དེ་རིང་ནི2025ལོའི་ཟླ12པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2025ལོའི་དགུན་དུས་མཚོ་བྱང་གནས་སྐོར་གྱི་མགོ་བརྩམ་ལ་ཉེ།

2025-12-03 09:17:06   |   249

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


2025ལོའི་དགུན་དུས་མཚོ་བྱང་ལ་གནས་སྐོར་བྱེད་པའི་བྱེད་སྒོ་མགོ་ཚུགས་མཛད་སྒོ་སླེབས་ལ་ཉེ་བའི་སྐབས་འདིར། ང་ཚོས་ལྷག་བསམ་རྣམ་དག་གིས་ལས་རིགས་སོ་སོའི་སྐུ་མགྲོན་དང་གྲོགས་པོ། གནས་སྐོར་བ་དག་ཟླ12པའི་ཚེས6ཉིན་སྨོན་ལམ་མཐོན་པོར་མཉམ་དུ་འཛོམས་ཏེ་ཞོགས་པའི་ཉི་ཟེར་དང་བསྡོངས་ནས་མཚོ་བྱང་གི་དགུན་དུས་ཀྱི་མཛེས་ལྗོངས་ལ་ཐེངས་ཤིག་རོལ་བར་གདན་ཞུ་བྱས་པ་ཡིན།

ཞོགས་པ་སྔ་མོ་ནས་ལངས་ཏེ་མཐོ་སྒང་གི་ཞོགས་པའི་ཉི་ཤར་ལ་ལྟ་རུ་འགྲོ། མདོ་ལ་རི་རྒྱུད་ནི་ཤེལ་དཀར་བོའི་མཆོད་རྟེན་ཞིག་དང་འདྲ་ལ། མཚོ་སྔོན་པོ་ནི་དངུལ་དཀར་གྱི་མེ་ལོང་ཞིག་དང་འདྲ། སྨོན་ལམ་མཐོན་པོར་སྤྲིན་གྱི་རྒྱ་མཚོའི་རྦ་རླབས་འཕྱུར་ལ། གསེར་མདོག་གི་ཉི་འོད་རྩྭ་ཐང་ཡོངས་ལ་འཕྲོས་པ་དང་བསྟུན་ནས་དགུན་དུས་མཚོ་བྱང་ལ་གནས་སྐོར་བྱེད་པའི་ཆེས་བརྗིད་ཉམས་ལྡན་པའི་རྣམ་པ་དེའང་མགོ་བརྩམ་ལ་ཉེ། གསར་བརྗེའི་གླུ་གཞས་ཀྱིས་མི་སེམས་འགུལ་བའི་འདས་སོང་གི་ལོ་ཟླར་ཕྱིར་དྲན་བྱེད་བཞིན་ཡོད་དེ། ཀྲུང་ཧྭ་མི་རིགས་ཀྱི་མགོ་བོ་ཡར་ལ་དགྱེ་སའི་གསར་བརྗེའི་གཤིན་ས་སྣུམ་པོ་འདི་རུ་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་དགུན་དུས་ཀྱི་མཐོ་སྒང་ལ་དྲོད་ཀྱིས་ཁེངས་པའི་གསོན་ཤུགས་གསར་བ་ཞིག་བསྩོལ་བཞིན་མཆིས། གྲང་ངར་ཆེ་བའི་དགུན་གཞུང་འདིར་ང་ཚོས་མཚོ་བྱང་གི་ཞིམ་མངར་ལྡན་པའི་རྒྱ་ཁོག་དང་ཞིམ་ཟས་ལ་རོལ་བཞིན་མཉམ་དུ་དགུན་དུས་མཚོ་བྱང་ལ་གནས་སྐོར་བྱེད་པའི་བསམ་འདུན་གླེང་།

ཐེངས་འདིར་ཞོགས་པ་སྔ་མོ་ནས་སྨོན་ལམ་མཐོན་པོར་བསྐྱོད་པ་དེ་ནི2025ལོའི་དགུན་དུས་མཚོ་བྱང་གནས་སྐོར་རམ་ཁྲི་ཤོར་རྒྱལ་མོའི་མཚོ་དར་དུས་ཆེན་དང་མདོ་ལ་རིང་མོའི་གངས་འཁྱག་དུས་ཆེན་དངོས་སུ་མགོ་བརྩམ་པ་ཞིག་ཡིན་ལ། རང་བྱུང་དང་མི་ཆོས་རིག་གནས་སྣང་ཚུལ་སྣ་ཚོགས་མཉམ་འདྲེས་དང་སྲོལ་རྒྱུན་དར་སྤེལ་གཏོང་བ་ཞིག་ཀྱང་ཡིན་པས། ང་ཚོས་གོམ་པའི་འདེགས་འཇོག་མཐོ་སྒང་གི་གནས་མཆོག་འདིར་སྤོས་ནས་མཉམ་དུ་དགུན་དུས་མཚོ་བྱང་གནས་སྐོར་གྱི་ལེའུ་གསར་བ་རྩོམ་པར་བྱ།

ང་ཚོས་སྨོན་ལམ་མཐོན་པོ་ནས་ཁྱེད་དང་མཉམ་དུ་དོན་སྙིང་ལྡན་པའི་འདུ་འཛོམས་གཟབ་རྒྱས་འདིར་ཞུགས་རྒྱུར་སྒུག་ཡོད།


མཉམ་སྤྱོད།