དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གྱི་ཁེ་ལས14སྐབས་ལྔ་པའི་འཛད་རྫས་འགྲེམ་ཚོགས་ཐོག་ཞུགས་པ་རེད།

2025-04-14 16:40:22   |   539

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ4ཚེས13ཉིན། “སྒོ་འབྱེད་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་དགོས”ཞེས་བརྗོད་བྱ་ཡིན་པའི་ཀྲུང་གོ་རྒྱལ་སྤྱིའི་འཛད་སྤྱོད་དངོས་རྫས་འགྲེམ་ཚོགས(གཤམ་དུ་བསྡུས་མིང་ལ“འཛད་རྫས་འགྲེམ་ཚོགས”ཞེས་བརྗོད)ཧའེ་ནན་ཞིང་ཆེན་ཧའེ་ཁོའུ་གྲོང་ཁྱེར་དུ་དངོས་སུ་མགོ་ཚུགས་པ་རེད།     

འཛད་རྫས་འགྲེམ་ཚོགས་ཞེས་པའི་རྒྱལ་ཁབ་རིམ་པའི་འགྲེམ་ཚོགས་སྟེགས་བུ་གལ་ཆེན་དེ་བེད་སྤྱོད་གང་ལེགས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་འཛད་སྤྱོད་དངོས་རྫས་རིགས་ཀྱི་ཁེ་ལས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་སུ་ཧུར་ཐག་ཞུགས་རྒྱུར་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ནང་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་གཞི་གཅིག་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། མཚོ་སྔོན་གྱིས་ཁ་སྨི200ཅན་གྱི་འགྲེམ་ཁང་ཇུས་འགོད་བྱས་ནས“མཛེས་སྡུག་མཚོ་སྔོན། མཐོ་སྒང་གི་སྤུས་ལེགས་ཐོན་རྫས”བརྗོད་བྱ་བྱས་ཏེ། ཁེ་ལས14བདམས་ནས་སྐམས་ལུག་ཤ་ཐོན་རྫས་དང་། དབྱར་རྩྭ་དགུན་འབུ། ནས་ཀྱི་ཐོན་རྫས། སྦྲང་རྩིའི་ཐོན་རྫས། འཕང་འབྲས། གཟེ་འབྲུ། སྟར་བུ། ནས་ཆང་། མཚོ་སྔོན་འཚེམ་དྲུབ་སོགས་ཞིང་ཕྱུགས་དང་མི་རིགས་ཀྱི་ལག་ཤེས་འཛད་སྤྱོད་སྤུས་ལེགས་ཐོན་རྫས་འགྲེམ་ཚོགས་སུ་འགྲེམས་སྟོན་བྱས་པ་དང་།    གཅིག་སྡུད་ཀྱིས་མཐོ་སྒང་གི་བཟའ་བཅའ་དང་། གསོ་སྐྱོང་སྤུས་ལེགས་ཐོན་རྫས། མངོན་མེད་རིག་གནས་ཐོན་རྫས་སོགས་སྣ་ཁ་བརྒྱད་ཀྱི་མཐོ་སྒང་གི་སྤུས་ལེགས་དངོས་པོ་རིགས100ལྷག་དྲིལ་བསྒྲགས་བྱས་པ་རེད།     དོ་ཁུར་བྱེད་འོས་པ་ཞིག་ནི་མཚོ་སྔོན་འཚེམ་དྲུབ་རིགས་ཀྱི་རིག་གནས་ཐོན་རྫས་ཐོག་མར་འཛད་རྫས་འགྲེམ་ཚོགས་སུ་འགྲེམས་སྟོན་བྱས་ནས་མཚོ་སྔོན་གྱི་རིག་གནས་རྨང་གཞི་མངོན་པ་རེད།     བྱེད་སྒོའི་རིང་འགྲེམས་ཞུགས་ཁེ་ལས་ཀྱིས་རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་སྟེགས་བུ་བརྒྱུད་ནས“དྲ་ཐོག་དང་དྲ་འོག”གི་དུས་མཚུངས་འགྲེམ་ཚོང་མངོན་འགྱུར་བྱུང་བ་རེད།

འཛད་རྫས་འགྲེམ་ཚོགས་ནི་ཚོང་དོན་པུ་དང་ཧའེ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཉེར་བ་ཞིག་ཡིན་པ་དང་། དེ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་འཛད་རྫས་སྤུས་ལེགས་འགྲེམ་ཚོགས་ཡིན། སྐབས་འདིའི་འཛད་རྫས་འགྲེམ་ཚོགས་ཀྱིས་མུ་མཐུད་དུ“སྒོ་འབྱེད་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་པ”བརྗོད་བྱ་བྱས་པ་ཡིན། གོ་ལ་ཧྲིལ་པོའི་རྒྱལ་ཁབ70ལྷག་ཙམ་དང་ས་ཁུལ་ཀྱི་ཁེ་ལས1700ལྷག་ཙམ། སྤུས་རྟགས4100ལྷག་ཙམ་འགྲེམ་ཚོགས་ནང་ཞུགས་པ་དང་བྱེད་སྒོ་དེ་ཚེས18བར་འཚོག་རྒྱུ་རེད།



མཉམ་སྤྱོད།