དེ་རིང་ནི2025ལོའི་ཟླ04པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དམག་དཔོན་གྱི་བང་སོ་རུ་གནའ་རྫས་མང་པོ་རྙེད་འདུག

2025-03-21 15:05:25   |   211

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཚེས17ཉིན། ཧྲན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་ཕྱི་ཕྱོགས་ལ་ཧྲན་ཞི་ཞིང་ཆེན་ཁྲང་ཀྲི་ཧྲི་ཅ་ཀྲོང་གི་མིང་རྒྱལ་རབས་ཀྱི་སོ་ཕག་གི་བང་སོ་གཉིས(ཐོ་རྟགསM2 M3)ཀྱི་གནའ་རྫས་རྟོག་ཞིབ་དཔྱད་ཡིག་ཁྱབ་བསྒྲགས་བྱས་པ་རེད། སོ་ཕག་གི་བང་སོ་དེ་གཉིས་ཁྲང་ཀྲི་ཧྲི་ཅ་ཀྲོང་གྲོང་ཚོའི་བྱང་ཕྱོགས་ཀྱི་སྨི300ཙམ་དུ་ཡོད་པ་དང་། གཉིས་ཀ་ཐོག་གཞུ་དབྱིབས་དང་གྲུ་བཞི་ནར་མོའི་སོ་ཕག་གི་བང་སོ་ཡིན། ཁྱོན་སྡོམ་དུར་བྱང3དང་། གཡུ་རྩིའི་དུར་རྫས192སྔོག་འདོན་བྱས། དེའི་ནང་ཁང་པ་དང་། ཁྱིམ་ཆས། འཚོ་བའི་ཡོ་བྱད། ཟས་སྣོད། དུར་རྫོངས་རྫ་མི་སོགས་བང་སོའི་བདག་པོའི་ཟས་གོས་འགྲོ་འདུག་སོགས་ཕྱོགས་ཀུན་དང་འབྲེལ་ཡོད་ཅིང་། ཡོ་བྱད་ཀྱི་དབྱིབས་ཆ་ཚང་ཞིང་རིགས་མང་བས། མིང་རྒྱལ་རབས་དུས་མཇུག་གི་རྒྱལ་པོའི་ཁྱིམ་རྒྱུད་ཀྱི་འཚོ་བའི་ཡུལ་ལྗོངས་གསོན་ཉམས་དོད་པོས་བསྟན་ཡོད། ཁྲང་ཀྲི་ས་ཁུལ་གྱི་མིང་རྒྱལ་རབས་ཀྱི་དུས་མཇུག་གི་གོམས་སྲོལ་རིག་གནས་དང་སྤྱི་ཚོགས་དང་དམངས་ཀྱི་གནས་ཚུལ་ལ་ཞིབ་འཇུག་བྱེད་པར་དངོས་རྫས་ཀྱི་རྒྱུ་ཆ་གལ་ཆེན་ཁ་སྣོན་བྱས་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཁྱབ་བསྒྲགས་བྱས་པའི་གནའ་རྫས་རྟོག་ཞིབ་དཔྱད་གཞིའི་ནང་གི་བང་སོའི་བདག་པོ་གཉིས་ཀ་སྲིད་སྐྱོར་དམག་དཔོན་ཡིན་པས། རུས་རྒྱུད་དམའ་མོའི་ཁོངས་སུ་གཏོགས་པ་རེད། ས་འོག་ནས་ཐོན་པའི་ཡོ་བྱད་ཁ་ཤས་ཏེ་དཔེར་ན། གཡུ་རྩིའི་གོམ་སྟེགས་ཉལ་ཁྲི་ནི་དུར་རྫས་ཤིག་ཡིན་མོད། འོན་ཀྱང་བཟོ་རྩལ་ཡག་པོ་ལྡན་པས། མིང་རྒྱལ་རབས་ཀྱི་དངོས་སྤྱོད་ཡོ་བྱད་ལ་ཞིབ་འཇུག་བྱེད་པར་དཔྱད་གཞིའི་དོན་སྙིང་གལ་ཆེན་ལྡན། ས་འོག་ནས་ཐོན་པའི་གཡུ་རྩིའི་ཡོ་བྱད་ལ་དུར་འཇུག་གི་དུས་ཚོད་དང་བང་སོའི་བདག་པོའི་ཐོབ་ཐང་སོགས་གསལ་པོ་ཡོད་པས། རྟེན་རྫས་བཤམས་མཛོད་ཁང་མང་པོ་ཞིག་གིས་ཉར་ཚགས་བྱས་པའི་གཡུ་རྩིའི་འབྱུང་ཁུངས་རྗེས་འདེད་བྱེད་པར་དཔྱད་གཞིའི་རིན་ཐང་གལ་ཆེན་ལྡན་ཡོད།


མཉམ་སྤྱོད།