དེ་རིང་ནི2025ལོའི་ཟླ04པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྙིང་བ་གསར་བརྗེའི་ཐད་མཚོ་སྔོན་གྱི་སྙན་ཞུ་འབུལ་མཁན་མི་ཁྲི་དགུ་ལས་བརྒལ་བ་དང་། ཁ་གསབ་སྒོར་བྱེ་བ་བརྒྱད་ལྷག་སྤྲད།

2025-03-18 15:04:41   |   1251

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགོད་པས་ཞིང་ཆེན་ཚོང་དོན་ཐིང་ནས་ཤེས་གསལ་ལྟར་ན། ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཚོང་དོན་སྡེ་ཚན་གྱིས་འཛད་སྤྱོད་ཐོན་རྫས་རྙིང་བ་གསར་བརྗེ་ཡི་མ་དངུལ་ཁ་གསབ་ལ་སྙན་ཞུ་འབུལ་མཁན་སྔ་རྗེས་སུ་ཁྱོན་སྡོམ་མི་ཐེངས92264ལ་བསླེབས་ཤིང་། དེ་ལས་མི70835ལ་ཆོག་འཐུས་ཐོབ་པ་དང་། མ་དངུལ་སྒོར8032.99ཡི་ཁ་གསབ་གཤམ་སྤྲོད་བྱས་ནས་འཛད་སྤྱོད་སྒོར་ཁྲི136327.96སྐུལ་འདེད་ཐུབ་པ་བྱུང་།

ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་སྲིད་ཇུས་ཀྱི་འདོན་སྤྲོད་ལ་ཤུགས་བསྣན་ཏེ།《མཚོ་སྔོན་ཞིང་ཆེན་གྱི2025ལོའི་ཚོང་དོན་ཁྱབ་ཁོངས་ཀྱི་འཛད་སྤྱོད་ཐོན་རྫས་གཞི་རྒྱ་ཆེ་རུ་བསྐྱེད་དེ་རྙིང་བ་གསར་བརྗེ་ལག་བསྟར་ཞིབ་སྲོལ》བཏོན་ནས་བེད་མེད་རླངས་འཁོར་གསར་བརྗེ་དང་། བརྗེ་གསོར། རླངས་འཁོར་གསར་པ་ཉོ་སྒྲུབ། ཁྱིམ་སྤྱོད་གློག་ཆས་རྙིང་བ་གསར་བརྗེ། གྲངས་ཀའི་ཐོན་རྫས་གསར་ཉོ། ཁྱིམ་ཆས་འཛད་སྤྱོད་ཐོན་རྫས་གསར་བརྗེ། ཁང་རྒྱན་གསར་བརྗེ། གློག་སྒུལ་ལྕགས་རྟ་གསར་བརྗེ་ལ་སོགས་ཁྱབ་ཁོངས་ཀྱི་འཛད་སྤྱོད་ཐོན་རྫས་གསར་བརྗེ་གསར་ཉོ་བྱེད་པར་རྒྱབ་སྐྱོར་བྱས་ཡོད་པ་མ་ཟད། ལག་བསྟར་གྱི་དུས་ཡུན་དང་། ཁ་གསབ་ཀྱི་ཚད་གཞི། སྙན་ཞུའི་གོ་རིམ་ལ་སོགས་སྲིད་ཇུས་ཀྱི་ནང་དོན་ཡང་གསལ་འབེབས་བྱས་ཡོད་ལ། ལམ་སེང་ལོ་འཁོར་གྱི་མ་དངུལ་ཐོག་མ་སྒོར་དུང་ཕྱུར4.2སྤྲད་དེ། ཁ་གསབ་སྤྲོད་ཚད་ཇེ་མགྱོགས་སུ་བཏང་ནས“བརྗེ་བྱའི་ཐོན་རྫས་སྤུས་གསར་རྒྱུན་མི་ཆད། རྙིང་བ་གསར་བརྗེའི་གོམ་སྟབས་མཚམས་མི་འཇོག”པར་འགན་ལེན་བྱ་རྒྱུ་རེད།


མཉམ་སྤྱོད།