དེ་རིང་ནི2026ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རང་རྒྱལ་གྱི་ཁེ་ལུང་གནག་ཕྱུགས་འབོར་ཆེན་ངང་རྒྱུན་ལྡན་སྐྱེ་འཕེལ་མངོན་འགྱུར་བྱུང་པ།

2026-04-28 10:08:31   |   105

སྒྲིག་སྒྱུར།    སངས་དོན།     ཡོང་ཁུངས།   ཞིན་ཧྭ་དྲ་བ།      བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགོད་པས་ཟླ4པའི་ཚེས27ཉིན་བོད་ལྗོངས་འདམ་གཞུང་རྫོང་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བ་ལྟར་ན། ཟླ3པའི་ཚེས25ཉིན་ནས་ཟླ4པའི་ཚེས5ཉིན་བར་བོད་ལྗོངས(འདམ་གཞོང)འབྲོང་ཚ་གསོ་སྤེལ་ཞིབ་འཇུག་རྟེན་གཞིར་ཁེ་ལུང་བྱས་པའི་གནག་ཕྱུགས་ཁག་གཉིས་པ་བསུས་པ་སྟེ། འབྲི10ལ་མངལ་འཁོར་ནས་ཚང་མ་རྒྱུན་ལྡན་སྐྱེ་འཕེལ་ཐུབ་པ་བྱུང་བའི་ནང་། སྤུ་མདོག་ནག་པོ་ཡིན་པའི་བེའུ3དང་སྤུ་མདོག་དཀར་པོ་ཡིན་པའི་བེའུ7ཡོད། བེའུ་དེ་དག་གི་སྐྱེ་ཁམས་དམིགས་ཚད་སྔོན་དཔག་གི་ཚད་གཞིར་སླེབས་པ་དང་འབྲེལ་བརྟན་པོའི་ངང་འཕར་ཡོད་པ་རེད། 

01.jpg

འདི་ནི་བོད་ལྗོངས་འདམ་གཞུང་རྫོང་གི་ཁག་གཉིས་པའི་ཁེ་ལུང་གནག་ཕྱུགས་ཁྲོད་ཀྱི་སྤུ་མདོག་དཀར་པོ་ཡིན་པའི་བེའུ་རེད།(འདམ་གཞུང་རྫོང་སྨྱན་སྦྱོར་ལྟེ་གནས་ཀྱིས་མཁོ་འདོན་བྱས་པ)

2025ལོའི་ཟླ7པའི་ཚེས10ཉིན་རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་ཁེ་ལུང་བྱས་པའི་གནག་ཕྱུགས་ཐོག་དང་པོ་དེ་འདམ་གཞུང་རྫོང་དུ་བདེ་བླག་ངང་བཙས་པ་དང་མིག་སྔར་ལྗིད་ཚད་རྒྱ་མ366.5ཡིན། ཀྲེ་ཅང་སློབ་ཆེན་རྒྱལ་ཁབ་སྟོངས་ལ་ཉེ་བའི་རི་སྐྱེ་སྲོག་ཆགས་དང་རྩི་ཤིང་གི་སོན་རྒྱུའི་གཞི་རྒྱུ་སྲུང་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་ཧྥང་ཧྲེང་གོ་ཡིས“ཁག་གཉིས་པའི་ཁེ་ལུང་གནག་ཕྱུགས་ཚང་མས་རྒྱུན་ལྡན་ངང་བེའུ་བཙས་པ་དང་དེ་བཞིན་ཐེངས་འདིའི་བོད་ལྗོངས་ཀྱི་གནག་ཕྱུགས་ཀྱི་གཞི་རྒྱུ་ཡོངས་ཀྱི་གདམ་ག་དང་ལུས་པོའི་ཕྲ་ཕུང་ཁེ་ལུང་འདྲེས་སྦྱོར་སོན་གསོའི་ལག་རྩལ་གྲུབ་འབྲས་ཡོངས་བསྒྲགས་བྱས་པ་དེས་ལག་རྩལ་དེ‘ཐེངས་གཅིག་ལེགས་འགྲུབ་བྱུང་བ’ནས‘གྲངས་འབོར་བརྟན་པོའི་ངང་སྤྱོད་པའི’དུས་མཚམས་སུ་མཆོང་སྐྱོད་བྱུང་བ་མཚོན་ཡོད”ཅེས་ངོ་སྤྲོད་བྱས་པ་རེད། 

གནག་ཕྱུགས་དེ་རྒྱུན་ལྡན་གྱི་ནོར་གྱི་ཁེ་ལུང་དང་མི་འདྲ་བར་དུས་ཡུན་རིང་པོར་ས་མཐོའི་གསོ་རླུང་ཉུང་བ་དང་། དམའ་གནོན། འགྱེད་འཕྲོ་དྲག་པོ་བཅས་ཀྱི་ཁོར་ཡུག་ལ་འཕྲོད་ཡོད་ཅིང་། ཐུན་མོང་མ་ཡིན་པའི་ཕྲ་ཕུང་རྙིང་ཚབ་གསར་བྱེད་ཀྱི་ལམ་སྲོལ་ཆགས་ཡོད་པས་རྒྱུན་གཏན་གྱི་ཁེ་ལུང་ཇུས་གཞི་འཚམ་པོ་མེད། དེར་བརྟེན། བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སོ་ཡིས་འདམ་གཞུང་རྫོང་མི་དམངས་སྲིད་གཞུང་དང་ཀྲེ་ཅང་སློབ་ཆེན་ཧྥང་ཧྲེང་གོ་ཚོགས་པ་དང་མཉམ་འབྲེལ་བྱས་ཏེ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཁམས་དམར་ཕྲ་ཕུང་གི་ལུས་ཕྱིའི་འཚར་ལོངས་གསོ་སྐྱོང་དང་། སྦྲུམ་རྟེན་བསྐྱར་འཛུགས། གསོན་ཤུགས་འཕེལ་བ་སོགས་ཀྱི་གསར་གཏོད་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱས་ནས་ས་མཐོའི་གནག་ཕྱུགས་ཀྱི་ཁེ་ལུང་བརྟན་པོའི་ངང་མངལ་ཆགས་པ་དང་འཚར་ལོངས་བྱུང་བར་བྱས་ཡོད། 

ཉེ་བའི་ལོ་ཤས་རིང་། འདམ་གཞུང་རྫོང་གིས་བོད་ལྗོངས་ཀྱི་གནག་ཕྱུགས་གྲངས་གཞི་ཅན་གྱི་རྒྱུད་སྤེལ་མ་ལག་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཁེ་ལུང་ལག་རྩལ་དང་མི་ཐབས་ལ་བརྟེན་ནས་རྒྱུད་སྤེལ་ཟུང་འབྲེལ་བྱེད་པའི་བྱེད་ཐབས་བརྒྱུད་ཁྱུ་ཚོགས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ་དང་། རྒྱུད་འཛིན་སྣ་མང་རང་བཞིན་འགན་ལེན་བྱས་ཏེ། སྤུས་ལེགས་གནག་ཕྱུགས་ཐོན་ཁུངས་མཁོ་སྤྲོད་ཀྱི་གནོན་ཤུགས་རིམ་བཞིན་ཆུང་དུ་བཏང་ནས་ས་མཐོའི་ཁྱད་ལྡན་ཕྱུགས་ལས་སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་རིམ་སྤོར་ལ་རམ་འདེགས་བྱས་ཡོད།


མཉམ་སྤྱོད།