དེ་རིང་ནི2026ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཡོངས་བོད་འགྱིག་འགྲན་སྡུར་སྐབས14པ་གཟབ་རྒྱས་ངང་མགོ་ཚུགས།​

2026-04-29 11:16:42   |   44

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

ཟླ4པའི་ཚེས26ཉིན། བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཀན་སུའུ། ནང་སོག་བཅས་ཞིང་ཆེན་ལྔ་དང་རྫོང་བཅུ་བཞི་ནས་ཡོང་བའི་འགྱིག་བ170ལྷག་བོད་འགྱིག་གི་ཕ་ས་རུ་འབོད་པའི་རྔ་བ་རྫོང་ནས་འཛོམས་ཏེ། བློ་རིག་འགྲན་པའི་དོ་ར། དཀར་ནག་རྡེའུ་རྩེད་མོ་ཞེས་པའི་རྒྱལ་ཡོངས་བོད་འགྱིག་འགྲན་སྡུར་སྐབས་བཅུ་བཞི་པའི་ནང་ཞུགས་ནས་འགྱིག་རྩལ་ངོམ་བཞིན་ཡོད། སི་ཁྲོན་ཞིང་ཆེན་བོད་འགྱིག་མཐུན་ཚོགས་ཀྱི་འབྲེལ་ཡོད་མགོ་ཁྲིད་རྣམས་དང་རྔ་བ་རྫོང་གི་མགོ་ཁྲིད་རྣམས་མཛད་སྒོར་ཞུགས།

2.jpg

གནའ་བོའི་དམངས་ཁྲོད་ནས་དར་བའི་བོད་འགྱིག་ནི་རོལ་རྩེད་དང་རང་གཅུན་བློ་སྦྱོང་གི་ནུས་པ་ལྡན་པའི་བྱེད་སྒོ་ཞིག་ཡིན་ཕྱིར། མང་ཚོགས་ཁྲོད་དུ་ཁྱབ་རྒྱ་ཆེ་ཞིང་མི་ཚོགས་སྤྲོ་དགའ་ཆེ་བའི་རྩེད་མོ་ཞིག་ཡིན། དེས་བོད་རིགས་མི་དམངས་ཀྱི་བློ་བརྟན་འགྱུར་མེད་ཀྱི་གཤིས་ཀ་དང་ཞུམ་མེད་ཀྱི་སྙིང་སྟོབས། བོད་ཀྱི་རིག་གནས་ཀྱི་དཀྱེལ་ཡངས་པའི་ཁྱད་ཆོས་གང་མང་མཚོན་ཡོད་པ་མ་ཟད། ཀྲུང་ཧྭ་རིག་གནས་མཐུན་སྦྱོར་གྱི་གྲུབ་ཆ་ཞིག་ཀྱང་ཡིན། འགྲན་ཚོགས་འདི་མིག་སྔར་རྒྱལ་ཡོངས་སུ་གཞི་ཁྱོན་ཆེས་ཆེ་བའི་བོད་འགྱིག་འགྲན་སྡུར་ཡིན་པས། ད་སྔའི་བར་དུ་འགྲན་སྡུར་སྐབས་བཅུ་གསུམ་སྤེལ་ཡོད། བོད་འགྱིག་ལ་དགའ་ཞེན་ཆེ་བའི་མི་སྣ་དག་ལ་རྩལ་ངོམ་ས་དང་བློ་བསྐྱེད་ཐོབ་སའི་འགྲན་སྡུར་གྱི་སྟེགས་བུ་ཡག་པོ་ཞིག་བསྐྲུན།

3.jpg

དུས་ཡུན་རིང་བོའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད། བོད་འགྱིག་ལ་ཀྲུང་ཧྭ་མི་རིགས་ཀྱི་སེམས་ཁམས་དང་ཀུན་སྤྱོད། སྙིང་རུས། རིན་ཐང་གི་ལྟ་བ། མཛེས་དཔྱོད་ཀྱི་ལྟ་བ་འདུས་ཡོད་པས། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་དང་ལུས་རྩལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། 2021ལོར། རྔ་བ་རྫོང་གི་བོད་འགྱིག་སྐོར་ཐེངས་ལྔ་པའི་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་གྲལ་དུ་ཚུད་ཅིང་། སི་ཁྲོན་ཞིང་ཆེན་གྱི་དམངས་ཁྲོད་རིག་རྩལ་གྱི་ཕ་ས་ཞེས་པའི་མཚན་སྙན་བསྩལ།

4.jpg

སྣ་མང་ཕུན་སུམ་ཚོགས་པའི་བོད་འགྱིག་རིག་གནས་ཀྱི་བྱེད་སྒོ་འདིས་རྔ་བའི་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ལ་ནུས་ཤུགས་ཆེན་པོ་བཏོན་དང་འདོན་མུས་ཡོད།


མཉམ་སྤྱོད།