ཁམས་སྲ་བརྟན་དུ་གཏོང་དགོས་ཟེར།         

图片2.png

ཚོགས་འདུའི་ཐོག་བསྟན་དོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མཚོ་ནུབ་ཁུལ་ཝུའུ་ལན་རྫོང་དུ་བརྟག་ཞིབ་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “གཅིག་ཅན་བརྒྱད”ཀྱི་བྱ་བའི་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པར་བྱས་ནས་གསར་བརྗེའི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ། འཕེལ་རྒྱས་བཅས་ཀྱི་བྱ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། གསར་བརྗེའི་སློབ་གསོའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་དང་གསར་བརྗེའི་གནས་སྐོར་ལམ་ཐིག་ཇུས་འགོད་ཞིབ་ཚགས། ཐོན་ལས་དང་སློབ་སྦྱོང་། ཞིབ་འཇུག ཕྱིར་འཚོང་བཅས་གཞི་གཅིག་ཅན་གྱི་གསར་བརྗེའི་ཐོན་རྫས་ལས་རྣམ་གསར་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། གསར་བརྗེའི་ཉམས་ཞིབ་དང་གསར་བརྗེའི་གནས་སྐོར། “གནས་བཞིའི”ཐོན་ལས་བཅས་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་རྩོད་སྒྲུབ་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྡུལ་ཕྲན་མཁར་གྱི་ཁྱོན་ཡོངས་འཛུགས་སྐྲུན་གྱི་འཆར་འགོད་དང་རིག་དངོས་སྲུང་སྐྱོབ་ཀྱི་འཆར་འགོད། གསར་བརྗེའི་གནས་སྐོར་གསར་སྤེལ་གྱི་འཆར་འགོད་སོགས་འཐུས་ཚང་དུ་གཏོང་བ་དང་། དབང་ཆ་དང་འགན་འཁྲི་ཁ་གསལ། ཐོན་ཁུངས་སྡེབ་སྒྲིག གྲོན་དངུལ་བསྡུ་རུབ་བཅས་བྱས་ཏེ་རྡུལ་ཕྲན་མཁར་གྱི་ད་ཡོད་གསར་བརྗེའི་རིག་གནས་ཐོན་ཁུངས་སྣ་ཚོགས་ཕྲེང་སྦྲེལ་སྡེབ་སྒྲིག་བྱ་དགོས་ཟེར།    

ཚོགས་འདུའི་ཐོག“གྲོས་གཞི་དང་པོ”སློབ་སྦྱོང་ལ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཕུན་སུམ་ཚོགས་པའི་ནང་དོན་དང་ལྟེ་བའི་དོན་དངོས།  ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་ཡང་དག་ལེན་པ་དང་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་བརྩེ་སེམས་ལ་བརྟེན་ནས་གོ་བ་ཏན་ཏིག་ལེན་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ། ནུས་ཤུགས་ཡོད་རྒུས་ལག་བསྟར་དོན་འཁྱོལ་བཅས་བྱེད་དགོས། “བརྩི་སྲུང་དང་པོ”ལག་བསྟར་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུ་དེ་བྱ་བ་སོ་སོའི་སྤྱི་འདོམས་ལ་བརྩིས་ནས་བྱ་ཐབས་ཞིབ་ཕྲ་དང་། དོན་འཁྱོལ་སྔར་བས་བྱེད་པ་དང་འགན་འཁྲི་དང་ལས་བགོས་ཁ་གསལ་བཟོས་ཏེ་ལག་བསྟར་དོན་འཁྱོལ་གྱི་ཕན་འབྲས་ལ་ཞིབ་བཤེར་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། “ཆ་རྐྱེན་དང་པོ”རྒྱུན་འཁྱོངས་བྱས་ནས་དོན་འཁྱོལ་དམ་འཛིན་བྱེད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དེ་ལྟ་སྐུལ་ཞིབ་བཤེར་དང་སྐོར་ཞིབ་ལྟ་སྐུལ་བྱེད་པའི་ནང་དོན་གལ་ཆེན་དུ་བརྩིས་ཏེ། ཉམས་མྱོང་ཕྱོགས་བསྡོམས་དང་གནད་དོན་འཚོལ་ཞིབ། བྱེད་ཐབས་ཞིབ་ཕྲ། དོན་འཁྱོལ་དམ་འཛིན་བཅས་བྱེད་དགོས་པའི་བླང་བྱ་བཏོན།   

ཚོགས་འདུའི་ཐོག་གཞི་རིམ་ཏང་འཛུགས་སྐྱོང་དང་ཏང་སྲོལ་སྲིད་གཙང་། འདུ་ཤེས་འཛིན་སྟངས། བདེ་འཇགས་འཛུགས་སྐྲུན། ཁྲིམས་ལྟར་ཁུལ་སྐྱོང་བ་སོགས་ཀྱི་བྱ་བའི་སྙན་ཞུར་ཉན་པ་དང་། 2024ལོའི་ལོ་འཁོར་མོའི་དམིགས་ཚད་འགན་འཁྲིའི(ལས་རྗེས)དཔྱད་ཞིབ(དཔྱད་བསྡུར)བྱ་བ་བཀོད་སྒྲིག་བྱས།

图片3.png


མཉམ་སྤྱོད།