དེ་རིང་ནི2025ལོའི་ཟླ09པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གུང་གསེང་གཏོང་བའི་བརྡ་སྦྱོར་གསར་ཤོས། ཉིན8ལ་གུང་གསེང་གཏོང་རྒྱུ་རེད།

2025-09-02 09:41:48   |   246

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ནུབ་མཚོ་གྲོང་ཁྱེར་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


དབྱར་གནང་མཇུག་རྫོགས་པ་ན། མི་མང་པོ་ཞིག་གིས་ཐེངས་རྗེས་མའི་གུང་གསེང་ནི་ནམ་ཞིག་ཡིན་ནམ་ཞེས་འདྲི་བཞིན་ཡོད། ཅུང་ཙམ་སྒུག་དང་། ཐེངས་རྗེས་མའི་གུང་གསེང་ལའང་ཐག་མི་རིང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི2025ལོའི་དུས་ཆེན་དང་གུང་གསེང་ཁག་ཅིག་བཀོད་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་ལྟར་ན། ད་ལོའི་ཐེངས་རྗེས་མའི་དུས་ཆེན་དང་གུང་གསེང་ནི་རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་ཡིན་ཏེ། རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་ལ་མཉམ་དུ་ཉིན8ལ་གུང་གསེང་གཏོང་རྒྱུ་རེད། ཟླ10པའི་ཚེས1ཉིན(གཟའ་ལྷག་པ)ནས་ཚེས8ཉིན(གཟའ་ལྷག་པ)བར་ངལ་གསོའི་གནང་བ་སྟེར་རྒྱུ་དང་། ཟླ9པའི་ཚེས28ཉིན(གཟའ་ཉི་མ)དང་ཟླ10པའི་ཚེས11ཉིན(གཟའ་སྤེན་པ)ལས་ཞུགས་བྱེད་དགོས།

111.jpg

གཞན་ཡང་། ད་ལོའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སྐབས་ཏེ། ཟླ10པའི་ཚེས1ཉིན་ནས་ཚེས8ཉིན་གྱི་ཆུ་ཚོད24བར། རིན་བསྡུའི་གཞུང་ལམ(གནམ་གྲུ་ཐང་གི་མྱུར་བགྲོད་གཞུང་ལམ་དང་། རིན་བསྡུའི་ཟམ་པ། ཕུག་ལམ་བཅས་ཚུད)ཚང་མའི་ཐོག་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་འགྲོ་སྐྱོད་བྱེད་པར་རིན་མི་དགོས། ཟླ10པའི་ཚེས9ཉིན་གྱི་ཆུ་ཚོད0པ་ནས་བཟུང་རྒྱུན་ལྡན་ལྟར་གླ་རིན་བསྡུ་བ་སླར་གསོ་བྱེད་རྒྱུ་རེད།


མཉམ་སྤྱོད།