དེ་རིང་ནི2025ལོའི་ཟླ08པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚའི་སྐལ་བཟང་ཉི་མ"ཀྲུང་གོའི་མི་བཟང"གི་མིང་ཐོའི་ནང་བདམས།

2025-08-28 15:16:22   |   203

རྩོམ་སྒྲིག    སངས་དོན།    ཡོང་ཁུངས།  མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།    བཤེར་འབེབས།    རིན་ཆེན་ཚེ་རིང་།


666.jpg

ཟླ8པའི་ཚེས27ཉིན། 2025ལོའི"ཀྲུང་གོའི་མི་བཟང་མིང་ཐོ"ཐེངས་གཉིས་པ་ཁྱབ་བསྒྲགས་བྱེད་པའི་མཛད་སྒོ་དང་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན་དང་ཉེ་འགྲམ་མི་བཟང་གི་ཡུལ་དངོས་བསམ་བློ་བརྗེ་རེས་བྱེད་སྒོ་ཧེ་ལུང་ཅང་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་དུ་སྤེལ་ལ། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་རྐང་ཚ་རྫོང་སྤྱི་བདེ་ཅུའི་བདེ་འཇགས་རུ་ཆེན་གྱི་ལས་རོགས་ཉེན་རྟོག་པ་སྐལ་བཟང་ཉི་མ2025ལོའི"ཀྲུང་གོའི་མི་བཟང་མིང་ཐོ"ཐེངས་གཉིས་པའི་ནང་བདམས།

8888.png

སྐལ་བཟང་ཉི་མ། ཕོ། བོད་རིགས། 1993ལོའི་ཟླ4པར་སྐྱེས། མཚོ་སྔོན་ཞིང་ཆེན་རྐང་ཚ་རྫོང་སྤྱི་བདེ་ཅུའི་ལས་རོགས་ཉེན་རྟོག་པ་ཡིན། ཁ་བ་དཀར་པོས་རི་རྒྱ་བསྡམས་པའི་དུས་ཤིག་ལ་ཁོས་མུན་ནག་གི་མཚན་ལམ་བརྒལ་ནས་ཚེ་སྲོག་ཅིག་གི་རྒྱུ་བ་བསྲིང་། གསོན་དུ་རེ་བའི་ཁོ་ཐག་ཆད་པའི་ཚེ་སྲོག་ཤིག་གི་མདུན་ནས་ཁོས་རང་ལུས་འདོམ་གང་དཔང་དུ་བཞག་ནས་ཤི་གསོན་ལས་བརྒལ་བའི་ཟམ་པ་བཙུགས། སྤྱི་ལེ500ཡི་དར་ལམ་ཕྲེད་ཀྱིས་བཅད་ནས་ཚེ་སྲོག་ཤིག་ལ་འོད་སྣང་བསྐྲུན་པའི་གཏམ་རྒྱུད་བྲིས།


མཉམ་སྤྱོད།