དེ་རིང་ནི2026ལོའི་ཟླ04པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

“སྨོན་ལམ་མཐོན་པོར་བསྐྱོད། ཚེ་སྲོག་གི་བླ་ཤིང་འཚོལ”ཞེས་པའི་རྐང་ཐང་བྱེད་སྒོ་བསྡུ་མགོ་བརྩམས།

2026-04-17 10:16:20   |   33

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དམངས་ཡོངས་ལུས་སྦྱོང་གི་རྒྱལ་ཁབ་འཐབ་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྤུས་ཚད་མཐོ་བའི་སྒོ་ནས་མཚོ་བྱང་ཁུལ་གྱི“མཚོ་སྔོན་པོ——མེ་ལྷ་གངས་དཀར་ཕྱི་རོལ་ལུས་རྩལ་བྱ་ཡུལ”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་གཞིར་བཟུང་། 2026ལོའི་ཟླ4པའི་ཚེས23ཉིན་མཚོ་བྱང་ཁུལ་གྱིས“ལྔ་གཅིག་ལྔ་བཞིར་རོལ། གནས་སྐོར་གྱི་བསྐལ་བཟང་བསུ”ཞེས་པ་བརྗོད་དོན་བྱས་པའི་བྱེད་སྒོ་དང“སྨོན་ལམ་མཐོན་པོར་བསྐྱོད། ཚེ་སྲོག་གི་བླ་ཤིང་འཚོལ”ཞེས་པའི་རྐང་ཐང་བྱེད་སྒོ་སྤེལ་རྒྱུ་རེད།

1.png

2.jpg

སྨོན་ལམ་མཐོན་པོར་བསྐྱོད། ཚེ་སྲོག་གི་བླ་ཤིང་འཚོལ།

དུས་ཚོད། 2026ལོའི་ཟླ4པའི་ཚེས23ཉིན་གྱི་སྔ་དྲོའི་ཆུ་ཚོད10:30སྟེང་། 

ས་གནས། མཚོ་སྔོན་པོ་སྨོན་ལམ་མཐོན་པོ།

བྱེད་སྒོའི་ནང་དོན།

སྨོན་ལམ་མཐོན་པོའི་རྐང་ཐང་རི་འཛེག་བྱེད་སྒོ།

རྐང་བགྲོད་ལམ་ཐིག

མཚོ་བྱང་ཁུལ་མཚོ་སྔོན་པོ་སྔོན་ལམ་མཐོན་པོ་དམག་དཔོན་ཐིང——སྨོན་ལམ་མཐོན་པོའི་རི་རྩེ།(ལམ་ཧྲིལ་བོར་སྤྱི་ལེ10ཡོད)

ཚོ་ཆུང་དང་ལོ་ཚོད།

གཅིག ཚོ་ཆུང་བཀོད་སྒྲིག

སྐྱེས་པའི་གཞོན་ནུ་ཚོ་ཆུང་དང་དར་མའི་ཚོ་ཆུང། བུད་མེད་གཞོན་ནུའི་ཚོ་ཆུང་དང་དར་མའི་ཚོ་ཆུང་།

གཉིས། ལོ་ཚོད་ཚད་བཀག

1གཞོན་ནུ་ཚོ་ཆུང་། ལོ18ནས40བར་ཡིན།(1986ལོའི་ཟླ1ཚེས1ཉིན་ནས2008ལོའི་ཟླ12པའི་ཚེས31ཉིན་བར་སྐྱེས་པ།)

2.དར་མའི་ཚོ་ཆུང་། ལོ41ནས65བར་ཡིན། (1961ལོའི་ཟླ1ཚེས1ཉིན་ནས1985ལོའི་ཟླ12ཚེས31ཉིན་བར་སྐྱེས་པ།)

བྱ་དགའི་རྣམ་གྲངས།

གཞོན་ནུ་སྐྱེས་པ་དང་བུད་མེད་ཚོ་ཆུང་། དར་མའི་སྐྱེས་པ་དང་བུད་མེད་ཚོ་ཆུང་སོ་སོར་ཨང་དང་པོ་ནས་བརྒྱད་པའི་བར་བྱ་དགའ་སྤྲོད་རྒྱུ་དང་། ལམ་ཐག་ཧྲིལ་བོའི་རྐང་བགྲོད་རི་འཛེག་བྱེད་སྒོའི་ནང་ཞུགས་མཁན་ལ་འགྲན་བསྡུར་ལེགས་གྲུབ་བྱུང་བའི་དྲན་རྟེན་སྤྲོད་རྒྱུ།

འགྲན་ཞུགས་བླང་བྱ།

འགྲན་བསྡུར་ནང་ཞུགས་མཁན་རྣམས་ངེས་པར་དུ་གཟུགས་པོ་བདེ་ཐང་ཡིན་དགོས་པ་དང་། ལུས་པོ་ས་བབ་མཐོ་བའི་ལུས་རྩལ་དང་འཚམ་དགོས། རྫ་མཐོའི་ཕྱོགས་བསྡུས་ནད་དང་། ཁྲག་ཤེད་མཐོ་བ། སྙིང་ནད། གཅིན་པ་མངར་འགྱུར་གྱི་ནད། དབུགས་འཚང་བ་སོགས་ཀྱི་ནད་དང་དེ་བཞིན་ས་བབ་མཐོ་བའི་ལུས་རྩལ་ལ་མི་འཚམ་པའི་རིགས་ཞུགས་མི་ཆོག

མིང་ཐོ་འགོད་ཐབས།

5.jpg

གོང་གི་རྩ་གཉིས་ཨང་རྟགས་བཤར་འབེབས་བྱས་ཏེ་ཐོ་འགོད་བྱེད་དགོས་པ་དང་། མིང་ཐོ་བཀོད་རྗེས་བྱེད་སྒོའི་ཚོགས་པའི་ནང་ཞུགས་ན་ཚོགས་གནས་དང་། སྒྲིག་ཆས་གང་མཁོ། བདེ་འཇགས་ཤེས་བྱ། མཁོ་སྤྲོད་བཀོད་སྒྲིག་སོགས་ཀྱི་ཆ་འཕྲིན་ཤེས་ཐུབ།


མཉམ་སྤྱོད།