དེ་རིང་ནི2025ལོའི་ཟླ09པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ཆེན20དང་གཅིག་གྱུར་འཆར་འགོད་ཁུལ80%ཙམ་གྱིས་བུ་བཙའི་གསབ་དངུལ་ཐད་ཀར་མི་སྒེར་ལ་རྩིས་སྤྲོད་བྱེད་པ་མངོན་འགྱུར་བྱས།

2025-09-02 16:55:08   |   44

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ས་གནས་སོ་སོའི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་བུ་བཙའི་གསབ་དངུལ་རྩིས་སྤྲོད་བྱེད་པའི་བརྒྱུད་རིམ་ཇེ་ལེགས་སུ་གཏོང་བར་ཧུར་ཐག་གིས་སྐུལ་འདེད་བཏང་བ་དང་། བུ་བཙའི་གསབ་དངུལ་ཐད་ཀར་མི་སྒེར་ལ་རྩིས་སྤྲོད་བྱེད་པར་རྒྱུན་མཐུད་ངང་བཀོད་གཏོང་བྱས་ནས། མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་དངོས་གནས་ཇེ་མཐོར་བཏང་། ཟླ6པ་ནས་བཟུང་། ཧོ་པེ་དང་། ཀྲེ་ཅང་། ཅི་ལིན། ཡུན་ནན། ཧོ་ནན་སོགས་ཞིང་ཆེན་གྱིས་སླར་ཡང་ཞིང་ཆེན་ཡོངས་སུ་ཁྱོན་ཡོངས་ནས་བུ་བཙའི་གསབ་དངུལ་མི་སྒེར་ལ་རྩིས་སྤྲོད་བྱེད་པ་སྔ་རྗེས་སུ་ཁྱབ་སྤེལ་བཏང་ཡོད། ཉེ་ཆར་སི་ཁྲོན་ཞིང་ཆེན་གྱིས་དངོས་སུ་ཡིག་ཆ་དཔར་འགྲེམ་བྱས་ཏེ། ཟླ9པའི་ཚེས1ཉིན་ནས་བཟུང་ཞིང་ཆེན་ཡོངས་སུ་བུ་བཙའི་གསབ་དངུལ་ཐད་ཀར་མི་སྒེར་གྱི་ལག་ཏུ་འབྱོར་བ་མངོན་འགྱུར་བྱས། མིག་སྔར་རྒྱལ་ཡོངས་ཀྱི་ཞིང་ཆེན20(ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་འདུས)ཡིས་ཁྱོན་ཡོངས་ནས་བུ་བཙའི་གསབ་དངུལ་ཐད་ཀར་མི་སྒེར་ལ་རྩིས་སྤྲོད་བྱས་ཡོད་དེ། དེ་དག་ནི་ཧོ་པེ་དང་། ཧྲན་ཞི། ནང་སོག ཅི་ལིན། ཧེ་ལུང་ཅང་། ཧྲང་ཧའེ། ཀྲེ་ཅང་། ཧྥུ་ཅན། ཧྲན་ཏུན། ཧོ་ནན། ཧའེ་ནན། ཁྲུང་ཆིང་། སི་ཁྲོན། ཡུན་ནན། བོད་ལྗོངས། ཀན་སུའུ། མཚོ་སྔོན། ཉིང་ཞ། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཡིན། བུ་བཙའི་གསབ་དངུལ་ཐད་ཀར་མི་སྒེར་ལ་རྩིས་སྤྲོད་བྱེད་པ་མངོན་འགྱུར་བྱེད་པའི་གཅིག་གྱུར་འཆར་འགོད་ཁུལ་གྱི་སྡུར་ཚད80%ཙམ་ལ་སླེབས་ཡོད།

གཅིག་གྱུར་འཆར་འགོད་ཁུལ་སོ་སོའི་བུ་བཙའི་གསབ་དངུལ་རྩིས་སྤྲོད་བྱས་པའི་བྱེ་བྲག་གི་གནས་ཚུལ་གཤམ་གྱི་རེའུ་མིག་ལྟར།

222.png 


མཉམ་སྤྱོད།