དེ་རིང་ནི2026ལོའི་ཟླ01པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

“མཚོ་སྔོན་མདོ་ལ་རྩྭ་ཐང་གི་སྐྱས་སྤོས་མ་ལག”ཀྲུང་གོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་གྱི་འདེམས་སྒུག་རྣམ་གྲངས་ཁག་བརྒྱད་པའི་མིང་ཐོའི་ནང་བདེ་བླག་ངང་ཚུད་པ།

2026-01-13 15:08:23   |   59

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུས་ཀྲུང་གོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་གྱི་འདེམས་སྒུག་རྣམ་གྲངས་ཁག་བརྒྱད་པའི་མིང་ཐོ་ཡོངས་བསྒྲགས་བྱས་ཤིང་། རྒྱལ་ཡོངས་ཀྱི་སྲོལ་རྒྱུན་ཞིང་ལས་མ་ལག་ཁག90དེའི་ནང་ཚུད་ཡོད། དེ་དག་གི་ཁྲོད་མཚོ་སྔོན་མདོ་ལ་རྩྭ་ཐང་གི་སྐྱས་སྤོས་མ་ལག་ཀྱང་ཚུད་འདུག

1.png

《ཀྲུང་གོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་སྔོག་འདོན་ལས་དོན་ཁག་བརྒྱད་པ་སྤེལ་རྒྱུའི་སྐོར་གྱི་ཞིང་ལས་དང་གྲོང་གསེབ་པུ་གཞུང་དོན་ཐིང་གི་བརྡ་ཐོ》(ཞིང་ལས་གཞུང་ལས་ཁང〔2024〕ཨང11པ)ཡི་བླང་བྱ་གཞིར་བཟུང་། གྲོང་ཁྱེར་དང་རྫོང་གིས་རེ་ཞུ་དང་། ཞིང་ཆེན་རིམ་པས་འོས་སྦྱོར། རིགས་གཅིག་མཁས་ཅན་གྱིས་དཔྱད་གླེང་། སི་དང་ཅུས་ཞིབ་བཤེར་བཅས་བྱས་པ་བརྒྱུད།“པེ་ཅིང་ཏ་ཞིང་བྱེ་སའི་ཞིས་ཀྭ་འདེབས་གསོའི་མ་ལག”སོགས་སྲོལ་རྒྱུན་ཞིང་ལས་མ་ལག90ཀྲུང་གོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་ཁག་བརྒྱད་པའི་འདེམས་སྒུག་མིང་ཐོའི་ནང་ཚུད་ཡོད། སྤྱི་བསྒྲགས་དུས་ཡུན་ཉིན་ལྔ་སྟེ། 2026ལོའི་ཟླ1ཚེས12ནས2026ལོའི་ཟླ1ཚེས16ཉིན་བར།


མཉམ་སྤྱོད།