དེ་རིང་ནི2025ལོའི་ཟླ03པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དེ་རིང་སྙན་ཚིག་འདི་དག་བརྒྱུད་ནས་མའོ་ཙེ་ཏུང་ལ་རྗེས་དྲན་ཞུ།

2024-12-26 09:16:30   |   362

རིན་ཆེན་ཚེ་རིང་གིས་བསྒྱུར།  ཡོང་ཁུངས། མའོ་ཙེ་ཏུང་གི་སྙན་ཚིག


11.jpg

བློ་མཐུན་མའོ་ཙེ་ཏུང་ནི་རླབས་ཆེན་གྱི་མར་ཁེ་སི་རིང་ལུགས་པ་དང་། རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ། འཐབ་ཇུས་པ། རིགས་པའི་གཞུང་ལུགས་པ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་རླབས་ཆེན་གྱི་གསར་གཏོད། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱ་གཞག་གི་རླབས་ཆེན་གྱི་རྨང་གཞི་འདིང་མཁན་བཅས་ཡིན་ལ། ཉེ་རབས་ཚུན་གྱི་ཀྲུང་གོའི་རླབས་ཆེན་གྱི་རྒྱལ་གཅེས་པ་དང་མི་རིགས་དཔའ་བོ་དང་། ཏང་གི་ཀྲུང་དབྱང་མགོ་ཁྲིད་ཚོགས་པའི་མི་རབས་དང་པོའི་སྲོག་ཤིང་། ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་རང་ཉིད་ཀྱི་ལས་དབང་དང་རྒྱལ་ཁབ་ཀྱི་རྣམ་པ་རྩ་བ་ནས་འགྱུར་ལྡོག་གཏོང་མཁན་གྱི་དུས་རབས་ཀྱི་རླབས་ཆེན་མི་སྣ་ཞིག་དང་། འཛམ་གླིང་གི་གཉའ་གནོན་ཐེབས་པའི་མི་རིགས་བཅིངས་འགྲོལ་དང་མིའི་རིགས་ཡར་ཐོན་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་མཁན་གྱི་རླབས་ཆེན་གྱི་རྒྱལ་སྤྱིའི་རིང་ལུགས་པ་བཅས་ཡིན།    

དེ་རིང་ནི་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་འཁོར131ལོན་པའི་རྗེས་དྲན་ཉིན་མོ་ཡིན་ཏེ། ང་ཚོས་ཁོང་གི་པིར་རྩེ་ལས་ཐོན་པའི་སྙན་ངག་འདི་དག་བརྒྱུད་ནས་རླབས་ཆེན་གྱི་མི་སྣ་ཁོང་ཉིད་ལ་རྗེས་དྲན་ཞུ།

1.jpg

ཆིན་ཡོན་ཁྲུན།●ཁྲང་ཧྲ།

སྟོན་གྱི་གྲང་ངར་ཁྲོད་ནས་ཁེར་རྐྱང་འགྲེང་། །

ཤང་ཅང་གཙང་བོ་བྱང་ལ་དལ་གྱིས་བཞུར། །

ཅུ་ཙི་ཀྲིག་ཅེས་གླིང་ཕྲན་མིག་ལ་ལྷུང་། །

རི་བོ་ཁྲི་ཕྲག་དམར་པོ་ཚལ་གྱིས་བྱུགས། །

ལྗོན་པའི་ནགས་ཀྱི་ཕྲེང་སུལ་དེ་བཞིན་བརྒྱན། །

གཙང་བོ་ཡོངས་ནི་དྭངས་ཤིང་ལྗང་མདོག་ལྡན། །

གྲུ་གཟིངས་བརྒྱ་ཕྲག་གཅིག་ལས་གཅིག་མགྱོགས་བཞུད། །

མཁའ་རུ་ལྡིང་བའི་གླག་གིས་ནམ་མཁའ་གཤགས། །

དྭངས་གསལ་གཏིང་མཐའ་མཐོང་བའི་ཆུ་ནང་ན། །

ཉ་བརྒྱས་རྩལ་ངོམ་སེམས་ཅན་གཞན་པ་ནི། །

སྟོན་གྱི་དུས་ལ་རང་དབང་འཚོ་བ་རྩོད། །

བར་སྣང་སྟོང་བའི་ཁམས་ལ་ཁ་གཏད་དེ། །

ས་ཆེན་འདི་ཡི་དར་རྒུད་ལས་དབང་རྣམས། །

སུ་ཡིས་བདག་པོ་བྱེད་ཅེས་དྲི་བ་འཕེན། །

ལག་འཇུ་བྱས་པའི་གྲོགས་མང་འདི་རུ་རྩེས། །

མཉམ་གྲོས་བྱས་པའི་རྒྱལ་ཁབ་དོན་གྱི་གནད། །

ད་དུང་མ་བརྗེད་ལོ་ཟླ་ཡིད་ལ་འཁོར། །

མཆེད་གྲོགས་རྣམས་ནི་ན་ཚོད་དར་བའི་སྒང་། །

སྤོབས་པ་རྒྱས་ཤིང་ཡིད་རབ་ཚིམས་ནས་ནི། །

བློ་སྟོབས་ཆེན་པོའི་ཤུགས་ཀྱིས་རྒྱལ་དོན་གླེང་། །

བཟང་བསྟོད་ངན་སྨད་བྱེད་པའི་རྩོམ་ཡིག་འབྲི། །

དམག་ཤེད་དཔོན་ཆེན་རྣམས་ནི་ཐལ་བར་བལྟ། །

གཙང་བོ་དྲག་ཏུ་འབབ་སར་རྐྱལ་རྩལ་ངོམ། །

རླབས་ཀྱི་རྩེ་མོས་གྲུ་ཡི་འདེགས་མགྱོགས་འགོག །

དྲན་བཞིན་ཨེ་འདུག་བརྗེད་ཀྱིན་མེད་ལགས་སམ། །

2.jpg

ཆིང་ཕིང་ཡུས།●ཧྭོས་ཁྲང་།

ཤར་གྱི་ཕྱོགས་ནས་སྐྱ་མདའ་བཏང་རུང་ཡིན། །

ཁྱེད་རང་ཐོན་པ་སྔ་སོང་མ་གསུང་ལགས། །

ངས་ནི་རི་རླུང་བསྐོར་ཡོང་ལང་ཚོའི་སྒང་། །

གནས་འདིའི་མཛེས་ལྗོངས་ལྷག་ཏུ་ལྟ་ན་སྡུག །

ཧྭོས་ཁྲང་མཁར་གྱི་ཕྱི་རོལ་རི་བོའི་ཚོགས། །

གཅིག་ལ་གཅིག་མཐུད་ཤར་གྱི་རྒྱ་མཚོར་བསླེབས། །

འཐབ་མོ་བ་ཚོས་མཛུབ་མོས་ཀོང་ཏུང་སྟོན། །

གནས་དེའི་ཕྱོགས་ནི་ལྷག་ཏུ་སྔོ་ལྗང་ལྡན། །

3.jpg

ཡེ་ཆིན་ཨུག●ལིག་ཧྲན་ཀོན།

ནུབ་རླུང་གཡུག་ཅིང་མཁའ་ཡི་ཁྲུང་ཁྲུང་ནི། །

ཁྱུ་དང་ཁྱུ་བྱས་གྲག་བཞིན་ལྷོ་རུ་བཞུད། །

ཟླ་བ་ཉམ་ང་ས་གཞི་བ་མོས་གཡོགས། །

སྐྱ་མདའ་བཏང་བྱུང་རྟ་ཕོའི་རྨིག་སྒྲ་སྒྲོག །

དམག་དུང་བུས་བྱུང་བྲལ་བའི་འཚབ་སྣང་སྐྱེས། །

དཔའ་འཕྲང་རྡོག་ལམ་རྣོ་ལྕགས་མཛེར་མ་ཡིན། །

ཡིན་ཡང་རྡོག་རྩ་སྒྲིལ་ནས་ཡང་བསྐྱར་སྐྱོད། །

མཐིང་མདོག་རི་བོ་མཚོ་ཡི་རླབས་ལྟར་འཕྱོ། །

ལ་ཁའི་ཉི་མ་མཚལ་གྱི་མདོག་བཞིན་དམར། །

མེ་ཡི་མདངས་དང་ཁྲག་གི་ཁ་དོག་ལྡན། །

4.jpg

ཆིང་ཕིང་ཡུས།●རི་བོ་ལྱིག་ཕན།

དགུང་སྔོན་དབྱིངས་ན་སྤྲིན་དཀར་སྲབ་མོ་རྒྱུ། །

ཁྲུང་ཁྲུང་ལྷོ་ཕྱོགས་མཁའ་མཐའ་བསྙེགས་ནས་འཕུར། །

ལྕགས་རི་རིང་པོར་མ་སླེབས་དཔའ་བོ་མིན། །

མཛུབ་རྩིས་བརྒྱབ་ན་ལེ་དབར་ཉིས་ཁྲིར་སོང་། །

རི་བོ་ལྱིག་ཕན་རྩེ་མོ་དགུང་ལ་ཟུག །

ནུབ་རླུང་ལྷགས་པས་དར་དམར་ལྷབ་ལྷུབ་སྐྱོད། །

དེ་རིང་ལག་ན་སྲིད་པའི་ཞགས་པ་ཡོད། །

གདུག་ཅན་གཡུ་འབྲུག་ནམ་ཚོད་དམ་དུ་འདོགས། །

6.jpg

ཆིན་ཡོན་ཁྲུན།●གངས།

མེས་རྒྱལ་བྱང་རྒྱུད་ཡུལ་ལྗོངས་ནི། །

ལེ་དབར་སྟོང་ལ་གངས་ཀྱིས་གཡོགས། །

ཁྲི་ལ་ཁ་བའི་འདབ་མ་འཐོར། །

ལྕགས་རི་རིང་པོའི་ཕྱི་ནང་ཀུན། །

དཀར་ཆམ་ཆམ་གྱི་ཡུག་ཆེན་གཅིག །

གཙང་ཆེན་རྨ་ཆུའི་སྟོད་སྨད་ཀུན། །

གློ་བུར་རླབས་ཕྲེང་འཕྱོ་བ་འཇགས། །

རི་བོ་དངུལ་སྦྲུལ་གར་བཞིན་འཁྱུག །

སྒང་འབུར་གླང་དཀར་བཞིན་དུ་རྒྱུག །

གནམ་རྒན་མ་དང་སུ་མཐོ་འགྲན། །

ནམ་ཟླ་ཐང་བའི་དུས་སུ་ནི། །

ཉི་མའི་ཟེར་ལ་དུང་མདོག་བཀྲ །

མཛེས་པའི་ཉམས་འགྱུར་ལྟ་ན་སྡུག །

རི་ཀླུང་དེ་འདྲའི་རབ་མཛེས་པས། །

གྲངས་མེད་དཔའ་བོས་འགྲན་བཞིན་གུས། །

ཆིན་ཧྭོང་ཧན་ཝུའུ་ཡིད་རེ་ཕངས། །

རྩོམ་གྱི་སྦྱོང་བར་ཅུང་ཟད་ཆད། །

ཐང་ཐེ་ཙུང་དང་སུང་ཐེ་ཙུང་། །

རྩོམ་གྱི་རྩལ་ཡང་ཅུང་ཟད་ཞན། །

དུས་རབས་གཅིག་ལ་གྲགས་ཆེ་བའི། །

གནམ་བསྐོས་ཇིང་གུར་རྒྱལ་པོས་ནི། །

གཞུ་བཀང་གླག་གསོད་གཞན་མི་ཤེས། །

དེ་རྣམས་དུས་ཀྱི་ཕ་མཐར་འདས། །

སྐྱེས་ཆེན་དམ་པ་བགྲང་དགོས་ན། །

ད་ལྟའི་དུས་རབས་འདི་ལ་ལྟོས། །

7.jpg

ཚེག་བདུན་རྐང་བརྒྱད་སྙན་ངག●མི་དམངས་བཅིངས་འགྲོལ་དམག་གིས་ནན་ཅིན་བླངས་པ།

ཀྲུང་ཧྲན་རི་བོར་གློ་བུར་ཆར་རླུང་འཚུབ། །

དཔའ་དམག་ས་ཡ་འབྲི་ཆུའི་རབ་ཁ་བརྒལ། །

སྟག་འགྱིང་འབྲུག་འཁོར་ད་ལྟ་སྔར་ལས་བརྗིད། །

གནམ་ས་མགོ་རྟིང་བསློགས་པས་དགའ་བ་རྒྱས། །

རྒྱལ་ཁ་བླངས་ཀྱང་ད་དུང་དགྲ་ལྷག་འདུལ། །

བཙན་བདག་ཇི་བཞིན་སྙན་གྲགས་སྲུང་མི་རུང་། །

གནམ་ལ་འདང་བརྩེ་ཡོད་ན་དེ་ཡང་རྒས། །

འགྱུར་ལྡོག་འབྱུང་བ་འཇིག་རྟེན་ཆོས་ཉིད་ཡིན། །

8.jpg

ལང་ཐོ་ཧྲ།●པེ་ཏད་ཧི།

ཆར་བ་ཆེན་པོ་ཡུག་ཡན་ས་ཆར་འབབ། །

མཚོ་མོའི་རྦ་རླབས་དགུང་ལ་འཕྱུར་ཞིང་འཕྱོ། །

ཆིན་ཧྭོང་གླིང་ཕྲན་ཕྱི་ཡི་ཉ་འཛིན་གྲུ། །

ཆལ་ཆིལ་རླབས་ཕྲེང་ཉིད་ལས་ཅང་མི་མཐོང་། །

དེ་རྣམས་ས་ཕྱོགས་གང་ལ་ཕྱིན་སོང་ལགས། །

འདས་པའི་ལོ་ངོ་སྟོང་ཕྲག་ཡར་སྔོན་ལ། །

ཝེ་ཝུ་རྒྱལ་པོས་ལྕག་ཚན་དགུང་དུ་ཕྱར། །

ཤར་གྱི་ཅེ་ཧྲིར་ཕྱིན་ནས་སྙན་ཚིག་བརྩམས། །

སྟོན་རླུང་གྲང་མོ་ད་ཡང་གཡུགས་མོད་ཀྱང་། །

མི་ཡི་ཡུལ་འདི་སྔར་ནས་སོ་རྙིང་བརྗེས། །

9.jpg

ཧྲོས་ཏུའོ་ཀི་ཐུག●ཆུ་ལ་རྐྱལ་བ།

ཁྲང་ཧྲའི་ཆུ་དེ་འཐུང་མ་ཉིད་ཐག་ཏུ། །

ཝུ་ཁྲང་ཉ་ཤའི་ཟས་ཀྱི་ལོངས་སྤྱོད་ཐོབ། །

འབྲི་ཆུ་རིང་མོའི་ཕར་ཚུར་རྐྱལ་ནས་བརྒལ། །

ཁྲུའུ་ཡུལ་མཁའ་དབྱིངས་ལྷོད་ཀྱིས་རྒྱང་ལྟ་བྱས། །

རླུང་དང་རྦ་རླབས་ཅི་འདྲ་རྒོད་ན་ཡང་། །

ལྷིང་འཇགས་ཁྱམས་རར་སྤྲོ་འཆམ་བྱེད་ལས་ལྷག །

དེ་རིང་བག་ཕེབས་ང་རང་ཆུ་ལ་རྐྱལ། །

ཕ་གིར་ཁུང་ཙིས་དངན་པ་འཐེན་བཞིན་དུ། །

དུས་ནི་ཆུ་བོའི་རྒྱུན་བཞིན་འདས་འགྲོ་ཟེར། །

གཙང་བོའི་ངོས་སུ་གཡོར་གྲུ་རླུང་གིས་སྐྱོད། །

རུས་སྦྲུལ་རི་གཉིས་ལྷིང་ངེར་བརྟན་པོར་འགྱིངས། །

སེམས་ཀྱི་ངོས་སུ་བརྗིད་ཆགས་དཔེ་རིས་འཆར། །

ཟམ་ཆེན་འཕུར་ནས་ལྷོ་བྱང་ཕར་ཚུར་སྦྲེལ། །

འོབས་ཆེན་འབྲི་ཆུར་བགྲོད་ལ་བདེ་ལམ་ཆགས། །

ད་དུང་ནུབ་ཏུ་རྡོ་ཡི་རགས་བརྩིགས་ཏེ། །

ཝུ་རིའི་ཆར་ཆུ་རྒྱུག་པའི་ལམ་བཅད་ནས། །

མཐོ་གཟར་འགག་གསུམ་གཡུ་ཡི་མཚོ་མོར་བསྒྱུར། །

ལྷ་མོ་བདེར་བཞུགས་འཇིག་རྟེན་འགྱུར་ལྡོག་མཚར། །

10.jpg

པུ་སོན་ཙི།●དཔྱིད་མགོའི་མེ་ཏོག་ལ་བསྔགས་པ།

ཆར་དང་རླུང་གིས་དཔྱིད་ཀྱི་བདག་མོར་སྐྱེལ་མ་མཛད། །

ཁ་བའི་འདབ་མས་དཔྱིད་ཀྱི་དཔལ་ཡོན་ཚུར་ལ་བསུས། །

གཡང་གཟར་བྲག་རིར་འདོམ་བརྒྱའི་ཁ་དར་ཆགས་ནའང་། །

དཔྱིད་མགོའི་མེ་ཏོག་སྔར་བཞིན་བཞད་ཅིང་བཀྲག་མདངས་ངོམ། །

བཀྲག་མདངས་ཆེ་ཡང་སོས་ཀ་སླེབས་པའི་བརྡ་ཉིད་ལས། །

དཔྱིད་ཀྱི་དཔལ་ལ་ཧམ་སྤྱོད་བྱེད་བསམ་ཡེ་ནས་མེད། །

རི་ལུང་ཀུན་ལ་མེ་ཏོག་ལྷམ་མེར་བཞད་པའི་ཚེ། །

དེ་ཡི་གསེབ་ན་མངོན་ཆུང་ཉམས་ཀྱིས་དགའ་བས་འཛུམ། །

གསལ་བཤད། པར་རིས་འདི་དག་ནི་ཞིན་ཧྭ་གསར་འགྱུར་དྲ་བ་ལས་དྲངས།


མཉམ་སྤྱོད།