དེ་རིང་ནི2026ལོའི་ཟླ04པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​མཚོ་བྱང་ཁུལ་གྱི2026ལོའི“ཁུལ་དཔོན་བུམ་པའི”གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་མགོ་བརྩམས། ཀྲང་ཧྲིང་ཡོན་གྱིས་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།

2026-04-16 09:32:04   |   34

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ4པའི་ཚེས15ཉིན། མཚོ་བྱང་ཁུལ་གྱི2026ལོའི“ཁུལ་དཔོན་བུམ་པའི”གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་གྱི་མགོ་རྩོམ་མཛད་སྒོ་ནུབ་མཚོ་ལུས་རྩལ་ཐང་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་། ལི་ཞུས་ཀྲེན་དང་། མ་རུའུ་ཞང་། དབྱང་ཏེ་བཅས་མཛད་སྒོར་ཞུགས།

1.jpg

ཉེ་བའི་ལོ་ཤས་རིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་། ཞིང་ཆེན་དང་ཁུལ་སློབ་གསོ་དང་ལུས་རྩལ་སོགས་སྡེ་ཚན་གྱི་རྒྱབ་སྐྱོར་ཤུགས་ཆེན་དང་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་འོག མཚོ་བྱང་ཁུལ་གྱིས་གཞོན་ནུ་ལོ་ཆུང་གི་ལུས་རྩལ་བྱ་གཞག་ལ་ཐོག་མཐའ་བར་གསུམ་དུ་གཙིགས་ཆེན་བྱས་ཏེ། སྤུས་ལེགས་འགྲན་བསྡུར་གྱི་ལས་སྟེགས་བསྐྲུན་རྒྱུར་དམ་འཛིན་དང་། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་འདེགས་སྐྱོར་དུ་བྱེད་པ། མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དམིགས་ཚད་དུ་བྱས་ཏེ་གཞོན་ནུ་ལོ་ཆུང་གི་ལུས་རྩལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ཡོད། ད་ཆ་རྐང་རྩེད་སྤོ་ལོ་དང་ལག་རྩེད་སྤོ་ལོ་སོགས་ཁུལ་ཡོངས་ཀྱི་སློབ་གྲྭར་དར་སྲོལ་ཆེ་བ་དང་། སློབ་གྲྭ་གཡུལ་ས་གཙོ་བོར་བྱས་པའི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་རྗེས་གྲབས་ཤེས་ལྡན་མི་སྣའི་གསོ་སྐྱོང་ལམ་སྲོལ་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད་ལ། གཞོན་ནུ་ལོ་ཆུང་གི་གཟུགས་པོའི་བྱང་ཚད་དང་། བསམ་པའི་གཤིས་རྒྱུད། ཕྱོགས་བསྡུས་བྱང་ཚད་བཅས་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པས་མཚོ་བྱང་གི་ལུས་རྩལ་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པའི་ལང་ཚོའི་གསོན་ཤུགས་བསྣན་ཡོད།

སྐབས་འདིའི་འགྲན་བསྡུར་ལ་འགྲན་བསྡུས་ལམ་ལུགས་སྤྱད་པ་དང་། དུས་ཡུན་ཉིན8ཡིན། དམའ་འབྲིང་གི་སྐྱེས་པ་དང་བུད་མེད་ཚོགས་ཆུང་དང་། མཐོ་འབྲིང་གི་སྐྱེས་པའི་ཚོགས་ཆུང་བཅས་ཚོགས་ཆུང་གསུམ་བཙུགས་ཡོད། ཁུལ་ཡོངས་ཀྱི་སློབ་གྲྭ13གྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག7དང་སྐྱེས་པའི་རྐང་རྩེད་སྤོ་ལོའི་རུ་ཁག13བཅས་ཡོད་པ་དང་ཁྱོན་ལུས་རྩལ་པ433འགྲན་བསྡུར་ནང་ཞུགས་རྒྱུའི་མིང་ཐོ་བཀོད་ཡོད། དེ་དག་གིས་ནུབ་མཚོ་ལུས་རྩལ་ཐང་དང་མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་དང་པོའི་འགྲན་བསྡུར་བྱ་ཡུལ་གཉིས་སུ་གཅིག་སྡུད་ཐོག་འགྲན་བསྡུར་བྱ་རྒྱུ་རེད།


མཚོ་བྱང་ཁུལ་གྱི“ཁུལ་དཔོན་བུམ་པ”ཞེས་མིང་བཏགས་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐོག་མ་ཡིན་པའི་ངོས་ནས་ད་ཐེངས་ཀྱི་འགྲན་ཞུགས་སྤོ་ལོའི་རུ་ཁག་གི་གཞི་ཁྱོན་དང་འགྲན་བསྡུར་སྒྲིག་འཛུགས་ཀྱི་ཚད་གཞི་ཚང་མ་མཚོ་བྱང་ཁུལ་གྱི་སློབ་རའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱེད་སྒོའི་ནང་གི་གཞི་ཁྱོན་ཆེ་ཤོས་ཡིན་པ་དང་། མཚོ་བྱང་ཁུལ་གྱི་སློབ་འབྲིང་སློབ་མའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཆུ་ཚད་མཐོ་ཤོས་མཚོན་ཡོད། ད་ཐེངས་ཀྱི་འགྲན་བསྡུར་གྱིས་ཆུ་ཚད་མཐོ་བ་དང་ཤུགས་རྐྱེན་ལྡན་པའི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་གཏོད་རྒྱུར་འབད་རྒྱུ་དང་། སྐབས་འདིའི་མཉམ་འགྲན་དེ་སྤྲོ་སེམས་ཀྱིས་ཁེངས་པ་དང་མཐུན་སྒྲིལ་མཉམ་དར་གྱི་ལུས་རྩལ་གྱི་སྤྲོ་ཚོགས་ཤིག་ཏུ་འགྱུར་བར་འབད་རྒྱུ་རེད།


མགོ་རྩོམ་མཛད་སྒོའི་ཐོག་ཁུལ་མི་རིགས་གླུ་གར་ཚོགས་པའི་འཁྲབ་སྟོན་མི་སྣས་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་འཁྲབ། འགྲན་ཡ་ཐོག་མ་དེ་མདོ་ལ་རིང་མོའི་མཉམ་འབྲེལ་རུ་ཁག་དང་མཚོ་སྔོན་པོའི་མཉམ་འབྲེལ་རུ་ཁག་ཡིན་ཏེ། མཐར་མཚོ་སྔོན་པོའི་མཉམ་འབྲེལ་རུ་ཁག་གིས་སྐར་གྲངས7:3གྱི་ཐོག་ནས་མདོ་ལ་རིང་མོའི་མཉམ་འབྲེལ་རུ་ཁག་ལས་རྣམ་པར་རྒྱལ།


མཉམ་སྤྱོད།