དེ་རིང་ནི2025ལོའི་ཟླ03པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་སྤྱི་བདེ་ཡིས་དམངས་ཀྱི་བདེ་འཇགས་དམ་པོར་སྲུང་།

2025-01-07 16:03:58   |   1888

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


དགུན་གྱི་བྱ་སྤྱོད་སྤེལ་བ་ནས་བཟུང་། མདོ་ལ་རྫོང་སྤྱི་བདེ་ཅུ་ཡིས་རང་འགུལ་ངང་འགན་འཁྲི་ཕྲག་ཏུ་བླངས་ཤིང་། ལོ་མཇུག་ལོ་འགོའི་བྱ་བ་ཁག་ལ་དམ་པོར་དམིགས་པ། སྤྱི་ཚོགས་བཅོས་སྐྱོང་གི་ཁྱད་ཆོས་ལ་གཞིགས་ནས་དོགས་ཟོན་འགོག་སྡོམ་གྱི་བྱེད་ཐབས་ཁག་ལག་ཏུ་བསྟར་ཞིང་། ཁྲིམས་འགལ་ཉེས་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བའི་བྱེད་སྟངས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་སྒོས་བདེ་འཇགས་བྱུར་རྐྱེན་ལ་ཁྱོན་ཡོངས་གྲལ་བཤེར་བྱས་ནས་ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་གི་རྣམ་པ་བརྟན་ལྷིང་རྒྱུན་འཁྱོངས་ཡོང་བའི་ཁག་ཐེག་བྱས། 

图片1.png

བདེ་བཅོས་སྐོར་ཞིབ་ལ་དམིགས་ཤིང་འགོག་སྡོམ་དྲ་བ་འཐེན་ཏེ་བདེ་འཇགས་ཀྱི་མཐའ་སྣེ་སྔར་བས་ཟབ་སར་སྣུར་སྲིང་བྱས།

དགུན་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ཆོས་ཉིད་ལ་དམིགས་ནས་ཉེན་རྟོག་གི་སྟོབས་ཤུགས་སྔར་བས་ཕྱིར་མངོན་བྱས་ཤིང་། ཚན་རིག་དང་མཐུན་པའི་ཉེན་རྟོག་པ་བཀོད་སྒྲིག ཟུར་མང་པོའི་འགོག་སྡོམ་མ་ལག་ཧུར་ཐག་གིས་བསྐྲུན་ཏེ་དུས་མཚམས་དང་ཁྱབ་ཁོངས་གཙོ་བོ་རུ་སྐོར་ཞིབ་འགོག་སྡོམ་ལས་དོན་ལ་ཤུགས་བསྣན་ཞིང་། སྲང་ལམ་ཉེན་རྟོག་དང་འགུལ་སྐྱོད་གྲ་སྒྲིག་རྒྱུན་འཁྱོངས་བྱས། “སྐར་མ1、3、5”ཡི་མགྱོགས་མྱུར་སྐྱེན་ཚོར་ལམ་སྲོལ་ལག་བསྟར་གཟབ་ནན་བྱས་ཤིང་། སྲང་ལམ་གྱི་ཐོལ་བྱུང་དོན་རྐྱེན་རྒོལ་ལན་དང་འགོག་ཟོན་ཚོད་འཛིན། རྡུང་རྡེག་ཟིལ་གནོན་ནུས་པ་མཐོ་རུ་བཏང་ནས་ཁོངས་གཏོགས་ཁུལ་དུ་བདེ་འཇགས་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་བཏོད་ཅིང་མང་ཚོགས་ལ་བདེ་སྣང་བྱིན།

640.jpg

ཉེན་ཁའི་གྲལ་བཤེར་ལ་དམིགས་ཤིང་འབྱུང་རྩའི་བཅོས་སྐྱོང་ལ་ཤུགས་བསྣན་ནས་བདེ་འཇགས་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་།

གྲལ་བཤེར་དང་མཉམ་སེལ་དུས་གཅིག་ཏུ་སྤེལ་བ་རྒྱུན་འཁྱོངས་བྱས། ཁྱིམ་ཚང་གི་རྩོད་གླེང་དང་ས་ཆའི་རྩོད་གཞི། ཁྱིམ་མཚེས་རྩོད་གཞི། རྩྭ་ས་རྩོད་པ་སོགས་ཀྱི་ཐད་ནས་གྲལ་བཤེར་ཞིབ་ཚགས་བྱས་ཤིང་། འགལ་ཟླ་རྩོད་གཞི་རིགས་ཁག་དང་མང་ཚོགས་ཀྱི་རེ་ཞུ་ཁྱོན་ཡོངས་ནས་རྒྱུས་ལོན་བྱས་ཏེ་དུས་ཐོག་ཏུ་གནད་དོན་གྱི་མགོ་མ་ནས་ཐག་གིས་བཅད་དེ་མཐའ་གྲངས་གསལ་བོ་དང་གནས་ཚུལ་མཐིལ་རྟོགས་བྱས། འགལ་ཟླ་རྩོད་གཞིའི་གྲལ་བཤེར་ཐག་གཅོད་ཀྱི་རང་འགུལ་དབང་ཆ་དམ་པོར་བཟུང་ནས་འགལ་ཟླ་རྩོད་གཞིའི་འགུལ་རྣམ་དང་མི་སྣའི་འགུལ་སྐྱོད་ཀྱི་གནས་ཚུལ་ལ་རྒྱུས་མངའ་ཡང་དག་ཡོད་པའི་སྒོ་ནས་འགོག་ཟོན་དང་འགྱུར་ལྡོག་ཆེ་བའི་རྒྱུ་རྐྱེན་ལ་ཁ་གཏོད་པའི་བྱེད་ཐབས་སྔ་མོ་ནས་བཟོས།

微信图片_20250107161240.jpg

འདུ་རའི་ལྟ་སྐུལ་ལ་དམིགས་ཤིང་སྒྲིག་འགལ་བཅོས་སྐྱོང་ལ་ཤུགས་བསྣན་ནས་བདེ་འཇགས་ཕན་འབྲས་སྔར་བས་འབུར་དུ་ཐོན།

སྔོན་འགོག་ཉེན་དོན་འདུ་ཤེས་བརྟན་པོར་བཙུགས་ཤིང་གཅིག་སྡུད་གཙང་བཤེར་དང་རྒྱུན་ལྡན་གཙང་བཤེར་ཟུང་འབྲེལ་བྱས་པར་བརྟེན། མགྲོན་ཁང་དངKTV དྲ་ཁང་། སྣུམ་སྣོན་ས་ཚིགས་སོགས་གཙོ་གནད་ཁུལ་དུ་ཁྱོན་ཡོངས་གྲལ་བཤེར་བྱས། མངའ་ཁུལ་གྱི“འདུ་གནས་ཆུང་བ་དགུའི”མེ་དང་གློག དབུགས་བཅས་ཀྱི་བེད་སྤྱོད་དང་མེ་གསོད་སྒྲིག་ཆས་བཀོད་སྒྲིག བརྙན་མིག་འཁོར་སྐྱོད། གློག་ལམ་སྒྲིག་བཀོད་དང་མགྲོན་ཁང་གི་དངོས་མིང་ཐོ་འགོད་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་ནན་ཏན་བྱས། ཤེས་རྟོགས་བྱུང་བའི་གནད་དོན་ལ་ཡུལ་དངོས་ནས་དག་ཐེར་བསམ་ཚུལ་བཏོན་པ་དང་། ཡུལ་དངོས་དག་ཐེར་དང་དུས་བཀག་དག་ཐེར་སོགས་ཀྱི་རྣམ་པ་བརྒྱུད་ནས་རྩིས་ཐོ་བཟོས་ཤིང་། བྱུར་རྐྱེན་གཙང་སེལ་ཡོང་བར་ཁག་ཐེག་བྱས་པ་དང་། “གནད་དོན་ཤེས་རྟོགས་དང་རྗེས་འདེད་དག་ཐེར། བྱུར་རྐྱེན་གཙང་སེལ”བཅས་ཀྱི་བཅོས་སྐྱོང་གདུབ་ཟུམ་ལེགས་འགྲུབ་བྱས།

640 (1).jpg

བགྲོད་ལམ་བདེ་འཇགས་ལ་དམ་པོར་དམིགས། འགྲིམ་འགྲུལ་ཁྲིམས་འགལ་ལ་དོ་དམ་གཟབ། བདེ་འཇགས་གཞི་གྲངས་སྔར་བས་མཐོར་འདེགས།

མངའ་ཁུལ་གྱི་དངོས་བབ་གཞིར་བཟུང་། ཁ་གཏད་རང་བཞིན་ཡོད་པའི་སྒོ་ནས་དགུན་དུས་འགྲིམ་འགྲུལ་བདེ་འཇགས་དོ་དམ་བྱེད་ཐབས་བཟོས་པ་དང་། གཙོ་གནད་ལམ་དུམ་དང་གཙོ་གནད་དུས་མཚམས་ལ་དམ་པོར་དམིགས་ནས་ཁྲིམས་འགལ་གནས་ཚུལ་ཞིབ་བཤེར་ཐག་གཅོད་བྱས་ཏེ། མི་གྲངས་བརྒལ་བ་དང་འཕྲུལ་རྟར་ཞོན་སྐབས་རྨོག་ཞྭ་མི་གྱོན་པ། རླངས་འཁོར་སྐོར་སྐབས་སྐྱོབ་ཐག་མི་འཆིང་བ། ཆང་འཐུང་ནས་ཁ་ལོ་བྱེད་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་གཙོ་གནད་བྱ་སྤྱོད་ཁག་ལ་ཞིབ་བཤེར་ནན་མོ་བྱས་ལ། འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་དག་ཐེར་ནུས་ཤུགས་གོང་དུ་སྤར་ནས། འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་འབྱུང་སླ་བ་དང་མང་དུ་འབྱུང་བའི་གནས་བབ་ཁྱོན་ཡོངས་ནས་འགོག་སྡོམ་བྱས།

640 (2).jpg

དགུན་འཁྱག་ལོ་ཡི་དུས་མཇུག་ལ། ཉེན་རྟགས་གཟི་བརྗིད་འོད་དུ་འཚེར། མདོ་ལ་རྫོང་སྤྱི་བདེ་ཅུ་ཡིས། སྤྱི་ཚོགས་དོ་དམ་ལས་དོན་སྔར་བས་ནན་ཏན་དང་དོན་ལྡན། ཞིབ་ཚགས་སུ་བསྒྲུབས། དགུན་དུས་བདེ་སྲུང་གི་མཐའ་མཚམས་བརྟན་པོར་བསྲུངས། བདེ་འཇགས་བརྟན་བརླིང་གི་བཅོས་སྐྱོང་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བསྐྲུན། མངའ་ཁུལ་མང་ཚོགས་ཀྱི་བདེ་སྐྱིད་དང་བདེ་འཇགས་ལེགས་པར་བསྲུངས། དངོས་ཡོད་ཀྱི་བྱ་སྤྱོད་ལ་བརྟེན་ནས་དགུན་དུས་ཀྱི“བདེ་འཇགས་སྒྲོན་མེ”གསལ་བར་བྱས།


མཉམ་སྤྱོད།