དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སི་ཁྲོན་ཞིང་ཆེན་སྤོས་ལྡན་བོད་ཡིག་གཙུག་ལག་རྟེན་མཛོད་གླིང་དངོས་སུ་སྒོ་འབྱེད་གནང་པ་རེད།

2025-05-19 09:10:44   |   297

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཁམས་པའི་བརྙན་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


2025ལོའི་ཟླ5པའི་ཚེས18ཉིན། སྐབས49པའི་རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཁང་གི་ཉིན་མོར། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་གཙུག་ལག་རྟེན་མཛོད་གླིང་ཐོག་མ་སྟེ། སི་ཁྲོན་ཞིང་ཆེན་སྤོས་ལྡན་བོད་ཡིག་གཙུག་ལག་རྟེན་མཛོད་གླིང་དངོས་སུ་སྒོ་འབྱེད་གནང་པ་རེད།

1.jpg

སི་ཁྲོན་ཞིང་ཆེན་སྤོས་ལྡན་བོད་ཡིག་གཙུག་ལག་རྟེན་མཛོད་གླིང་ནི་སི་ཁྲོན་ཞིང་ཆེན་དམངས་སྲིད་ཐིང་གི་ཆོག་མཆན་ཐོབ་པ་དང་སི་ཁྲོན་ཞིང་ཆེན་རིག་དངོས་ཅུ་ཡིས་ལས་དོན་གཙོ་སྐྱོང་གནང་ནས་བཙུགས་པ་ཞིག་ཡིན་ལ། དེར་བོད་ཡིག་གནའ་དཔེ་འཚོལ་བསྡུ་དང་ལེགས་སྒྲིག མྱུར་སྐྱོབ། སྲུང་སྐྱོབ། ཞིབ་འཇུག བེད་སྤྱོད་དང་སློབ་གསོ་སོགས་གཞི་གཅིག་ཏུ་འདུས་པའི་གཙུག་ལག་རྟེན་མཛོད་གླིང་ཞིག་ཀྱང་རེད།

2.jpg

སྒོ་འབྱེད་མཛད་སྒོའི་ཐོག་འབྲེལ་ཡོད་དབུ་ཁྲིད་དང་ཆེད་ལས་མཁས་པ་སོགས་ལས་རིགས་སོ་སོའི་སྐུ་མགྲོན་མང་པོ་ཕེབས་ནས་རྟེན་མཛོད་གླིང་གི་སྐོར་ནས་གཏམ་བཤད་གང་མང་གནང་ཞིང་། རིག་གནས་ཀྱི་བྱ་གཞག་འདིའི་དུས་རབས་ཀྱི་རིན་ཐང་དང་། གནའ་དཔེ་འགྲེམས་སྟོན། སྤྱི་ཚོགས་སློབ་གསོ། གསོ་སྦྱོང་བགྲོ་གླེང་སོགས་ཀྱི་སྐོར་ནས་གདེང་འཇོག་ཚད་མཐོན་པོ་གནང་བ་རེད།

3.jpg

སྒོ་འབྱེད་མཛད་སྒོའི་ཐོག་ད་དུང་སི་ཁྲོན་ཞིང་ཆེན་སྤོས་ལྡན་བོད་ཡིག་གཙུག་ལག་རྟེན་མཛོད་གླིང་གི་ཏང་ཀྲི་པུའི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་བར་མ་ཟད། སི་ཁྲོན་ནུབ་རྒྱུད་གནའ་དཔེ་ཉམས་གསོ་ལྟེ་གནས་ཀྱི་ཀྲུའུ་རེན་ཕིན་ཁེ་དང་སི་ཁྲོན་ཞིང་ཆེན་སྤོས་ལྡན་བོད་ཡིག་གཙུག་ལག་རྟེན་མཛོད་གླིང་གི་གླིང་གཙོ་རྟ་མགྲིན་སྐྱབས་གཉིས་ཀྱིས་འཐབ་ཇུས་མཉམ་ལས་ཀྱི་གན་རྒྱ་བཞག་པ་དང་། གཞན་ཡང་གསུང་རབ་རྟེན་མཛོད་གླིང་གིས་དཔེ་རྙིང་ཞིབ་འཇུག་དང་། གནའ་དཔེ་སྲུང་སྐྱོབ། དངོས་མང་བཤམ་སྟོན་ཁང་གི་དོ་དམ་སོགས་ཀྱི་ཐད་ནས་ཉམས་མྱོང་ཕུན་སུམ་ཚོགས་པའི་ཆེད་མཁས་པ་སྐོར་ཞིག་ལ་བློ་འདྲི་དང་། རྟེན་མཛོད་གླིང་གི་མཚན་འཛིན་གླིང་གཙོ། ཆེད་མཁས་པ་བཅས་ཀྱི་དཔང་ཡིག་སྤྲད་པ་རེད།

4.jpg

ད་ལྟ་རྟེན་མཛོད་གླིང་དུ་གནའ་དཔེ་ཁྲི་གཅིག་ལྷག་གཅེས་ཉར་བྱས་ཡོད་ལ། སི་ཁྲོན་ཞིང་ཆེན་རིག་དངོས་ཅུ་རྒྱལ་ཁབ་རིག་དངོས་གསལ་འབྱེད་ས་ཚིགས་ཀྱི་ཆེད་མཁས་པའི་གསལ་འབྱེད་བྱས་པ་བརྒྱུད། རིམ་པ་དང་པོའི་རིག་དངོས་པོད16དང་། རིམ་པ་གཉིས་པའི་རིག་དངོས་པོད48དང་། རིམ་པ་གསུམ་པའི་རིག་དངོས་ཁག་པོད147དང་། སྤྱིར་བཏང་གི་རིག་དངོས90བཅས་ཡོད། ནང་དོན་གྱི་ཆ་ནས་ལོ་རྒྱུས་དང་རིག་གནས། སྒྱུ་རྩལ། གསོ་རིག་སོགས་རིག་ཚན་གང་མང་འདུས་ལ། ཁྱད་པར་དུ་ཏུན་ཧོང་གཏེར་ཡིག་དང་བཀའ་བསྟན་གསེར་བྲིས་མ་དང་དངུལ་བྲིས་མ་སོགས་རིན་ཐང་གཞལ་དུ་མེད་པའི་རིག་དངོས་ཕུན་སུམ་ཚོགས་པོ་ལྡན་ཞིང་། རིག་དངོས་དག་སྡེ་ཚན་བཅུ་གསུམ་དུ་དབྱེ་ནས་བཤམས་སྟོན་གནང་ཡོད།

5.jpg

གཞན་ད་དུང་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོབ་སྒྲིག་ཆས་བཀོལ་ནས་གནའ་དཔེ་རྩ་ཆེན་དག་ལ་འོས་ཤིང་འཚམ་པའི་ཉར་ཚགས་ཀྱི་ཁོར་ཡུག་བསྐྲུན་ཡོད། སི་ཁྲོན་ཞིང་ཆེན་སྤོས་ལྡན་བོད་ཡིག་གཙུག་ལག་རྟེན་མཛོད་གླིང་དབུ་བརྙེས་པ་ལས། སི་ཁྲོན་ས་ཁུལ་གྱི་རིག་གནས་ཀྱི་ཁྱབ་ཁོངས་ལ་མཛེས་རྒྱན་སྤྲས་ཡོད་པར་མ་ཟད། རིག་གནས་སྤེལ་རེས་ཀྱི་འབྲེལ་ཟམ་གལ་ཆེན་ཞིག་ཏུ་གྱུར་པས། བོད་ཡིག་གི་གཙུག་ལག་རིག་གནས་འགྲེམས་སྟོན་དང་ཁྱབ་སྤེལ་བྱས་པ་བརྒྱུད་ནས། མི་རིགས་བར་གྱི་རིག་གནས་སྤེལ་རེས་དང་། ཕན་ཚུན་རྒྱུས་ལོན་ཟབ་མོ་ཡོང་བར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྔར་བས་ཇེ་དྲག་གཏོང་རྒྱུ་ཡིན་པ་རེད།

6.jpg


མཉམ་སྤྱོད།