དེ་རིང་ནི2026ལོའི་ཟླ03པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཨ་ཧྥེ་རི་ཁའི་བྲན་གཡོག་ཉོ་ཚོང་དེ“མིའི་རིགས་ལ་གནོད་འཚེ་ཚབས་ཆེན་བཏང་བའི་ཉེས་གསོག”ལ་གཏན་འཁེལ་བྱས་པ།

2026-03-26 17:35:58   |   76

སྒྲིག་སྒྱུར།     སངས་དོན།      ཡོང་ཁུངས།    ཞིན་ཧྭ་དྲ་བ།     བཤེར་འབེབས།   རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ3པའི་ཚེས25ཉིན་གྱི་གློག་འཕྲིན། ཟླ3པའི་ཚེས25ཉིན་ནི་བྲན་གཡོག་ལམ་ལུགས་དང་ནུབ་རྒྱ་མཚོ་ཆེ་མོ་བརྒལ་ནས་བྲན་གཡོག་ལྐོག་འཚོང་བྱ་སྤྱོད་ཀྱི་གནོད་འཚེ་ཕོག་མཁན་གྱི་རྒྱལ་སྤྱིའི་དྲན་གསོའི་ཉིན་མོ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉིན་དེའི་ཚོགས་ཆེན་སྟེང་གྲོས་ཆོད་ལ་གྲོས་འཆམ་བྱས་ནས་ཨ་ཧྥེ་རི་ཁ་པ་ལྐོག་འཚོང་བྱས་ནས་བྲན་དུ་བཀོལ་བ་དང་། དེ་བཞིན་ཨ་ཧྥེ་རི་ཁ་པ་དངོས་པོར་བསྒྱུར་བའི་བྲན་བཀོལ་བྱ་སྤྱོད་དེ“མིའི་རིགས་ལ་གནོད་འཚེ་བཏང་བའི་ཉེས་གསོག”ཚབས་ཆེ་ཤོས་སུ་གཏན་འཁེལ་བྱས་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཉིན་དེར་མོས་མཐུན་འདེམས་ཤོག123དང་། དབང་ཆ་དོར་བའི་འདེམས་ཤོག52དང་། མོས་མཐུན་མེད་པའི་འདེམས་ཤོག3བཅས་ཀྱི་བརྡས་ཐག་བཅད་པའི་འབྲས་བུའི་ཐོག་ནས་གྲོས་ཆོད་དེར་གྲོས་འཆམ་བྱས་པ་རེད།


མཉམ་སྤྱོད།