དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་རྫོང་ཡོངས་ཀྱི་ཉེན་ཟོན་སློབ་གསོའི་ཚོགས་ཆེན་བསྡུས།

2024-12-16 17:11:24   |   446

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


རྫོང་ཡོངས་ཀྱི་ལས་བྱེད་པའི་སྤྱོད་གཙང་རང་གཅུན་གྱི་འདུ་ཤེས་སྔར་བས་ཇེ་གཏིང་ཟབ་ཏུ་གཏོང་བ་དང་རུལ་སུངས་སྔོན་འགོག་གི་ནུས་པ་ཆེ་རུ་གཏོང་བ། བསླབ་བྱ་དང་ལེན་བྱེད་པ། སྤྱོད་གཙང་གི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱེད་པ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་པ་བཅས་བྱ་ཆེད། ཟླ12ཚེས13ཉིན་མདའ་བཞི་རྫོང་གིས་རྫོང་ཡོངས་ཀྱི་ཉེན་ཟོན་སློབ་གསོའི་ཚོགས་ཆེན་བསྡུས། རྫོང་ཨུའི་ཧྲུའུ་ཅི་སྟག་ལྷ་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་ལུང་ཞིན་གྱིས་ཚོགས་འདུར་མགོ་འཛིན་བྱས། རྫོང་ཨུའི་རྒྱུན་ཨུ་སོ་སོ་དང་། རྫོང་རིམ་པ་སོ་སོའི་མགོ་ཁྲིད། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། རྫོང་ཨུའི་ལས་ཁུངས་སོ་སོ་དང་རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཨུ(ཏང་ཙུའུ) རྫོང་ཁོངས་གཏོགས་ཀྱི་ཁེ་ལས་དང་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་ཡོད།

图片6.png

ཚོགས་འདུའི་ཐོག་ཡིག་ཐོག་གི་རྣམ་པའི་སྒོ་ནས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་སྒྲིག་ཨུའི་ལྟ་ཞིབ་ཨུ་ལྷན་གྱི་བརྡ་ཁྱབ་བཏང་བའི་དཔེ་མཚོན་གྱོད་གཞི་བརྒྱུད་བསྒྲགས་བྱས་པ་དང་། རྫོང་ཨུའི་རྒྱུན་ཨུའམ་སྒྲིག་ཨུའི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རིན་མ་ཧྲེང་ཅུན་གྱིས་ད་ལོའི་རང་རྫོང་གི་སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་ཁག་གཅིག་བརྡ་ཁྱབ་བཏང་།ཚོགས་འདུའི་ཐོག་བསམ་བློ་ནི་བྱ་སྤྱོད་ཀྱི་སྔོན་ཁྲིད་ཡིན་ལ། ཏང་ཡོན་མགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་བསམ་བློའི་ཐོག“གཏན་འཁེལ་གཉིས”ལ་བརྩི་བཀུར་བྱེད་པ་དང“སྲུང་སྐྱོང་གཉིས”བྱེད་ཐུབ་པ་དང་བསམ་བློའི་འབྱུང་རྩ་ནས་ཕུགས་བསམ་དང་དད་སེམས་ཀྱི“སྤྱིའི་འགག་སྒོ”ཇེ་དམ་དུ་བཏང་ཚེ་གཞི་ནས་ལྷག་བསམ་རྣམ་དག་དང་དྭངས་གཙང་། བློས་འགེལ་ཆོག་པ་བཅས་ཡོང་ཐུབ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་མགོ་ཁྲིད་ལས་བྱེད་པས་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་བཏང་ནས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་དང་དབང་ཆའི་ལྟ་བ་རང་བཞིན་གྱིས་ཆགས་པར་བྱས་ཏེ། སྟེས་དབང་གི་བསམ་བློ་གཏན་ནས་མི་འཛིན་པར་རང་ཉིད་ལ་བླང་བྱ་ནན་པོ་འདོན་དགོས། རྒྱུན་དུ་རང་ཉིད་ཀྱི་བསམ་བློར་ཞིབ་ལྟ་བྱས་ཏེ། ཐ་ཤལ་གྱི་དོན་གཉེར་ཡོད་མེད་ལ་བལྟ་དགོས་པ་དང་སྲོལ་འགལ་བྱེད་ས་ཡོད་མེད་ལ་ལྟ་བ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་གིས་ཐོག་མ་ཉིད་ནས་གཟབ་ནན་བྱེད་དགོས། ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཁུངས་སོ་སོའི“གཙོ་འགན་འཁུར་མཁན”གྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཏེ། རང་གཅུན་ནན་པོ་བྱེད་པ་དང་ཆབས་ཅིག་སེམས་རྣལ་དུ་ཕབ་ནས་དོ་དམ་དང་དམ་འཛིན་ནན་པོ་བྱེད་པ་དང་། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་སྲོལ་བཟང་སྤྱོད་བཟང་གི“ཁོར་ཡུག་ཆུང་ཆུང”ལ་བརྟེན་ནས་ཁྱོན་ཡོངས་ནས་རྫོང་ཡོངས་ཀྱི་བདེ་འཇགས་ཀྱི“སྐྱེ་ཁམས་ཆེན་པོ”འཛུགས་སྐྱོང་བྱེད་དགོས་ཞེས་བསྟན།

640.jpg

ཚོགས་འདུའི་ཐོག་སྤྱོད་ཚུལ་བཟང་ན་བྱ་གཞག་དར་བས་རྫོང་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཡོན་ལས་བྱེད་པ་ཚོས་ལྟ་སྐུལ་དང་གཅུན་སྡོམ་གྱི་ཁོར་ཡུག་ནང་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་རྒྱུར་འཚམ་གང་ཐུབ་བྱེད་ཀྱི་ཡོད། རྫོང་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཚད་གཞི་ནན་པོ་མཐའ་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ཐད་སླར་ཡང་ཤུགས་སྣོན་རྒྱག་པ། ཐོག་མཐའ་བར་གསུམ་དུ་ཚད་གཞི་ནན་པོ་དང་བྱེད་ཐབས་ནན་པོ། རྣམ་པ་ནན་པོ་བཅས་རྒྱུན་འཁྱོངས་བྱེད་པ། སྒྲིག་འགལ་ངང་ཟ་འཐུང་བྱེད་པའི་གནད་དོན་བཅོས་སྒྲིག་བྱེད་པའི“བྱེད་ཐབས་དགུ”བརྩི་སྲུང་ནན་པོ་དང་མགོ་ཁྲིད་ལས་བྱེད་པས་སྒྲིག་འགལ་ངང་ལས་གཞིའི་རྣམ་གྲངས་འཛུགས་སྐྲུན་ལ་ཐེ་ཇུས་བྱེད་པར་སྔོན་འགོག་བྱེད་པའི“བཀག་རྒྱ་དགུ”སྔོན་འགོག་བྱེད་པ། སྲིད་ཇུས་ཀྱི་བླང་བྱར་ངོས་འཛིན་ཡང་དག་བྱེད་པ་བཅས་བྱས་ཏེ་ཆད་གཅོད་ནན་པོ་དང་འཇིགས་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་དགེ་མཚན་ལྡན་ལ་སྐྱོན་བྲལ་གྱི་འཕེལ་རྒྱས་ཁོར་ཡུག་ཅིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། རྫོང་ཨུའི་རྩ་འཛུགས་པུའི《མགོ་ཁྲིད་ལས་བྱེད་པ་མཐོ་དམན་གཉིས་ཀར་སྡོད་ཐུབ་པར་སྐུལ་འདེད་གཏོང་རྒྱུའི་གཏན་འབེབས》ལག་བསྟར་བྱས་ནས་མགོ་ཁྲིད་ཚན་ཁག་གི་འཁོར་སྐྱོད་དང་སྤྱི་ཡོངས་ཀྱི་གྲུབ་ཆའི་གནས་ཚུལ་དུས་བཀག་ལྟར་ཕྱོགས་བསྡུས་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་རྩ་འཛུགས་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ལས་བྱེད་པར་འགན་འཁྲི་འཁུར་དུ་འཇུག་རྒྱུར་སྐུལ་ལྕག་གཏོང་དགོས། རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པས“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ནན་ཏན་བྱས་ཏེ། ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་མཐོང་ཚེ་དུས་ཐོག་ཏུ་སེམས་གཏམ་བཤད་དེ་ཏང་ཡོན་ལས་བྱེད་པར་རྩ་འཛུགས་ནི་ཉེ་འཁོར་དུ་ཡོད་པ་དང་ལྟ་སྐུལ་ནི་མིག་མདུན་དུ་ཡོད་པ་ཚོར་དུ་འཇུག་དགོས། རིམ་ཁག་གི་སྒྲིག་བཤེར་དང་ལྟ་ཞིབ་རྩ་འཛུགས་ཀྱིས་འགན་འཁྲིར་གཞི་ཚུགས་ནས་བློ་ཁོག་ཆེན་པོས་ལྟ་སྐུལ་བྱེད་པ་དང་། “གདོང་ནག་པོ་སྟོན་ཕོད་པ”དང་དངོས་འཛིན་ནན་མོ་བྱེད་ཕོད་པ་བྱས་ཏེ་བཀག་རྒྱ་ཡོད་རུང་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་པ་ལས་སྙིང་རྗེ་གཏན་ནས་བྱེད་མི་རུང་ཞེས་ནན་གྱིས་བསྟན།

图片7.png

ཚོགས་འདུའི་ཐོག་རྫོང་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་སྔ་རྗེས་སུ་གོང་སྤར་བརྩོན་ལེན་བྱས་ནས་མཆོང་སྐྱོད་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱ་དགོས། རང་འགུལ་ངང་འགན་འཁུར་ཕོད་པ་དང་། རང་འགུལ་ངང་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམིགས་ནས་ལས་དོན་ལ་བསམ་གཞིགས་དང་ཇུས་འགོད་བྱེད་དགོས། གནས་ཚུལ་གསར་པ་དང་འགལ་བ་གསར་པ། གནད་དོན་གསར་པ། བྱ་དངོས་གསར་པ་བཅས་ཀྱི་མདུན་དུ་ངེས་པར་དུ་རང་གིས་རང་ལ་གནོན་ཤུགས་སྤྲོད་པ་དང་བྱེད་ཐབས་གསར་གཏོད་བྱེད་དགོས། “མདུན་སྐྱོད་མ་བྱས་ན་ཕྱིར་བཤོལ་ཐེབས་པ་དང་། མདུན་སྐྱོད་དལ་ན་ཕྱིར་བཤོལ་ཐེབས་པའི”བསམ་པ་དང་ཉེན་ཁའི་འདུ་ཤེས་ལ་བརྟེན་ནས་རྫོང་ཡོངས་ཀྱི་གཙོ་གནད་ལས་དོན་ཁག་ཇེ་མགྱོགས་སུ་བཏང་ནས་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། འགག་སྒྲོལ་དཀའ་སེལ་བྱེད་ཕོད་པ་བྱས་ནས་མིག་སྔའི་རྙོག་འཛིང་ཆེ་བའི་ད་ལྟའི་གནས་ཚུལ་ལ་ངེས་པར་དུ་དམ་པ་དོན་གཉེར་གྱི་ཕུལ་བྱུང་སྤྱོད་ཚུལ་ཐོག་ནས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་ལས“བྱེད་འདོད་མེད་པ་དང་ལས་ཀ་མི་བྱེད་པ། ལས་ཀ་བྱེད་མི་ཕོད་པ”བཅས་གཏན་ནས་བྱེད་མི་ཆོག

图片8.png

རྫོང་ཨུས“སྤྱོད་ཚུལ་མ་བསྒྱུར་ན་ལས་གནས་སྒྱུར་བ་དང་། རྣམ་པ་མ་བསྒྱུར་ན་མི་བརྗེ་བ”མཐའ་གཅིག་ཏུ་བྱེད་ཐུབ་པ་བྱེད་དགོས། ཏང་ཡོན་དང་ལས་བྱེད་པ་ཚང་མས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པའི་བློ་སྟོབས་དང་འགག་སྒྲོལ་དཀའ་སེལ་གྱི་སྙིང་སྟོབས་སྔར་བས་ཆེ་རུ་བཏང་སྟེ་སེམས་ནུས་ཡོད་རྒུས་ལས་དོན་ནང་ཞུགས་པ་དང་ལས་དོན་ཁག་གི་ཕན་འབྲས་དངོས་ལ་བརྟེན་ནས་མདའ་བཞིས་ཐོལ་བརྒལ་ཐུབ་པའི་ཆོད་སེམས་བརྟན་པོ་མངོན་འགྱུར་བྱ་དགོས།


མཉམ་སྤྱོད།