དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སི་ཁྲོན་དང་ཁྲུང་ཆིང་གི་དཔལ་འབྱོར་སྡོམ་འབོར་སྒོར་དུང་ཕྱུར་ཁྲི10ལས་བརྒལ་བ།

2026-01-26 15:08:32   |   181

སྒྲིག་སྒྱུར།    སངས་དོན།     ཡོང་ཁུངས།   ཞིན་ཧྭ་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ1པོའི་ཚེས26ཉིན་འབྱོར་བའི་གློག་འཕྲིན། ཚེས26ཉིན། ཁྲུང་ཆིང་གྲོང་ཁྱེར་གྱིས་ཁྱབ་བསྒྲགས་བྱས་པའི2025ལོའི་དཔལ་འབྱོར་འཁོར་སྐྱོད་གྲངས་གཞི་དང་སི་ཁྲོན་ཞིང་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི2025ལོའི་དཔལ་འབྱོར་འཁོར་སྐྱོད་གྲངས་གཞི་ལས་མངོན་པ་ལྟར་ན། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱས་ནས་ལོ་དྲུག་རིང་སི་ཁྲོན་དང་ཁྲུང་ཆིང་གི་དཔལ་འབྱོར་སྤྱི་འབོར་ཐོག་མར་སྒོར་དུང་ཕྱུ་ཁྲི10ལས་བརྒལ་བ་དང་། ས་ཁོངས་ཀྱི་དཔལ་འབྱོར་སྟོབས་ཤུགས་ཆེ་རུ་ཕྱིན་ཡོད།

2020ལོར། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པའི་ཐོག“ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ནུབ་རྒྱུད་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་སྣེ་གལ་ཆེན་ཞིག་ཆགས་པ་བྱེད་དགོས་”ཞེས་ཁ་གསལ་བཏོན་ཡོད། ལོ་དྲུག་རིང་། སི་ཁྲོན་དང་ཁྲུང་ཆིང་གི་དཔལ་འབྱོར་སྡོམ་འབོར་བསྟུད་མར་སྒོར་དུང་ཕྱུར་ཁྲི་བཞི་ཡི་འགག་སྒོ་ལས་བརྒལ་ཡོད།


མཉམ་སྤྱོད།