དེ་རིང་ནི2025ལོའི་ཟླ08པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲོད་ཚད་མཐོ་བ་དང་དྲག་ཆར་གྱི་སྔོན་བརྡ་གཉིས་བཏང་འདུག

2025-08-28 10:07:27   |   71

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།   ཀྲུང་གོ་གསར་འགྱུར་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།  


ཀྲུང་གོ་གསར་འགྱུར་དྲ་བ་ནས་ཟླ8པའི་ཚེས28ཉིན་འབྱོར་བའི་གློག་འཕྲིན། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས28ཉིན། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲོད་ཚད་མཐོ་བའི་སྔོན་བརྡ་སེར་པོ་དང་དྲག་ཆར་གྱི་སྔོན་བརྡ་སྔོན་པོ་བཏང་འདུག 

དྲོད་ཚད་མཐོ་བའི་སྔོན་བརྡ་སེར་པོ། 

0003.jpg

སྔོན་དཔག་བྱས་ན་ཟླ8པའི་ཚེས28ཉིན་གྱི་ཉིན་མོར། ཞིན་ཅང་ཐུའུ་ལུའུ་ཧྥན་གཤོང་ས་དང་། ཧྲན་ཏུང་དབུས་ལྷོ་རྒྱུད། ཧོ་ནན་ཤར་རྒྱུད་དང་ལྷོ་རྒྱུད། ཨན་ཧུའེ། ཅང་སུའུ། ཧྲང་ཧའེ། ཧུའུ་པེ། ཧུའུ་ནན། ཅང་ཞི །ཀྲེ་ཅང་གི་ས་ཆ་མང་ཆེ་བ། ཧྥུའུ་ཅན་གཤོང་སའི་ཤར་རྒྱུད། ཁྲུང་ཆིང་། ཀུའེ་ཀྲོའུ་ཤར་རྒྱུད། ཀོང་ཞིའི་བྱང་ཤར་རྒྱུད། ཀོང་ཏུང་བྱང་རྒྱུད་སོགས་སུ་དྲོད་ཚད35℃ཡན་གྱི་གནམ་གཤིས་ཡོད་པ་དང་། དེའི་ཁྲོད། ཧྲན་ཏུང་གི་དབུས་ལྷོ་རྒྱུད་དང་ཧུའུ་ནན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཅང་སུ་དང་ཨན་ཧོས་ལྷོ་རྒྱུད། ཧོ་པེའི་ས་ཆ་མང་ཆེ་བ། ཧོ་ནན་གྱི་དབུས་བྱང་རྒྱུད། ཅང་ཤིས་དབུས་བྱང་རྒྱུད། ཀྲེ་ཅང་གི་བྱང་རྒྱུད། སི་ཁྲོན་གཤོང་སའི་བྱང་ཤར་རྒྱུད། ཁྲོམ་ཆེན་གྱི་དབུས་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆེས་མཐོ་བའི་དྲོད་ཚད37~39℃ཡིན་པ་དང་། ཁྲོམ་ཆེན་གྱི་དབུས་བྱང་རྒྱུད་དང་ཧོ་ནན་གྱི་ནུབ་བྱང་རྒྱུད་སོགས་ས་ཁུལ་གྱི་དྲོད་ཚད40℃ཡན་ཏུ་སླེབས་རྒྱུ་རེད། 

དྲག་ཆར་གྱི་སྔོན་བརྡ་སྔོན་པོ།

0004.jpg

སྔོན་དཔག་བྱས་ན། ཟླ8པའི་ཚེས28ཉིན་གྱི་ཆུ་ཚོད08ནས་ཚེས29ཉིན་གྱི་ཆུ་ཚོད08བར་ཅི་ལིན་ཤར་རྒྱུད་དང་། ལེའོ་ཉིང་དབུས་ཤར་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཀན་སུའུ་ཤར་རྒྱུད་དང་ལྷོ་རྒྱུད། ཧྲན་ཤིས་དབུས་ལྷོ་རྒྱུད། ཧྲན་ཏུང་དབུས་བྱང་རྒྱུད། ཧོ་ནན་ནུབ་རྒྱུད། ཧོ་པེའི་ནུབ་བྱང་རྒྱུད། སི་ཁྲོན་བྱང་རྒྱུད་ས་མཐོ། སི་ཁྲོན་གཤོང་སའི་ནུབ་རྒྱུད་དང་ལྷོ་རྒྱུད། ཡུན་ནན་བྱང་ཤར་རྒྱུད། ཀོང་ཏུང་དབུས་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་ཆེན་པོ་ནས་དྲག་ཆར་འབབ་རྒྱུ་རེད། དེའི་ཁྲོད། སི་ཁྲོན་གཤོང་སའི་ནུབ་རྒྱུད་དང་ཀོང་ཏུང་གི་ལྷོ་ནུབ་མཚོ་འགྲམ་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།(ཧའོ་སྨི100~200) གོང་གི་ས་ཁུལ་ཁ་ཤས་སུ་དུས་ཐུང་གི་ཆར་ཆུ་དྲག་པོ་(ཆེས་ཆེ་བའི་ཆར་ཆུ་འབབ་ཚད་ཧའོ་སྨི20-50དང་། ས་ཁུལ་ཁ་ཤས་སུ་ཧའོ་སྨི70ལས་བརྒལ་བ)ཡོད་པ་དང་། ས་ཁུལ་ཁ་ཤས་སུ་ཐོག་རྒྱག་པ་དང་རླུང་ཆེན་པོ་སོགས་ཀྱི་གཏད་རྒྱུག་གནམ་གཤིས་འབྱུང་རྒྱུ་རེད། 


མཉམ་སྤྱོད།