དེ་རིང་ནི2025ལོའི་ཟླ03པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་གིས་ཞིང་པ་ལས་མི128ལ་གླ་ཕོགས་སྒོར་ཁྲི176.69རྗེས་སྤྲོད་བྱས།

2025-01-16 09:00:56   |   2462

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར་མཉམ་འདྲེས་སྨྱན་སྦྱོར། བཤེར་འབེབས། རིན་ཆེན་ཚེ་རིང་།


  གསར་འགོད་པས་ཟླ1པའི་ཚེས15ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཞིང་པ་ལས་མིའི་གླ་ཕོགས་དང་གླ་ཕོགས་ཀྱི་ཁེ་དབང་སྲུང་སྐྱོང་ཏན་ཏིག་དང་གླ་ཕོགས་ཆད་ལྷག་བྱུང་བ་རྩ་བཅོས་བྱས་པའི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དུ་གཏོང་ཆེད།   མཚོ་བྱང་ཁུལ་མི་སྤྱི་ཅུས་བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ། གླ་ཕོགས་ཆད་ལྷག་བཅོས་སྐྱོང་བྱེད་པའི་དགུན་དུས་ཀྱི་བྱ་འགུལ་སྤེལ། མིག་སྔའི་བར་གླ་ཕོགས་ཆད་པའི་གནད་དོན་ཁྱོན་སྡོམ27ཐག་གཅོད་བྱས་ཤིང་། ཞིང་པ་ལས་མི128ལ་གླ་ཕོགས་སྒོར་ཁྲི176.69རྗེས་སྤྲོད་བྱས།

མཚོ་བྱང་ཁུལ་མི་སྤྱི་ཅུས་ཁུལ་གྲོང་ཁྱེར་དོ་དམ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུ་དང་མཐུན་སྦྱོར་སྒོས་ཡུལ་དངོས་ལ་ཟབ་ཞུགས་བྱས་ཏེ་ཁུལ་ཡོངས་ཀྱི་གླ་ཕོགས་ཆད་པའི་གནད་དོན་ལ་ཞིབ་བཤེར་བྱས་ཤིང་། འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས13ལ་ས་གནས་ས་ཐོག་ཏུ་ཡུལ་དངོས་བཅར་འདྲི་བྱས་པ་དང་ཁེ་ལས13ལ་ཞིབ་བཤེར་བྱས། དེ་ལས་གླ་ཕོགས་ཆད་ལྷག་གི་ཉེན་ཁ་ཚབས་ཆེན་ཡོད་པའི་ཁེ་ལས་སམ་རྣམ་གྲངས་ལ་དམིགས་ཏེ། མཚོ་བྱང་ཁུལ་མི་སྤྱི་ཅུས་དུས་ཐོག་ཏུ་“ལྟ་སྐུལ་དོ་དམ་དང་རྗེས་འདེད་”བྱས་ནས་གནད་དོན་སྔ་ཙམ་ནས་ཤེས་པ་དང་། སྔ་ཙམ་ནས་ཉེན་བརྡ་གཏོང་བ། སྔ་ཙམ་ནས་ཐག་གཅོད་བཅས་བྱ་རྒྱུའི་འགན་ལེན་བྱས།

དེ་དང་ཆབས་ཅིག མཚོ་བྱང་ཁུལ་མི་སྤྱི་ཅུས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་གྱུར་བྱས་ཏེ། འབྲེལ་ཡོད་ལས་རིགས་ཀྱི་གཙོ་གཉེར་སྡེ་ཁག་དང་མཉམ་འགུལ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་བཙུགས་ཤིང་། སྡོད་ཁང་འཛུགས་སྐྲུན་དང་། འགྲིམ་འགྲུལ་ཆུ་བེད་སོགས་གཙོ་གནད་ལས་རིགས་ཀྱི་གཙོ་གཉེར་སྡེ་ཁག་དང་འབྲེལ་མཐུད་དམ་ཟབ་རྒྱུན་འཁྱོངས་བྱས་ནས་ལས་རིགས་ནང་གི་གླ་ཕོགས་ཆད་པའི་ཉེན་ཁ་དག་སྒྲིག་ཞིབ་དཔྱད་དང་བརྡར་གཅོད་གནད་ལ་འཁེལ་བ་བྱས་ཏེ། སྔོན་འགོག་ཚོད་འཛིན་བྱེད་ཐབས་གཏན་འབེབས་བྱས།    


མཉམ་སྤྱོད།