དེ་རིང་ནི2026ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོ་དང་བྱང་ཁོ་རེ་ཡའི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་ཟླ3པའི་ཚེས12ཉིན་ནས་བཟུང་ཕྱོགས་གཉིས་སུ་གཏོང་རྒྱུ་རེད།

2026-03-11 11:27:58   |   245

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།    ཞིན་ཧྭ་དྲ་བ།    བཤེར་འབེབས།    རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ3པའི་ཚེས10ཉིན་གྱི་གློག་འཕྲིན། གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2026ལོའི་ཟླ3པའི་ཚེས12ཉིན་ནས་བཟུང་ཀྲུང་གོའི་པེ་ཅིང་དང་ཏན་ཏུང་ནས་བྱང་ཁོ་རེ་ཡའི་ཕོང་དབྱང་བར་ཕྱོགས་གཉིས་པོའི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་བཏང་ནས་ཀྲུང་གོ་དང་བྱང་ཁོ་རེ་ཡའི་རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་དང་། དཔལ་འབྱོར་ཚོང་དོན་མཉམ་ལས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བཅས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་རེད།

0000.png

ངོ་སྤྲོད་བྱས་པར་གཞིགས་ན། པེ་ཅིང་དང་ཕོང་དབྱང་དབར་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་གཟའ་འཁོར་རེའི་གཟའ་ཟླ་བ་དང་གཟའ་ལྷག་པ།  གཟའ་ཕུར་བུ། གཟའ་སྤེན་པ་བཅས་སུ་ཕྱོགས་གཉིས་སུ་གཏོང་གི་ཡོད་པ་དང་། ཀྲུང་གོའི་མངའ་ཁོངས་ནང་གི་པེ་ཅིང་བབས་ཚུགས་དང་། ཐེན་ཅིན་བབས་ཚུགས། ཧྲན་ཧའེ་ཀོན་བབས་ཚུགས། ཧྲེན་དབྱང་བབས་ཚུགས། ཏན་ཏུང་བབས་ཚུགས། བྱང་ཁོ་རེ་ཡའི་མངའ་ཁོངས་ཀྱི་ཕིང་དབྱང་བབས་ཚུགས། ཤིན་དབྱི་ཀྲོའུ་བབས་ཚུགས་བཅས་སུ་རྒྱལ་སྤྱིའི་འགྲུལ་པའི་མེ་འཁོར་སྡོད་པའི་ལས་སྒོ་གཉེར་ཆོག་པ་དང་། ཀྲུང་གོའི་ཏན་ཏུང་དང་བྱང་ཁོ་རེ་ཡའི་ཤིན་དབྱི་ཀྲོའུ་འགག་སྒོ་ནས་རྒྱལ་མཚམས་སྒྲོལ་བའི་འགྲོ་ལུགས་གཉེར་ཆོག ཏན་ཏུང་དང་ཕོང་དབྱང་བར་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་ཉིན་ལྟར་ཕྱོགས་གཉིས་སུ་གཏོང་གི་ཡོད།

མིག་སྔར། ཀྲུང་གོ་དང་བྱང་ཁོ་རེ་ཡའི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་གྱི་སྤ་སེ་དེ་བབས་ཚུགས་སུ་བཙོང་མགོ་བརྩམས་ཡོད།  རྒྱལ་ཁབ་ལྕགས་ལམ་ཚོགས་པ་རྒྱལ་སྤྱི་པུའི་འགན་འཁུར་བས་ཀྲུང་གོ་དང་བྱང་ཁོ་རེ་ཡའི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་ནི་ས་མཚམས་སྒྲོལ་བའི་འགྲུལ་པར་ཞབས་འདེགས་ཞུ་བའི་སྐར་ཁུང་གལ་ཆེན་ཞིག་ཡིན་ལ། ཀྲུང་གོ་དང་བྱང་ཁོ་རེ་ཡའི་མཛའ་གྲོགས་ཟབ་ཏུ་གཏོང་བའི་སྐོར་སྐྱོད་འབྲེལ་ཐག་ཅིག་ཀྱང་རེད། ཀྲུང་གོ་དང་བྱང་ཁོ་རེ་ཡའི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་བདེ་འཇགས་དང་བདེ་བླག་ངང་གཏོང་ཐུབ་པའི་འགན་ལེན་བྱ་ཆེད། ཀྲུང་གོ་དང་བྱང་ཁོ་རེ་ཡའི་རྒྱལ་ཁབ་གཉིས་པོའི་ལྕགས་ལམ་སྡེ་ཚན་གྱིས་མེ་འཁོར་སྒྲིག་ཆས་ཀྱི་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་གནས་ཚུལ་ཡག་པོ་ཡོང་བའི་འགན་ལེན་བྱས་པ་དང་ཆབས་ཅིག་འབྲེལ་ཡོད་ལས་བཟོར་སྔ་སྣུར་དུ་ལས་སྒོའི་གསོ་སྦྱོང་བྱས་ནས་འགྲུལ་པར་རྒྱལ་མཚམས་སྒྲོལ་བའི་གནས་སྐོར་གྱི་མྱོང་ཚོར་ཡག་པོ་མཁོ་འདོན་བྱས་ཡོད་ཅེས་བསྟན་པ་རེད།


མཉམ་སྤྱོད།