དེ་རིང་ནི2026ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭའི་ཕྱི་འགྲིམས་སློབ་མ་མེ་ལྷ་གངས་དཀར་དུ་སོང་ནས་ཞིབ་འཇུག་སློབ་སྦྱོང་བྱ་འགུལ་སྤེལ་བ།

2026-03-12 10:41:02   |   348

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་མེ་ལྷ་གངས་དཀར་གྱིས་མཚོ་སྔོན་དུ་ཡོད་པའི་ཕྱི་འགྲིམས་སློབ་མའི་ཞིབ་འཇུག་སློབ་སྦྱོང་ཚོགས་པ་ཐོག་མར་བསུས་ལ། རྒྱལ་ཁབ9ནས་ཐོན་པའི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཕྱི་འགྲིམས་སློབ་མ16མེ་ལྷ་གངས་དཀར་དུ་སོང་ནས། གངས་འཁྱགས་ཉམས་རོལ་དང་རིག་གནས་ལྟ་ཞིབ། དམངས་སྲོལ་ཉམས་ལེན་སོགས་ཀྱི་བྱ་འགུལ་རབ་དང་རིམ་པར་ཞུགས།

1.jpg

གནས་སྐོར་མགྲོན་པོའི་ཞབས་ཞུ་ལྟེ་གནས་སུ། དཔའ་རིས་བོད་རིགས་རྒྱན་གོས་འཁྲབ་སྟོན་གྱིས་ཡུལ་དངོས་ཀྱི་རྣམ་པ་ཕུན་སུམ་ཚོགས་པར་བཏང་། གར་མཁན་གྱི་ལུས་ལ་རྒྱལ་ཁབ་རིམ་པའི་ཤུལ་བཞག་སྲོལ་རྒྱུན་པགས་སློག་དང་དངུལ་གྱི་སྐྲ་རྒྱན། ཕྱིང་ཞྭ་དཀར་པོ་བཅས་གོན་ནས་སྒེག་ཉམས་ལྡན་པའི་བྲོ་གར་འཁྲབ་ལ། རྒྱན་གོས་ཀྱི་བཟོ་རྩལ་དང་རིག་གནས་ཀྱི་ཉིང་བཅུད་འགྲེལ་བཤད་རྒྱག་པའི་ཁྲོད་ལྷན་ནེ་ལྷང་ངེར་མངོན་བྱུང་། ཕྱི་འགྲིམས་སློབ་མ་རྣམས་ཉེ་སར་སོང་ནས་ལྟད་མོར་བལྟས་པ་མ་ཟད། ཡང་དང་ཡང་དུ་ཁ་པར་གྱིས་བརྙན་བླངས་ཏེ་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་མཛེས་དཔྱོད་དེར་བསྟོད་བསྔགས་གང་མང་བྱས།

“མི་ཚེའི་གངས་རི་ཐོག་མ”ཡིན་པས། མེ་ལྷ་གངས་དཀར་གྱི་ཕྱིའི་ལུས་རྩལ་མ་ལག་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་སྟངས་ཀྱིས་ཕྱི་འགྲིམས་སློབ་མ་ཚོར་བག་ཆགས་ཟབ་མོ་བཞག ཁོ་ཚོས་ཡུལ་དངོས་སུ་ལྗོངས་ཁུལ་གྱི་སྒྲིག་བཀོད་རྣམས་ལ་ལྟ་ཞིབ་བྱས་པ་དང་། མཚོ་སྔོན་གྱིས་ཕྱི་རོལ་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྲོད་སྐྱེ་ཁམས་ཚད་མཐའ་བརྟན་སྲུང་བྱེད་པའི་ལག་ལེན་དེ་ཐད་ཀར་མངོན་སུམ་མིག་གིས་མྱོང་རོལ་བྱས། བྱ་འགུལ་མཇུག་བསྒྲིལ་སྐབས།《སེམས་ཁོང་གི་མེ་ལྷ་གངས་དཀར》ཞེས་པའི་གླུ་གཞས་སྙན་མོའི་སྒྲ་དབྱངས་བྲག་རིའི་ཁྲོད་མཆེད་ནས་ཡུལ་དངོས་ཀྱི་རྣམ་པ་ཤིན་ཏུ་སྤྲོ་པོར་བཏང་།

ཐེངས་འདིའི་གངས་རི་ཐེག་བྱད་བྱེད་པའི་ཞིབ་འཇུག་སློབ་སྦྱོང་བྱ་འགུལ་འདིས་མཚོ་སྔོན་གྱི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་འཛུགས་སྐྲུན་བྱེད་པར་རྒྱལ་སྤྱིའི་ན་གཞོན་གྱི་སྟོབས་ཤུགས་བསྩལ་ལ། ཀྲུང་ཕྱི་གཉིས་ཀྱི་དམངས་སེམས་ཕན་ཚུན་མཐུད་སྦྲེལ་བྱེད་པའི་རིག་གནས་ཟམ་ཆེན་ཡང་བསྐྲུན་པ་རེད།


མཉམ་སྤྱོད།