དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རང་རྒྱལ་གྱི་ཡིག་སྒྱུར་ལས་དོན་པ་མི་ཁྲི680.8སླེབས་ཡོད།

2025-04-24 16:08:08   |   336

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  ཞིན་ཧྭ་གསར་འགྱུར་ཁང་།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ4པའི་ཚེས24ཉིན། ཀྲུང་གོའི་ཕྱི་རྒྱལ་སྐད་ཡིག་ཅུས་གཙོ་གཉེར་བྱེད་པའི་ཀྲུང་གོ་ཡིག་སྒྱུར་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི《2025ལོའི་ཀྲུང་གོའི་ཡིག་སྒྱུར་ལས་རིགས་འཕེལ་རྒྱས་ཀྱི་སྙན་ཞུ》ལས་མངོན་པ་ལྟར་ན། 2024ལོའི་ལོ་མཇུག་བར། རང་རྒྱལ་གྱི་ཡིག་སྒྱུར་ལས་དོན་པ་མི་ཁྲི680.8སླེབས་ཡོད། ཤེས་ལྡན་མི་སྣ་རྒྱུན་མཐུད་འཚར་ལོངས་བྱུང་བཞིན་ཡོད་པ་དང་ལས་རིགས་ཀྱི་སྤྱིའི་དགོས་མཁོ་སྔར་བཞིན་ཆེ་རུ་འགྲོ་བཞིན་ཡོད། ཡིག་སྒྱུར་ཞབས་ཞུའི་ཁྱབ་རྒྱ་དེ་སྐད་ཡིག་ཞབས་ཞུ་ནས་ནང་དོན་ཞབས་ཞུའི་ཕྱོགས་སུ་རྒྱ་སྐྱེད་བྱུང་ནས། རྒྱལ་སྤྱིའི་བརྒྱུད་སྤེལ་དང་རྒྱལ་སྤྱིའི་ཁྲོམ་རའི་ཚོང་གཉེར་སོགས་ཀྱི་ནང་དོན་རིམ་བཞིན་ཡིག་སྒྱུར་ཁེ་ལས་ཀྱི་ལས་སྒོའི་ཁྱབ་ཁོངས་སུ་འཇུག་བཞིན་ཡོད།

123.jpg

མཐོ་སློབ་ཀྱི་ཡིག་སྒྱུར་རིག་ཚན་འཛུགས་སྐྱོང་བྱས་ཚུལ་ལ་བལྟས་ན། ཞིབ་ཕྲའི་ཁྱབ་ཁོངས་ཀྱི་ཡིག་སྒྱུར་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་སྔར་བས་ཤུགས་སྣོན་བྱེད་ཀྱིན་ཡོད། དེ་དག་ཕྱི་དོན་ཕྱི་འབྲེལ་དང་བཟོ་ལས་བཟོ་སྐྲུན། ཚན་རྩལ་དང་མིས་བཟོས་རིག་ནུས། སྨན་རྫས་སོགས་ཞིབ་ཕྲའི་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་རེད།


མཉམ་སྤྱོད།