དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཏ་ལེན་ནི་བྱང་ཤར་ས་ཁུལ་གྱིGDPསྒོར་དུང་ཕྱུར་ཁྲི་ལས་བརྒལ་བའི་གྲོང་ཁྱེར་ཐོག་མར་གྱུར་བ།

2026-01-23 11:22:18   |   279

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།  ཞིན་ཧྭ་དྲ་བ།   བཤེར་འབེབས།    རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་ཏ་ལེན་ནས་ཟླ1པོའི་ཚེས23ཉིན་འབྱོར་བའི་གློག་འཕྲིན། ཟླ1པོའི་ཚེས23ཉིན། ལེའོ་ཉིང་ཞིང་ཆེན་ཏ་ལེན་གྲོང་ཁྱེར་སྡོམ་རྩིས་ཅུས་གནས་ཚུལ་སྤེལ་བ་ལྟར་ན། 2025ལོར་ཏ་ལེན་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར10002.1མངོན་འགྱུར་བྱས་པ་དང་། དེ་འགྱུར་མེད་རིན་གོང་ལྟར་རྩིས་བརྒྱབ་ན་དུས་མཚུངས་ལས5.7%འཕར་ཡོད། ཏ་ལེན་གྲོང་ཁྱེར་དེ་བྱང་ཤར་ས་ཁུལ་གྱིGDPསྒོར་དུང་ཕྱུར་ཁྲི་ལས་བརྒལ་བའི་གྲོང་ཁྱེར་ཐོག་མར་གྱུར་ཡོད།


མཉམ་སྤྱོད།