དེ་རིང་ནི2026ལོའི་ཟླ03པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཁབ་ཀྱིས་བཅོས་སྣུམ་གྱི་རིན་གོང་ལ་གནས་སྐབས་སྙོམས་སྒྲིག་བྱེད་ཐབས་སྤྱད་པ།

2026-03-23 16:40:56   |   127

སྒྲིག་སྒྱུར།   སངས་དོན།      ཡོང་ཁུངས།   ཀྲུང་གོ་གསར་འགྱུར་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བ་ནས་ཟླ3ཚེས23ཉིན་འབྱོར་བའི་གློག་འཕྲིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས་རྒྱལ་སྤྱིའི་སྣུམ་གོང་རྒྱུན་ལྡན་མིན་པའི་འཕར་ཚད་ཀྱིས་རྒྱལ་ནང་ལ་ཕོག་ཐུག་ཐེབས་པ་ཞི་ལྷོད་དུ་གཏོང་ཆེད། ད་ལྟ་ལག་བསྟར་བྱེད་བཞིན་པའི་རིན་གོང་ལམ་སྲོལ་གྱི་སྒྲོམ་གཞི་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་རྒྱལ་ནང་གི་བཅོས་སྣུམ་གྱི་རིན་གོང་ལ་གནས་སྐབས་སྙོམས་སྒྲིག་བྱེད་ཐབས་སྤྱོད་རྒྱུ་རེད། ཟླ3པའི་ཚེས23ཉིན་གྱི་ཆུ་ཚོད24ནས་བཟུང་རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་སོ་སོ་ཏུན་རེར་སྒོར1160དང་སྒོར1115འཕར་ཡོད། 

ཀྲུང་གོ་རྡོ་སྣུམ་དང་། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས། ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་བཅས་ཀུང་སི་ཆེ་གྲས་གསུམ་དང་དེ་བཞིན་མ་བཅོས་རྡོ་སྣུམ་ལས་སྣོན་ཁེ་ལས་གཞན་དག་གིས་བཅོས་སྣུམ་ཐོན་སྐྱེད་དང་གཏོང་འདྲེན་སྒྲིག་འཛུགས་ཡག་པོ་བྱས་ནས་ཁྲོམ་རར་མཁོ་སྤྲོད་བརྟན་པོ་ཡོང་བའི་འགན་ལེན་བྱེད་པ་དང་རྒྱལ་ཁབ་ཀྱི་རིན་གོང་སྲིད་ཇུས་ལག་བསྟར་ནན་པོ་བྱེད་དགོས། ས་གནས་ཁག་གི་འབྲེལ་ཡོད་སྡེ་ཚན་གྱིས་ཁྲོམ་རའི་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་རིན་གོང་སྲིད་ཇུས་ལག་བསྟར་མི་བྱེད་པའི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ། རྒྱུན་གཏན་གྱི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། འཛད་སྤྱོད་པས12315ལས་སྟེགས་བརྒྱུད་ནས་རིན་གོང་གི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བྱེད་ཆོག

ཟུར་བཀོད། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་དང་ལྟེ་བའི་གྲོང་ཁྱེར་གྱི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་སིལ་ཚོང་རིན་གོང་མཐོ་ཤོས་ཀྱི་ཚད་གཞི།

01.jpg


མཉམ་སྤྱོད།