དེ་རིང་ནི2026ལོའི་ཟླ01པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ལ་ཞབས་ཞུ་སྒྲུབ་ཏུ་ཡོང་བའི་འབུམ་རམས་པ་སྐོར25པ་དང་སྐོར26པའི་ཁོངས་མི་སྐྱེལ་བསུའི་ཚོགས་འདུ་ཟི་ལིང་དུ་བསྡུས།

2026-01-12 15:10:34   |   64

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། གངས་ལྗོངས་མེ་ལོང་། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ1པའི་ཚེས11ཉིན། མཚོ་སྔོན་ལ་ཞབས་ཞུ་སྒྲུབ་ཏུ་ཡོང་བའི་འབུམ་རམས་པ་སྐོར25པ་དང་སྐོར26པའི་ཁོངས་མི་སྐྱེལ་བསུའི་ཚོགས་འདུ་ཟི་ལིང་དུ་བསྡུས། ཚོགས་འདུའི་ཐོག་སྐོར25པའི་མཚོ་སྔོན་ལ་ཞབས་ཞུ་སྒྲུབ་ཏུ་ཡོང་བའི་འབུམ་རམས་པའི་བྱ་བའི་ཕན་འབྲས་ཕྱོགས་སྡོམ་བྱས་པ་དང་། སྐོར26པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་བྱ་བར་རེ་བ་བཏོན་པ་མ་ཟད། འབྲེལ་ཡོད་དང་ལེན་སྡེ་ཁག་དང་ལས་ཁུངས་ཀྱི་བྱ་བར་བླང་བྱ་བཏོན། ཚོགས་འདུའི་སྟེང་། སྐོར25པ་དང་སྐོར26པའི་མཚོ་སྔོན་ལ་ཞབས་ཞུ་སྒྲུབ་ཏུ་ཡོང་བའི་ཁོངས་མིའི་འཐུས་མི་དང་། དང་ལེན་ལས་ཁུངས་ཀྱི་འཐུས་མི་སོགས་ཀྱིས་བརྗེ་རེས་གཏམ་བཤད།

ད་ལོར། ཀྲུང་དབྱང་རྩ་འཛུགས་པུ་དང་གུང་གཞོན་ཚོགས་པ་ཀྲུང་དབྱང་གིས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་ཀྲུང་དབྱང་རྒྱལ་ཁབ་ཀྱི་པུ་ཨུ7དང་པེ་ཅིང་། ཧྲང་ཧའེ་སོགས་ཤར་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར6ནས་མཚོ་སྔོན་ལ་འབུམ་རམས་པ28ལྗང་མདོག་རྩིས་ནུས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། དག་གཙང་ནུས་ཁུངས། ཚྭ་མཚོའི་རྫས་འགྱུར་བཟོ་ལས། སྨན་བཅོས་འཕྲོད་བསྟེན། རིག་གནས་ལུས་རྩལ་གནས་སྐོར་སོགས་ཆེད་ལས་ཀྱི་མངའ་ཁོངས་མང་པོ་ཞིག་ཏུ་མངགས་ཡོད། ཁོ་ཚོས་རང་ཞིང་གི་ཏང་སྲིད་ལས་ཁུངས་དང་།  ཁེ་ལས་གཙོ་བོ། མཐོ་རིམ་སློབ་ཆེན། སྨན་བཅོས་ལས་ཁུངས་སོགས་ལས་ཁུངས་སྐོར་ཞིག་ཏུ་དུས་ཡུན་ལོ་གཅིག་གི་ཞབས་ཞུའི་སྦྱོང་བརྡར་བྱ་རྒྱུ་རེད། ཐེངས་འདིར་འདེམས་བསྐོ་བྱས་པའི་འབུམ་རམས་པའི་ཕྱོགས་བསྡུས་བྱང་ཚད་ཕུལ་དུ་བྱུང་བ་དང་།  ཆེད་ལས་སྙོམ་སྒྲིག་གནད་ལ་འཁེལ་བ།“འབྲི་ཆུའི་མཁས་པའི་བྱ་དགའི་འཆར་གཞིའི”ནང་ཚུད་པའི་མི་སྣ་གཅིག་དང་། ཡོན་ཧྲི་ཚོགས་པའི་རྐང་འཛིན་ཁོངས་མི་གཉིས་ཡོད་ལ། ཁོངས་མི་མང་ཆེ་བ་ནི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞིའི”མངའ་ཁོངས་འཛུགས་སྐྲུན་བྱེད་པར་དཀོན་པའི་ཤེས་ལྡན་མི་སྣ་ཡིན་པ་དང་། ཆེད་ལས་ཀྱི་གྲུབ་ཆ་དང་མཚོ་སྔོན་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཚད་མཐོ་མཐུན་པའི་མཚོ་སྔོན་ལ་ཡོང་བའི་འབུམ་རམས་པའི་ཚོགས་པ་ཞིག་ཡིན།

རྒྱུས་ལོན་པ་ལྟར་ན། སྐོར་ཐེངས25པའི་མཚོ་སྔོན་ལ་ཞབས་ཞུ་སྒྲུབ་ཏུ་ཡོང་བའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་སྦྱོང་བརྡར་དུས་ཡུན་ལོན་པ་དང་། མི་འགྱངས་པར་རང་རང་གི་ལས་ཁུངས་སུ་ལོག་རྒྱུ་རེད། འབུམ་རམས་པ་གཉིས་ཀྱིས་རང་འགུལ་སྒོས་དུས་ཡུན་ཕྱིར་འགྱངས་ཀྱི་རེ་ཞུ་ཕུལ་བ་དང་། སྐོར་ཐེངས26པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི་དང་མཉམ་དུ་ཞབས་ཞུ་སྦྱོང་བརྡར་གྱི་འཐབ་ལམ་གསར་པ་མགོ་རྩོམ་རྒྱུ་རེད།

སྐོར་ཐེངས26པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པས་བསྟན་དོན། མཚོ་སྔོན་དུ་བྱ་བ་སྒྲུབ་པའི་གོ་སྐབས་ལ་གཅེས་སྤྲས་ཆེན་པོ་བྱས་ཏེ། མགྱོགས་མྱུར་གྱིས་ལས་གནས་སུ་རྐང་བཙུགས་ཏེ་ཆེད་ལས་ཀྱི་འཇོན་ནུས་གསར་གཏོད་བྱེད་པ་དང་། ལས་འགན་སྒྲུབ་པའི་ནུས་པ་སྦྱོང་བརྡར་བྱས་ཏེ། ནུས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ“འབུམ་རམས་པའི་བློ་གྲོས”སྣོན་པ་དང“འབུམ་རམས་པའི་སྟོབས་ཤུགས”འབུལ་རྒྱུ་ཡིན་ཟེར།


མཉམ་སྤྱོད།