དེ་རིང་ནི2026ལོའི་ཟླ04པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གྱི་སྡེ་ཁག་བཞིས་མཉམ་འབྲེལ་ཐོག་བཏུང་ཇའི་ཐད་བརྡ་ཁྱབ་བཏང་།

2026-04-21 15:21:43   |   32

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ་ནས་རྒྱུས་ལོན་བྱུང་པ་ལྟར་ན། བཏུང་ཇའི་རིགས་ཀྱི་ཏི་ཧྥུལ་ནད་སྔོན་འགོག་ནུས་ལྡན་བྱེད་པ་དང་། མི་རིགས་སོ་སོའི་མང་ཚོགས་ཀྱི་གཟུགས་པོ་བདེ་ཐང་སྲུང་སྐྱོབ་ཏན་ཏིག་བྱ་ཆེད། བཟའ་བཅའི་བདེ་འཇགས་དང་ཡུལ་ནད་འགོག་བཅོས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཞིང་ཆེན་ཡོངས་ཀྱི་ཡུལ་ནད་ལྟ་ཞིབ་ཚད་ལེན་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཞིང་ཆེན་མཁོ་འཚོང་ཁང་བཅས་སྡེ་ཁག་བཞིས་མཉམ་འབྲེལ་ཐོག་བརྡ་ཁྱབ་སྤེལ་ནས་ཞིང་ཆེན་ཡོངས་སུ་ཧྥུལ་ཉུང་མཐའ་འཚོང་བཏུང་ཇ་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་རེད། བརྡ་ཁྱབ་ནང་ཇ་བག་སྔོན་པོ་དང་ཧྥུའུ་ཇ་བག ཁམས་ཐོན་ཇ་བག་སོགས་མཐའ་འཚོང་བཏུང་ཇ་སྣ་ཚོགས་ཚང་མར་རྒྱལ་ཁབ་ཀྱི་གཅིག་གྱུར་བདེ་འཇགས་ཚད་གཞི་ལག་བསྟར་བྱེད་པ་དང་ཚད་ལྡན་གྱི་ཧྥུལ་ཉུང་མཐའ་འཚོང་བཏུང་ཇ་སྟོང་ཁེ་རེར་ཧྥུལ་འདུས་ཚད་ཧའོ་ཁེ300ལས་མི་མཐོ་བའི་གཏན་འབེབས་བྱས་ཡོད་པ་རེད། མཐའ་འཚོང་བཏུང་ཇ་ཚོང་གཉེར་མཁན་ལ་ངེས་པར་དུ་ལག་ཁྱེར་དང་ཐོབ་ཐང་ཆ་ཚང་ལྡན་དགོས་པ་དང་དངོས་གཞིའི་ཐབས་ལམ་བརྒྱུད་ནས་ཚོང་ཟོག་ནང་འདྲེན་བྱེད་པ། ཚོང་ཟོག་ཡོང་ཁུངས་ཀྱི་སྤུས་ཚད་འགག་སྒོ་ནན་མོ་བྱེད་པ། ཧྥུལ་འདུས་ཚད་ཚད་ལས་བརྒལ་བ་དང་ཡོང་ཁུངས་གསལ་པོ་མེད་པའི་ཇ་ལོ་ཕྱིར་ཚོང་བྱེད་པ་གཏན་འགོག་བྱེད་པ། རང་འགུལ་ངང་ཟས་རིགས་བདེ་འཇགས་ཀྱི་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་ཡག་པོ་བྱས་ནས་མང་ཚོགས་ལ་བདེ་ཐང་ངང་ཇ་འཐུང་བར་ཁྲིད་སྟོན་བྱེད་དགོས།

བརྡ་ཁྱབ་ནང་རྒྱ་ཆེའི་མང་ཚོགས་ཀྱིས་ཇ་ལོ་འདེམས་ཉོ་བྱེད་སྐབས་ཕྱི་ཐུམ་གྱི་ཆ་འཕྲིན་ལ་ཞིབ་བཤེར་ཞིབ་ཕྲ་བྱས་ནས་ལུགས་མཐུན་ཧྥུལ་ཉུང་ཐོན་རྫས་ངོས་འཛིན་བྱེད་དགོས་པའི་དྲན་སྐུལ་བྱས། ཚད་ལྡན་མིན་པའི་ཇ་ལོ་ཕྱིར་འཚོང་སོགས་ཁྲིམས་འགལ་བྱ་སྤྱོད་རྒྱུས་ལོན་བྱུང་ཚེ་ཐད་སྦྲེལ་ཁ་པར12315ལ་ཁ་པར་བརྒྱབ་ནས་ཞུ་གཏུག་ཐེར་འདོན་བྱེད་དགོས། སྡེ་ཁག་སོ་སོས་འགན་ནུས་ལ་གཞི་བཙུགས་ནས་མཉམ་དུ་ཤུགས་བསྣན་ཏེ་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་བདེ་ཐང་དྲིལ་སྒྲོག་སློབ་གསོ། ཐོན་སྐྱེད་འགན་ལེན་བཅས་ཀྱི་བྱ་བ་སོ་སོ་དམ་འཛིན་ཏན་ཏིག་བྱས་ཏེ་མཐའ་འཚོང་བཏུང་ཇའི་ཁྲོམ་རའི་སྒྲིག་ལམ་རྒྱུན་མཐུད་ངང་ཚད་ལྡན་དུ་བཏང་ནས་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས། 


མཉམ་སྤྱོད།