དེ་རིང་ནི2026ལོའི་ཟླ04པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་གིས2026ལོའི་དམངས་ཡོངས་དཔེ་ཀློག་གྱེར་འདོན་འགྲན་སྡུར་སྤེལ།

2026-04-23 10:17:13   |   24

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ4པའི་ཚེས22ཉིན། ཁུལ་ཨུའི་དྲིལ་སྒྲོག་པུ་དང་། ཁུལ་རིག་གནས་ལུས་རྩལ་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུ། རྒྱལ་ཁབ་གློག་དྲ་མཚོ་བྱང་གློག་འདོན་སྤྱི་གཉེར་ཁང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་ཤིང་། ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་ཁུལ་དཔེ་མཛོད་ཁང་གིས་འགན་སྒྲུབ་བྱས་པའི་མཚོ་བྱང་ཁུལ་ཐད་གཏོགས་ལས་ཁུངས་ཀྱི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་གཏོང་བའི་གསར་བརྗེའི་བརྗོད་དོན་གྱི་དམངས་ཡོངས་དཔེ་ཀློག་གྱེར་འདོན་འགྲན་སྡུར་སྨོན་ལམ་མཐོན་པོ་སྒར་ཕྱིའི་རྟེན་གཞིར་སྤེལ་ལ། དེས་མཚོ་བྱང་ཁུལ་གྱི2026ལོའི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་དངོས་སུ་སྤེལ་མགོ་བརྩམས་པ་མཚོན། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུ་ཀྲང་ཀྲང་ཐའོ་ཡིས་ཤིས་ཚིག་ཕུལ་ནས་བྱེད་སྒོ་མགོ་བརྩམས་པ་ཁྱབ་བསྒྲགས་གནང་ལ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ལི་ཞུས་ཀྲིན་བྱེད་སྒོར་ཞུགས།


ཐེངས་འདིའི་བྱེད་སྒོས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། 《དམངས་ཡོངས་དཔེ་ཀློག་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》དོན་འཁྱོལ་བྱས་ཏེ། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་ཐོས་བསམ་མཚོ་བྱང་འཛུགས་སྐྲུན་བྱས་ནས།“དཔེ་ཀློག་ལ་དགའ་བ་དང་དཔེ་ཆ་བཟང་བོ་ཀློག་པ། དཔེ་ཆ་ཀློག་མཁས་པའི”རྣམ་པ་ཟབ་མོ་ཞིག་ཆགས་པར་བྱས་ཏེ་ཐོས་བསམ་གྱི་བྱ་གཞག་མཚོ་བྱང་དུ་དར་བ་དང་གསར་བརྗེའི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཡོད།


བྱེད་སྒོའི་ཡུལ་དངོས་སུ། ཁུལ་ཐད་གཏོགས་ལས་ཁུངས་ནས་ཡོང་བའི་འགྲན་ཞུགས་རུ་ཁག13མཉམ་གཅིག་ཏུ་འཛོམས་ནས་གསུང་རབ་གྱེར་འདོན་དང་ཡུལ་སྣང་འཁྲབ་འགྲེལ་སོགས་ཀྱི་རྣམ་པར་བརྟེན་ནས། གསར་བརྗེའི་ལོ་རྒྱུས་ལ་དད་གུས་བྱེད་པ་དང་གསར་བརྗེའི་སྙིང་སྟོབས་ཀྱི་མྱོང་ཚོར་དེ་གྱེར་ཀློག་ཁྲོད་འདྲེས་པར་བྱས་ནས་ཐོས་བསམ་ཁྲོད་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་དང་དཔེ་ཀློག་ཁྲོད་གསར་བརྗེའི་ཐོག་མའི་བསམ་འདུན་ལ་གོ་བ་ཟབ་མོ་བླངས་ཏེ། ལས་ཁུངས་ཀྱི་ལས་བྱེད་པའི་འབད་འབུངས་ཡར་བརྩོན་བྱེད་པའི་སྙིང་སྟོབས་ཀྱི་ཉམས་འགྱུར་མངོན་པར་བྱས་པ་དང་།“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་གསར་བརྗེའི་རིག་གནས་ཀྱི་ཁྲག་རྒྱུན་རྒྱུན་མཐུད་བྱས་ཏེ་དམངས་ཡོངས་ཀྱི་དཔེ་ཀློག་ཆས་རྟགས་ལ་གཟི་མདངས་བསྣན་ཡོད།

6.jpg

མགོ་རྩོམ་མཛད་སྒོའི་ཐོག ཁུལ་ཨུའི་དྲིལ་སྒྲོག་པུས་མཚོ་བྱང་ཁུལ་གྱི་ཁག་དང་པོའི་དམངས་ཡོངས་དཔེ་ཀློག་ཁྱབ་གདལ་མི་སྣའི་མིང་ཐོ་ཁྱབ་བསྒྲགས་བྱས་ནས་ཁོ་ཚོར་གདན་ཞུའི་དཔང་ཡིག་སྤྲད་ལ། ཁུལ་ཡོངས་ཀྱི་ལས་བྱེད་མང་ཚོགས་ལ་གྲོས་འདོན་ཡི་གེ་བྱིན་ནས་ཚང་མས་དཔེ་ཆ་གྲོགས་སུ་བྱེད་པ་དང་དཔེ་ཀློག་ལ་བརྟེན་ནས་རྒྱུན་འཛིན་བྱེད་པ། དཔེ་ཆར་བརྟེན་ནས་སྟོབས་ཤུགས་གཅིག་སྡུད་བྱེད་པ་དར་སྤེལ་བཏང་སྟེ་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་བསམ་པའི་སྟོབས་ཤུགས་གསོག་འཇོག་བྱས་ཡོད།

7.jpg

ཡུལ་དངོས་ཀྱི་ལས་བྱེད་ལས་བཟོ་བས་ད་དུང་མཉམ་དུ་མཚོ་བྱང་ཁུལ་གྱི་དམངས་ཡོངས་དཔེ་ཀློག་དང་བརྗོད་དོན་དཔེ་སྐྲུན་གྱི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་བྱས།


མཉམ་སྤྱོད།