དེ་རིང་ནི2026ལོའི་ཟླ02པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2026ལོའི་ལོ་སྟོད་ཀྱི་དམག་བསྡུའི་བྱ་བ་ཚེས24ཉིན་ནས་མགོ་བརྩམས་པ།

2026-02-28 10:45:34   |   69

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།  ཀྲུང་དབྱང་གསར་འགྱུར་དྲ་བ།      བཤེར་འབེབས།    རིན་ཆེན་ཚེ་རིང་།


དམག་བསྡུའི་དུས་ཚོད།

2026ལོའི་ལོ་སྟོད་ཀྱི་དམག་བསྡུའི་བྱ་བ་དེ་ཟླ2པའི་ཚེས24ཉིན་ནས་མགོ་བརྩམས་ཡོད་ལ། ཟླ3པའི་ཚེས31ཉིན་མཇུག་བསྒྲིལ་རྒྱུ་དང་། ལོ་སྨད་ཀྱི་དམག་བསྡུའི་དུས་ཚོད་ནི་ཟླ8པའི་ཚེས15ཉིན་ནས་མགོ་བརྩམ་རྒྱུ་དང་ཟླ9པའི་ཚེས30ཉིན་མཇུག་བསྒྲིལ་རྒྱུ་རེད། 

01.jpg

དམག་བསྡུའི་ལོ་ཚོད། 

 སྐྱེས་པ་ལོ18ནས22ལ་སླེབས་ཡོད་པ། མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་སློབ་མ་དང་ཆེད་ཚན་སློབ་ཐོན་སློབ་མ་དང་མཐར་ཕྱིན་ཆ་རྐྱེན་དང་མཐུན་པའི་མཐར་ཕྱིན་འཛིན་གྲྭའི་སློབ་མ། བུད་མེད་ལོ18ནས་22ལ་སླེབས་ཡོད་པ། ཉིན་གང་ལམ་ལུགས་ཀྱི་ཞིབ་འཇུག་སློབ་མའི་སློབ་ཐོན་སློབ་མ་དང་སློབ་གྲྭར་ཡོད་པའི་སློབ་མ། 

02.jpg

དམག་བསྡུའི་བྱ་ཡུལ།  

ཐེངས་འདིའི་དམག་བསྡུ་ནི་སློབ་ཆེན་གྱི་སློབ་མ་གཙོ་གནད་དུ་བཟུང་སྟེ་རིགས་དང་རིམ་པ་ཁག་གི་སློབ་གྲྭའི་སློབ་ཐོན་སློབ་མ་བསྡུ་རྒྱུ་མངོན་གསལ་དོད་པོ་བྱས་ཡོད། དམག་བསྡུའི་བུད་མེད་ནི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་ཐོན་སློབ་མ་དང་། མཐོ་རིམ་སློབ་གྲྭ་དཀྱུས་མ་དང་ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱི་ཉིན་གང་ལམ་ལུགས་ཀྱི་སློབ་ཐོན་སློབ་མ་དང་སློབ་གྲྭར་ཡོད་པའི་སློབ་མ་བཅས་རེད།


མཉམ་སྤྱོད།