དེ་རིང་ནི2026ལོའི་ཟླ01པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྐབས་སུ་མཚོ་བྱང་གི་གནས་སྐོར་ཡོང་འབབ་སྒོར་དུང་ཕྱུར151.25ལ་སླེབས།

2026-01-15 11:37:55   |   119

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མདོ་ལ་རི་བོ་བོད་ཡིག་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་མདོ་ལ་རི་བོ་དང་མཚོ་སྔོན་པོ“རྒྱལ་ཁབ་སྤྱི་གླིང་གཉིས”འཛུགས་སྐྲུན་ཁུལ་གྱི་སྐྱེ་ཁམས་ཀྱི་ལྷན་ནུས་དང་མ་རྡུལ་མཁར་གྱི་གསར་བརྗེའི་རྨང་གཞིར་གཞི་ཚུགས་ཤིང་། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་བསྐྲུན་པའི་ཁ་ཕྱོགས་ལ་གཞིགས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་རིག་གནས་གནས་སྐོར་མཉམ་འདྲེས་ཀྱི་བགྲོད་ལམ་སྟེང་མྱུར་མོར་བསྐྱོད་དེ། ཁྱོན་སྡོམ་གནས་སྐོར་བ་མི་ཐེངས་ཁྲི3597.9སྣེ་ལེན་བྱས་ཤིང་། གནས་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར151.25ལ་སླེབས།

མཚོ་བྱང་ཁུལ་གྱིས་ཆེད་དོན་འཆར་འགོད་བཟོས་ནས“ལྟེ་བ་གཅིག་སྣེ་ཁྲིད་དང་སྣེ་གཉིས་མཉམ་འགུལ། ཁུལ་གསུམ་མཐུན་སྦྱོར”བཅས་ཀྱི་བར་སྟོང་སྒྲིག་བཀོད་གཏན་འཁེལ་གསལ་བོ་བྱས་ཏེ། གསར་བརྗེ་རྒྱུན་འཛིན་དང་སྐྱེ་ཁམས་སྲུང་སྐྱོབ། དམངས་སྲོལ་ལེགས་སྒྱུར་བཅས་ཐོན་ལས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་མཉམ་འདྲེས་ཟབ་མོ་བྱས་པ་དང་། རོགས་སྐྱོར་སྲིད་ཇུས་དང་བྱ་དགའི་ཞིབ་སྲོལ་སོགས་རབས་དང་རིམ་པ་བཏོན་ནས་གོང་འོག་མཉམ་འགུལ་དང་། སྲིད་གཞུང་དང་ཁེ་ལས་མཐུན་སྦྱོར། ས་ཁམས་ཧྲིལ་བོ་སྐུལ་འདེད་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གྲུབ་པར་བྱས། ཁུལ་ཡོངས་ཀྱི“རི་མཚོ་ནགས་རྩྭ་བྱ་སྲོག་ཆགས”བཅས་ཀྱི་སྐྱེ་ཁམས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཤིང་།“མཚོ་དང་མེ་ཏོག བྱ། གཙོད། ཉ”བཅས་ལ་ལྟ་སྐོར་བྱེད་པའི་ཕྱོགས་ལྔའི་གནས་སྐོར་མ་ལག་བཙུགས་ལ། རི་འཛེག་གངས་ཤུད་དང་། འཁྱགས་རོམ་མྱུལ་དཔྱད་སོགས་རྣམ་གྲངས་ལ་བརྟེན་ནས“འཁྱགས་པའི་ཐོན་ཁུངས”ཀྱིས“ཚ་བའི་དཔལ་འབྱོར”ལ་རྒྱུན་མཐུད་སྒོས་འདེགས་སྐྱོར་བྱས།

རིག་གནས་གནས་སྐོར་དང་ལུས་རྩལ། ཁམས་གསོ། ཉམས་ཞིབ་སོགས་ལས་རྣམ་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་སྟེ། མདོ་ལ་རི་བོའི་མཱ་ལ་སུང་ལྷག་རིམ་འགྲན་རྒྱུག་སོགས་ཀྱི་བྱེད་སྒོ་སྤེལ་ཏེ།“འགྲན་སྡུར་གྱི་གྲགས་ཚད”དེ“འཛད་སྤྱོད་ཀྱི་འཕར་ཚད”དུ་བསྒྱུར། ཁུལ་ཡོངས་ཀྱི་གསར་བརྗེའི་ཐོན་ཁུངས་བསྡུ་སྒྲིག་བྱས་པ་དང་། གསར་བརྗེའི་སློབ་ཁྲིད་ས་ཚིགས31གཞི་གཅིག་ཏུ་སྦྲེལ་ནས། མ་རྡུལ་མཁར་དེ་རྒྱལ་ཡོངས་གསར་བརྗེའི་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་མཚོན་དུ་བྱས། འཚེམ་དྲུབ་དང་ཐང་ག་སོགས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་ལས་གཞི་ལྗོངས་ཁུལ་དུ་བསྐྱོད་དེ། རིག་གནས་ཀྱི་རིན་ཐང་དང་ཁྲོམ་རའི་གསོན་ཤུགས་ཀྱིས་ཕན་ཚུན་ལ་སྟོབས་ཤུགས་སྩོལ་བ་མངོན་འགྱུར་བྱུང་ཆུ་ཁོལ་ཁམས་གསོ་དང་སྐར་གཟིགས་སྒར་འདེབས། སྐྱེ་ཁམས་ཉམས་ཞིབ་སོགས་ལས་རྣམ་གསར་བ་རྒྱུན་ཆད་མེད་པར་བྱུང་བས།“དུས་བཞིར་ཡུལ་ལྗོངས་མཛེས་ལ། ལོ་ཧྲིལ་བོར་གནས་སྐོར་བྱེད་ཆོག་པའི”མངའ་ཁོངས་ཡོངས་ཀྱི་གནས་སྐོར་རྣམ་པ་བསྐྲུན་ཡོད།

ནུས་ཤུགས་ཡོད་རྒུས"མྱུར་སླེབས་དལ་སྐོར" གྱི་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱ་བསྐྲུན་ཏེ། གཞུང་ལམ་དང་ལྕགས་ལམ། གནམ་ཐང་བཅས་ཀྱིས་མཉམ་འགུལ་ཤུགས་འདོན་བྱས་ལ། ཁུལ་ཡོངས་ཀྱི་ལྗོངས་ཁུལ་གཙོ་བོའི་ལྗོངས་གཟིགས་བགྲོད་ལམ་དང་གནས་སྐོར་ས་ཚིགས་སྦྲེལ་མཐུད་བྱས་ཤིང་། ཆུ་ཚོད་ཕྱེད་ཀའི་ནང་གཙོ་གནད་ལྗོངས་ཁུལ་དུ་བསྐྱོད་པའི་སྟབས་བདེའི་ཕྱི་སྐྱོད་སྒྲིག་གཞི་རིམ་གྱིས་གྲུབ། རིག་ནུས་གནས་སྐོར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། སྐུད་མེད་དྲ་ལྗོངས་ཁུལ་གཙོ་བོར་ཁེབས་པ་སོགས་མངོན་འགྱུར་བྱུང་ཞིང་།“མཚོ་བྱང་གནས་སྐོར”གྱི་དྲ་ཐོག་ཞབས་ཞུ་སྟེགས་བུས་ལམ་ཐིག་འཚོལ་བཤེར་དང་གནས་སྐོར་འགྲེལ་བཤད་སོགས་གཅིག་འཐུས་རྣམ་པའི་ཞབས་ཞུ་འདོན་སྤྲོད་བྱས་ཏེ། ཕྱི་བསྐྱོད་སྔར་ལས་སྟབས་བདེ་ཅན་དུ་གྱུར་ཡོད། གནས་སྐོར་ཞུ་གཏུག་མྱུར་མོར་ཐག་གཅོད་བྱེད་པའི་རྐྱེན་སྲོལ་བཙུགས་ནས། རིག་གནས་གནས་སྐོར་ཁྲོམ་རར་ཆེད་དོན་བཅོས་སྒྲིག་བྱས་ཤིང་། ལུགས་མཐུན་མིན་ཞིང་རིན་གོང་དམའ་བའི་གནས་སྐོར་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱས་ཏེ། ཁུལ་ཡོངས་ཀྱི་འཛད་སྤྱོད་ཁོར་ཡུག་རྒྱུན་མཐུད་སྒོས་ལེགས་སྒྲིག་བྱས།


མཉམ་སྤྱོད།