དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-09-05 07:33:01   |   182

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།  

49a412591109bab91f11a3e4b951f20.jpg

ཟླ9ཚེས4ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གསོལ་སྟོན་བསྡུས་ནས། ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པའི་ཨ་ཧྥེ་རི་ཁ་ཕྱོགས་དང་རྒྱལ་སྤྱིའི་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུས། 

d5ac807b5e4b11293db59eb2eb8b0bb.jpg 

ཟླ9ཚེས4ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་རྒྱལ་དོན་འཚམས་འདྲི་གནང་མཁན་སེ་ནེ་ཀལ་གྱི་ཙུང་ཐུང་ཧྥ་ཡེ་དང་གྲོས་མོལ་གནང་།  

484c402bf9232f2cb3e2597e51fa272.jpg

ཟླ9ཚེས4ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པའི་ཐན་ཙན་ནི་ཡའི་ཙུང་ཐུང་ཧ་སང་དང་ཙན་པི་ཡའི་ཙུང་ཐུང་ཞི་ཆི་ལའེ་མ་རྣམ་གཉིས་དང་མཉམ་དུ《ཐན་ཙན་ལྕགས་ལམ་སྐུལ་སློང་རྣམ་གྲངས་ཀྱི་བསམ་ཤེས་དྲན་ཐོའི》མིང་རྟགས་བཀོད་པའི་དཔང་པོ་གནང་།  

403640b31eed2295e2bfbe0e5f1d87f.jpg

ཟླ9ཚེས4ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པའི་སི་ར་ལ་ཨོང་གི་ཙུང་ཐུང་པི་ཨའོ་དང་མཇལ་འཕྲད་གནང་། 

54a7eb815e318b6904a1f78b62aee41.jpg

ཟླ9ཚེས4ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པའི་ཐིག་དམར་ཀི་ནེ་ཡའི་ཙུང་ཐུང་ཨའོ་པི་ཨང་དང་མཇལ་འཕྲད་གནང་།  

6b7b0c3e626bd6c88346dc26e636859.jpg

ཟླ9ཚེས4ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པའི་ཐན་ཙན་ནི་ཡའི་ཙུང་ཐུང་ཧ་སང་དང་མཇལ་འཕྲད་གནང་།

b6daae9db00d48046654061542bc68e.jpg 

ཟླ9ཚེས4ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པའི་ཙན་པི་ཡའི་ཙུང་ཐུང་ཞི་ཆི་ལའེ་མ་དང་མཇལ་འཕྲད་གནང་།  

ff14ea47844c3c6743f3a69257ad5f6.jpg

ཟླ9ཚེས4ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པའི་མོ་ཙམ་པི་ཁེ་ཡི་ཙུང་ཐུང་ཉིའུ་ཞི་དང་མཇལ་འཕྲད་གནང་།

129805b615bcaee3b53c15043cd8b38.jpg

ཟླ9ཚེས4ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པའི་ལི་པི་ཡའི་ཙུང་ཐུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མན་ཧྥེ་དང་མཇལ་འཕྲད་གནང་།  རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ལིར་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་ཁྱབ་བསྒྲགས་གནང་།  

9b97b418c7a35bd8b9fc0d3203b51de.jpg

ཟླ9ཚེས4ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པའི་ཀ་པོན་གྱི་ཙུང་ཐུང་ཨེན་ཀུའེ་མ་དང་མཇལ་འཕྲད་གནང་།  

980e835eea825d3e41a5e1d5b8153e8.jpg

ཟླ9ཚེས4ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པའི་ཁ་མེ་རོང་གི་ཙུང་ཐུང་པི་ཡ་དང་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཁ་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོ་རུ་གཏོང་རྒྱུའི་ཁྱབ་བསྒྲགས་གནང་།  

01e4d6290f2a8f26767460724b285a9.jpg

ཟླ9ཚེས4ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་དངོས་གཞིའི་འཚམས་འདྲི་གནང་མཁན་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པི་དང་མཇལ་འཕྲད་གནང་།

བཟོ་ལས་དང་ཆ་འཕྲིན་པུའི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས13.4%འཕར་ཡོད་པ་རེད།  

སྡོད་ཁང་འཛུགས་སྐྲུན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་བདུན་པའི་བར་རྒྱལ་ཡོངས་སུ་མཁར་གྲོང་གི་གཞིས་ཁུལ་རྙིང་པ་ཁྲི3.8གསར་དུ་ལས་མགོ་བརྩམས་ནས་སྒྱུར་བཀོད་བྱས་པ་རེད།  

སྤྱི་ཚོགས། 

e55fc6a4620f1e093a143243fd2ac83.jpg

ཚེས4ཉིན་ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་རྒྱ་མཚོའི་རླུང་འཚུབ་ཀྱི་ཉེན་བརྡ་དམར་པོ་ཁྱབ་བསྒྲགས་བྱས་པ་སྟེ། ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང11པའི“མོ་ཅེ”དེ་རྒྱ་མཚོའི་རླུང་འཚུབ་རིམ་པ་ནས་རྒྱ་མཚོའི་རླུང་འཚུབ་དྲག་པོའི་རིམ་པར་འཕར་བ་དང་། སྔོན་དཔག་བྱས་ན་ཚེས6ཉིན་གྱི་ཕྱི་དྲོ་ཧའེ་ནན་ཆུང་ཧའེ་ནས་ཀོང་ཏུང་ཏན་པའེ་རྒྱུད་ཀྱི་མཚོ་རྒྱུད་དུ་སྐམ་སར་སླེབས་རྒྱུ་ཡིན་པ་རེད།  

འཕྲལ་བསྟུན་དོ་དམ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ8པའི་ཟླ་མཇུག་བར་ན་ནིང་གི་དུས་མཚུངས་དང་བསྡུར་ན་རྒྱལ་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ལས་འཛོལ་བསྡོམས་འབོར25.7%ཆག་ཡོད་པ་རེད།  

ཀྲུང་གོའི་ཁྲོམ་འགྲེམས་སྤྱི་གཉེར་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ལོ་སྟོད་དུ་རླངས་འཁོར་ལས་རིགས་ཀྱི་ལས་གཉེར་ཡོང་འབབ8%ལྷག་འཕར་བ་དང་། ཁེ་སྤོགས་ཁེ་གཙང20%ལྷག་འཕར་ཡོད་པ་རེད།  

རང་རྒྱལ་རྒྱལ་ནང་དུ་ཕྱི་རྒྱལ་གྱི་ཤེས་བྱའི་ཐོན་དབང་རྩོད་གཞིར་ཁ་གཏད་གཅོག་པའི་མཛུབ་ཁྲིད་ལྟེ་གནས་ཀྱི་ཡན་ལག་ལྟེ་གནས71བཙུགས་པ་དང་། རྒྱལ་ཁབ5རུ་ཕྱི་རྒྱལ་གྱི་ཡན་ལག་ལྟེ་གནས་བཙུགས་ཡོད།  

ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་དབྱར་ཁའི་སྐྱེལ་འདྲེན་རིང་དམངས་སྤྱོད་མཁའ་འགྲུལ་ཡོངས་ཀྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར1.4སྐྱེལ་འདྲེན་བྱས་པ་དང་། ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་ཁྲི228.9ཡིན་པ་དེ་ན་ནིང་ལས12.3%འཕར་ཡོད།  

ཉེ་ཆར། ཀྲུང་གོས་རྒྱལ་ཁོངས་ཨ་རི་ཡིན་པའི་འཇར་འགོག་མཁའ་འགྲུལ་དཔའ་བོ2590ཡི་མིང་ཐོ་ཕྱི་ཕྱོགས་སུ་ཐེངས་དང་པོར་ཁྱབ་བསྒྲགས་བྱས། 

2084b80a8f34420d48c1f96e1f0bcdc.jpg

ཚེས3ཉིན། ཙོའུ་ལི་ཅོན་གྱིས་ཕ་རི་སིའི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་མའི་ཞ་དབྲིལ(铅球)F34རིམ་པའི་རྟིང་རྩོད་འགྲན་བསྡུར་ནང་ཨང་དང་པོ་བླངས་ཤིང་། དེ་ནི་ཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་པ་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ནང་ཞུགས་ཚུན་གྱི་གསེར་གྱི་རྟགས་མ200པ་དེ་ཡིན་པ་རེད།  

ཚེས4ཉིན། ཐའོ་པའོ་དང་ཐེན་མའོ་གཉིས་ཀྱིས་བསམ་འཆར་བསྡུ་ལེན་མ་ཟིན་ཁག་སོ་སོར་ཁྱབ་བསྒྲགས་བྱས་ནས་འཛད་སྤྱོད་པའི་ཉོ་སྒྲུབ་ཉམས་ལེན་ཆེ་རུ་གཏོང་ཆེད། སྐད་འཕྲིན་གྱི་གཏོང་སྤྲོད་ནུས་པ་གསར་སྣོན་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།  

38411eb5acf84bf51eb28761ad317d4.jpg

རླུང་ཉ་མཉམ་འདྲེས་དྲ་སྒམ་སྟེགས་བུ་ཧ་ཅང་ཆེ་གྲས་ཏེ་ཀྲུང་གོ་ཀོང་ཀྲོའུ་ཉིང་རྡུལ“ཧྥུ་ཞི་དང་པོ(伏羲一号)”ཚེས4ཉིན་ཀོང་ཏུང་ཧྲན་ཝུའེ་རུ་དངོས་སུ་བསྐྲུན་ནས་འཁོར་སྐྱོད་བྱེད་མགོ་བརྩམས་པ་རེད།  

ad8cbe4b09efb9364ccd3fd18086f83.jpg

ས་གནས་དེ་གའི་དུས་ཚོད་ཚེས4ཉིན་ཀྲུང་གོའི་མཁའ་དམག་སྐྱེལ་འདྲེན-20དང་བརྒྱད་གཅིག་འཕུར་སྐྱོད་འཁྲབ་སྟོན་རུ་ཁག་གིས་ཨེ་ཅིབ་ཀྱི་མཁའ་འགྲུལ་འགྲེམ་སྟོན་རིང་གི་འགུལ་རྣམ་འཕུར་སྐྱོད་འཁྲབ་སྟོན་གྱི་ལས་འགན་རྒྱལ་ཁའི་ངང་ལེགས་སྒྲུབ་བྱས་པ་རེད།  

སྲིད་ཇུས། 

ཐེན་ཅིན་གྱིས་བྱེད་ཐབས་དཔར་འགྲེམ་བྱས་པར་གཞིགས་ན། ཐེན་ཅིན་དུ་ལས་གཏོད་བྱེད་པར་ཡོང་བའི་ཕྱི་འགྲིམ་ཕྱིར་ལོག་མི་སྣ་རང་རྒྱལ་དུ་ལོག་ནས་ལོ5ཡི་ནང་ཁང་པ་གླས་ནས་ཁེ་ལས་གཉེར་མཁན་གྱིས་ཆེས་རིང་ཤོས་ཟླ་བ24དང་ཟླ་རེར་ཆེས་མཐོ་ཤོས་སྒོར2500ཡི་ལས་གཏོད་ཁང་གླ་ཁ་གསབ་ལོངས་སུ་སྤྱོད་ཆོག་པ་རེད།  

ཧུའུ་ནན་གྱིས་ཇུས་གཞི་ཁྱབ་བསྒྲགས་བྱས་ནས། སློབ་གྲྭ་འབྲིང་ཆུང་གི“སློབ་གསེང་ཆེན་པོའི”བྱེད་སྒོ་ཁྱབ་གདལ་བཏང་སྟེ། སློབ་ཁྲིད་ཉིན་རེའི་སྔ་དྲོར་སྤེལ་རྒྱུ་དང་བྱེད་སྒོ་རེ་རེའི་དུས་ཡུན་སྐར་མ30ཡན་སྤེལ་རྒྱུ་ཡིན་ཞེས་བཏོན་ཡོད་པ་རེད།  

ཧའེ་ནན་གྱིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་པོ་དང་གཉིས་པའི་སྤྱི་གསོག་མ་དངུལ་དངུལ་བུན་གྱི་ཐོག་མའི་དངུལ་སྤྲོད་བསྡུར་ཚད་དམའ་ཤོས་དེ15%ལ་ལེགས་སྒྲིག་བྱས་ཡོད་ཅེས་ཁ་གསལ་བཟོས་པ་རེད།  

དེ་རིང་གི་གནམ་གཤིས།  

5e5214e49947a03b7c83ed4cdf920d7.jpg

ཧེ་ལུང་ཅང་ཤར་རྒྱུད་དང་ཅི་ལིན་དབུས་ཤར་རྒྱུད། ལིའོ་ཉིང་ཤར་རྒྱུད། ཧོ་པེ་དབུས་རྒྱུད། ཐེན་ཅིན་ལྷོ་རྒྱུད། ཧྲན་ཏུང་བྱང་རྒྱུད། བོད་ལྗོངས་ཤར་རྒྱུད། མཚོ་སྔོན་ལྷོ་རྒྱུད། སི་ཁྲོན་ལྷོ་རྒྱུད། ཡུན་ནན་དབུས་ལྷོ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབྲིང་ནས་ཆར་ཆེན་འབབ་པ་དང་། དེའི་ནང་ཅི་ལིན་དབུས་རྒྱུད་དང་སི་ཁྲོན་གཤོང་སའི་ལྷོ་ནུབ་རྒྱུད། ཡུན་ནན་དབུས་རྒྱུད། ཀོང་ཏུང་ལྷོ་རྒྱུད་ཀྱི་མཚོ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་བྱང་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད། 


མཉམ་སྤྱོད།