དེ་རིང་ནི2026ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཡོངས་ཀྱི་བོད་སྐད་ཡིག་ཆེད་དོན་བཤམས་སྟོན་ཁང་ཐོག་མ་དེ་ལྷ་སར་སྒོ་ཕྱེས་པ།

2026-04-28 09:05:19   |   350

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། རྒྱལ་ཡོངས་ཀྱི་བོད་སྐད་ཡིག་ཆེད་དོན་བཤམས་སྟོན་ཁང་ཐོག་མ་སྟེ། བོད་ལྗོངས་བོད་སྐད་ཡིག་བཤམས་སྟོན་ཁང་དེ་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང(རྩོམ་སྒྱུར་ཅུ)དུ་དངོས་སུ་སྒོ་ཕྱེས། བཤམས་སྟོན་ཁང་དེར་རིག་གཞུང་ཞིབ་འཇུག་དང་། སློབ་ཁྲིད་ལག་ལེན། རིག་གནས་ཁྱབ་གདལ་བཅས་གཞི་གཅིག་ཏུ་འདུས་པ་དང་ཉར་ཚགས་བྱས་པའི་འགྲེམ་རྫས3000ལྷག་ཙམ་ཡོད།

1.jpg

བོད་ལྗོངས་བོད་སྐད་ཡིག་བཤམས་སྟོན་ཁང་གི་སྒོ་བྱང་ཕྱེས་པ།

བཤམས་སྟོན་ཁང་གིས་ལོ་རྒྱུས་འཕེལ་རྒྱས་རྩ་བར་བྱས་ནས་བོད་སྐད་ཡིག་གི་འབྱུང་ཁུངས་དང་རིམ་འགྱུར་དང་། སློབ་སྦྱོང་བེད་སྤྱོད། རྒྱུན་འཛིན་སྲུང་སྐྱོང་བཅས་བརྗོད་དོན་གཙོ་བོ་གསུམ་དབྱེ་ཡོད་ཅིང་། དེ་དག་ལ་ཁྱོན་ཁག10ཡོད། བོད་ཡིག་གསར་བཟོ་ནས་ཆ་འཕྲིན་ཅན་གྱི་ཉེར་སྤྱོད་བར་གྱི་འཕེལ་རྒྱས་བརྒྱུད་རིམ་གསལ་པོ་བཟོས་ནས་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ནུས་པ་གསོན་ཉམས་དོད་པོས་མཚོན་ཡོད། དེ་དང་ཆབས་ཅིག་བཤམས་སྟོན་ཁང་གིས་ཀྲུང་གོ་སྲིད་གཞུང་གི་བོད་ལྗོངས་རྒྱབ་ཤ་དཀར་པོའི་དེབ་དབང་གྲགས་ཀྱི་གཞི་འཛིན་སར་རྩིས་ཏེ། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན། ཏང་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་རྒྱབ་སྐྱོར་འོག་བོད་ཀྱི་སྐད་ཡིག་ལས་དོན་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་ཁྱོན་ཡོངས་ནས་མངོན་ཡོད།

2.jpg

འགྲེམ་རྫས་ཞལ་འདེབས་འབུལ་མཁན་སྡེ་ཚན་དང་མི་སྒེར་གྱི་འཐུས་མིར་ཞལ་འདེབས་ལག་ཁྱེར་སྤྲད་པ།

“བོད་སྐད་ཡིག་ནི་བོད་ཀྱི་རིག་གནས་ཀྱི་རྩ་བ་ཡིན་ལ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་རིག་གནས་བང་མཛོད་ནང་གི་འོད་སྟོང་འཕྲོ་བའི་མུ་ཏིག་རྡོག་པོ་ཞིག་ཀྱང་རེད”བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་དོན་ཁང(རྩོམ་སྒྱུར་ཅུ)གི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་དང་། ལོ་ཙཱ་བ་མཁས་ཅན་ཚེ་རིང་དོན་གྲུབ་ཀྱིས་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་སྤྲོ་བས་ཁེངས་ཞོར་བཤད། ད་ཐེངས་བོད་སྐད་ཡིག་བཤམས་སྟོན་ཁང་གི་སྒོ་ཕྱེས་པ་དེས་ཁོང་གི་ལོ་མང་རིང་གི་བསམ་འདུན་མངོན་འགྱུར་བྱུང་ཡོད། བཤམས་སྟོན་ཁང་ནི་འགྲེམ་སྟོན་གྱི་སྐར་ཁུང་ཞིག་ཡིན་པ་མ་ཟད། བོད་སྐད་ཡིག་སློབ་སྦྱོང་ཞིབ་འཇུག་དང་རྒྱུན་འཛིན་འཕེལ་རྒྱས་གཏོང་བའི་གཡུལ་ས་གལ་ཆེན་ཞིག་ཀྱང་ཡིན་པས། བོད་སྐད་ཡིག་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད་ཟེར།

3.jpg

བོད་ལྗོངས་བོད་སྐད་ཡིག་བཤམས་སྟོན་ཁང་ལ་ལྟ་སྐོར་བྱས་པ།

4.jpg

དྲན་རྟེན་མཉམ་པར་བསྐྱོན་པ།


མཉམ་སྤྱོད།