དེ་རིང་ནི2026ལོའི་ཟླ03པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས“3·15”དགོང་ཚོགས་ཐོག་དམར་འདོན་བྱས་པའི་འབྲེལ་ཡོད་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་མཐར་ཕྱིན་བྱ་རྒྱུ་རེད།

2026-03-16 11:37:35   |   88

སྒྲིག་སྒྱུར།    སངས་དོན།     ཡོང་ཁུངས།    ཞིན་ཧྭ་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན། ཟླ3པའི་ཚེས15ཉིན་གྱི་དགོང་མོ། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བསྟན་དོན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི“3·15”དགོང་ཚོགས་ཐོག་དམར་འདོན་བྱས་པའི“བྱ་སྡེར་དཀར་པོ”དང“གཉེར་ཚོང་མང་དུ་གཏོང་བའི་ལམ་བུ”སོགས་ཁྲོམ་ར་ལྟ་སྐུལ་དོ་དམ་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་བྱ་སྤྱོད་ལ་དམིགས་ནས། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་མགྱོགས་མྱུར་སྒོས་འཕྲལ་སྡོམ་ཐག་གཅོད་རྐྱེན་སྲོལ་ལག་བསྟར་བྱས་ནས་ཁྲིམས་བསྟར་བྱེད་སྒོ་སྤེལ་རྒྱུ་དང་། སྟོབས་ཤུགས་ཡོད་རྒུས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་དང་། ཞིབ་བཤེར་ཐག་གཅོད་བྱས་པའི་གནས་ཚུལ་དུས་ལྟར་སྤྱི་ཚོགས་ཡོངས་ལ་ཁྱབ་སྒྲོག་བྱ་རྒྱུ་རེད།


མཉམ་སྤྱོད།