དེ་རིང་ནི2024ལོའི་ཟླ12པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-11-27 07:35:31   |   247

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.JPG.jpg

  • ཟླ11ཚེས26ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་གི་ཏེའོ་ཡུས་ཐའེ་རྒྱལ་ཁབ་མགྲོན་བསུ་ཁང་དུ་སིང་ཀ་ཕོར་གྱི་རྒྱལ་དོན་ལས་རོགས་ལི་ཞན་ལུང་དང་མཇལ་འཛོམས་གནང་།

02.JPG.jpg

  • ཟླ11ཚེས26ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་གི་ཏེའོ་ཡུས་ཐའེ་རྒྱལ་ཁབ་མགྲོན་བསུ་ཁང་དུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ས་མོ་ཡའི་ཙུང་ལི་ཧྥེ་ཡ་མེ་དང་མཇལ་འཛོམས་གནང་།

  • ནོར་སྲིད་པུའི་གྲངས་གཞི་ལས་མངོན་པར། ཟླ1པོ་ནས10པའི་བར། རྒྱལ་དབང་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི67ལས་བརྒལ་བ་དང་། དུས་མཚུངས་ལས0.9%འཕར་ཡོད།

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའི་གྲངས་གཞི་ལས་མངོན་པར། སྔོན་གྱི་དུས་ཚིགས་གསུམ་པོར། རྒྱལ་ཡོངས་སུ་གསར་དུ་གཉེར་བའི་ཁྲལ་འབྲེལ་གཉེར་སྐྱོང་དུད་ཚང་ཁྲི1257.8ལ་སླེབས་པ་དང་། དུས་མཚུངས་ལས་4%འཕར་ཡོད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ1པོ་ནས10པའི་བར། ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཁྲས་མི་ཐེངས་དུང་ཕྱུར་2.83ལ་རོགས་སྐྱོར་བྱས་པ་དང་། མཉམ་རོགས་མ་དངུལ་སྒོར་དུང་ཕྱུར་369ལ་སླེབས་ཡོད།

  • བཟོ་ལས་དང་ཆ་འཕྲིན་ཅན་པུའི་ཆ་འཕྲིན་ལ་གཞིགས་ན། 2027ལོའི་ལོ་མཇུག་ཏུ་སླེབས་སྐབས། རང་རྒྱལ་གྱིས་5Gགཞི་ཁྱོན་ཅན་གྱི་བེད་སྤྱོད་ཁྱོན་ཡོངས་ནས་མངོན་འགྱུར་བྱ་རྒྱུ་དང་། 5Gམི་སྒེར་ལ་ཁྱབ་ཚད85%ལས་བརྒལ་རྒྱུ་རེད།

  • སྤྱི་བདེ་པུ་སོགས་སྡེ་ཚན་བཞིས་མཉམ་འབྲེལ་ཐོག《གློག་འཕྲིན་དྲ་རྒྱའི་མགོ་སྐོར་དང་དེ་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་ལ་མཉམ་དུ་ཆད་པ་གཅོད་པའི་བྱེད་ཐབས》པར་འགྲེམས་བྱས་པ་དང་། ཟླ12ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

  • ཟླ10པར། རང་རྒྱལ་གྱི་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་གཞི་ཁྱོན་བརྟན་པོའི་ངང་འཕར་བའི་རྣམ་པ་ཐོན་ནས་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་གྱི་སྤྱིའི་འཁོར་རྒྱུག་བྱེད་ཚད་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད། ཟོག་འདྲེན་བྱེད་ཚད་བཅས་2019ལོའི་དུས་མཚུངས་ལས་སོ་སོར་17.8%དང་། 12.5%  21.4%འཕར་ཡོད་པ་རེད།

03.JPG.jpg

  • ཚེས26ཉིན། མཁའ་དམག་གི་དབོར་འདྲེན-20རྟགས་ཅན་གྱི་དམག་སྤྱོད་སྐྱེལ་འདྲེན་གནམ་གྲུ་ཆེ་གྲས་ཤིག་ཧྭ་ཀྲུང་གི་གནམ་ཐང་ཞིག་ནས་འཕུར་ཏེ་ཁོ་རེ་ཡར་བསྐྱོད་པའི་ཁག་བཅུ་གཅིག་པའི་ཁོ་རེ་ཡར་ཡོད་པའི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་སྐུ་རུས་རང་རྒྱལ་དུ་བསུ་འདྲེན་བྱ་རྒྱུའི་ལས་འགན་སྒྲུབ་འགོ་བརྩམས།

  • ཚེས26ཉིན། ཨ་རིའི་དམག་དཔུང་གི་P-8Aཆུར་འཛུལ་གྲུ་གཟིངས་ལ་ལྟ་རྟོག་བྱེད་པའི་སྐོར་ཞིབ་གནམ་གྲུ་ཞིག་ཐའེ་ཝན་མཚོ་འགག་ཏུ་འཕུར་སྐྱོད་བྱས་པ་མ་ཟད་ཡོངས་བསྒྲགས་སུ་འུད་སྒྲོག་བྱས་པ་རེད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཤར་རྒྱུད་དམག་ཁུལ་གྱིས་མཚོ་དམག་དང་མཁའ་དམག་གི་དམག་ཤུགས་སྒྲིག་འཛུགས་བྱས་ཏེ་ཨ་རིའི་གནམ་གྲུ་འཕུར་སྐྱོད་བྱ་སྤྱོད་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དང་ཉེན་ཟོན་བྱས་ནས་ནུས་ལྡན་བྱ་སྤྱོད་སྤེལ་བ་རེད།

སྤྱི་ཚོགས།

04.JPG.jpg

  • ཚེས26ནས་ཚེས28བར། ནང་སོག་གི་བྱང་ཤར་རྒྱུད་དང་བྱང་ཤར་ས་ཁུལ་མང་ཆེ་བ། ཀྲེ་ཅང་གི་དབུས་ལྷོ་རྒྱུད། ཧྥུ་ཅན་གྱི་བྱང་རྒྱུད་སོགས་ས་ཁུལ་དུ་སྔ་ཕྱིར་དྲོད་ཚད་6~10℃ཇེ་དམའ་རུ་འགྲོ་རྒྱུ་དང་། དེའི་ནང་། ཧེ་ལུང་ཅང་གི་ས་ཁུལ་མང་ཆེ་བ་དང་། ཅི་ལིན་གྱི་ཤར་རྒྱུད་ས་ཁུལ་དུ་དྲོད་ཚད་12~16℃མར་ཆག་རྒྱུ་ཡིན་པ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད18℃ཡན་ཇེ་དམའ་རུ་འགྲོ་རྒྱུ་རེད།

  • རང་བྱུང་ཐོན་ཁུངས་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་65ཡི་བགོ་འཚོང་རྣམ་པའི་འགན་ལེན་རང་བཞིན་གྱི་སྡོད་ཁང་རྣམ་གྲངས་མགྱོགས་མྱུར་དོན་འཁྱོལ་བྱེད་བཞིན་ཡོད་པ་རེད།

  • རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར། གོ་ལ་ཧྲིལ་པོར་དོམ་ཁྲའི་གྲངས་འབོར757ལ་སླེབས་པ་དང་། དོམ་ཁྲའི་རིགས་ཚོགས་ཀྱི་གྲུབ་ཆ་མུ་མཐུད་ལེགས་སུ་འགྲོ་བཞིན་ཡོད་པ་རེད།

  • 2024ལོའི་ཟླ11བར་དུ། “ཀྲུང་གོའི་གནམ་མིག”ཤེས་རྟོགས་བྱུང་བའི་རྩ་འཕར་བརྟན་སྐར་གྱི་གྲངས་འབོར1000ལས་བརྒལ་ནས། དུས་སྐབས་གཅིག་མཚུངས་ཀྱི་རྒྱལ་སྤྱིའི་རྒྱང་ཤེལ་གཞན་གྱིས་མཐོང་བའི་རྩ་འཕར་བརྟན་སྐར་གྱི་གྲངས་འབོར་གྱི་སྡོམ་འབོར་ལས་བརྒལ་ཡོད་པ་རེད།

  • ཚེས26ཉིན། ཀྲུང་གོ་དངུལ་ཁང་མ་རྐང་ཚད་ཡོད་སྤྱི་གཉེར་གྱི་དེ་སྔའི་ཏང་ཨུའི་ཧྲུའུ་ཅི་འམ་ཏུང་ཧྲི་ཀྲང་ལིའུ་ལེན་ཀོ་ཡིས་ལྐོག་རྔན་བླངས་པ་དང་ཁྲིམས་འགལ་ངང་དངུལ་བུན་སྤྲད་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ལིའུ་ལེན་ཀོ་འཆི་འགྱངས་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད།

  • ཞིབ་དཔྱོད་ལས་ཁུངས་ཀྱིས་ཧེ་ལུང་ཅང་ཞིང་ཆེན་ཏང་ཨུའི་དེ་སྔའི་རྒྱུན་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་གཞོན་པ་ཝང་དབྱི་ཞིན་གྱི་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་དོན་ལ་ཁྲིམས་ལྟར་གཞུང་ཕྱོགས་ནས་ཞུ་སྦྱོར་བྱས་ཡོད།

  • ཚེས26ཉིན། རང་རྒྱལ་གྱི“འཕྲེད་བརྒྱད་གཞུང་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་གྲུབ་ཆ་གལ་ཆེན་ཅི་ཉིང་བརྒྱུད་ཏ་ཐུང་ནས་ཡོན་ཕིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་འཁོར་སྐྱོད་ཚོད་ལྟའི་དུས་མཚམས་སུ་སླེབས་པ་དང་། ལོ་མཇུག་ཏུ་ཤར་གཏོང་ཐུབ་པའི་ཆ་རྐྱེན་འཛོམས་ཡོད།

05.JPG.jpg

  • རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་སྐམ་སའི་རྡོ་གཡམ་སྣུམ་དཔེ་སྟོན་ཁུལ་ཐོག་མ་སྟེ། ཞིན་ཅང་ཅི་མུའུ་སར་རྒྱལ་ཁབ་རིམ་པའི་སྐམ་སའི་རྡོ་གཡམ་སྣུམ་དཔེ་སྟོན་ཁུལ་ནས་ཉིན་ཤས་གོང་ཉིན་རེར་ཐོན་ཚད་ཏུན་4000ལས་ཐོག་མར་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད།

06.JPG.jpg

  • ཚེས26ཉིན། རང་རྒྱལ་གྱི་འཕྲེད་ཐིག་མཐོ་བའི་གྲང་ངར་ཆེ་བའི་མཐའ་འཁོར་ལམ་ཐིག་གི་ས་འོག་ལྕགས་ལམ་ཐོག་མ་སྟེ། ཧའར་པིན་ས་འོག་ལྕགས་ལམ་གྱི་ལམ་ཐིག3པ་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་པ་རེད།

  • ཧྥུ་ཅན་ཧྥུ་ཀྲོའུ་འགག་སྒོས་བཟོས་སྣུམ་ལྐོག་འདྲེན་གྱི་གྱོད་གཞི་ཧ་ཅང་ཆེན་པོ་ཞིག་རྩད་ཆོད་པ་དང་། གྱོད་འབྲེལ་དངུལ་སྒོར་དུང་ཕྱུར་6.9ཡིན།

སྲིད་ཇུས།

  • ཧྲང་ཧའེ་ཡིས་རྒན་གསོ་ནད་གཡོག་པའི་ལས་རིགས་རྩལ་ནུས་རིམ་པའི་གོ་རིམ་འཐུས་ཚང་དུ་བཏང་བ་དང་། མཐོ་རིམ་ལག་རྩལ་པའི་རྨང་གཞིའི་ཐོག་དམིགས་བསལ་རིམ་པའི་ལག་རྩལ་པ་དང་དབུ་བཞུགས་ལག་རྩལ་པ་མང་དུ་བཏང་བ་རེད།

  • ཐེན་ཅིན་གྱིས་ཚོང་ལས་མུ་འབྲེལ་ཁེ་ལས་ཆེ་གྲས་གྲོང་གསེབ་ཀྱི་ཁྲོམ་རར་བསྐྱོད་དེ་རྫོང་ཁོངས་སུ་ཚོང་ཁང་དང་དྲ་ཚུགས་གསར་འཛུགས་སམ་ཡང་ན་རིམ་སྤོར་སྒྱུར་བཀོད་བྱེད་པར་གཅིག་གྱུར་མཛེས་རྒྱན་དང་ལེ་ལག་ཚང་བའི་སྒྲིག་བཀོད་དང་སྒྲིག་ཆས་ཉོ་སྒྲུབ་བྱེད་པར་རྣམ་གྲངས་ཀྱི་སྤྱིའི་མ་འཇོག་གི50%ལས་མི་བརྒལ་བའི་ཁ་གསབ་སྤྲོད་རྒྱུ་དང་། སྒོར་ཁྲི500ལས་མི་བརྒལ་བ།

  • ཀོང་ཀྲོའུ་ཡིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཏོང་ཚད་མཐོ་ཤོས་མཐོ་རུ་བཏང་སྟེ། “མི་གཅིག”དང“མི་གཉིས་སམ་ཡང་ན་གཉིས་ཡན”གྱི་དངུལ་བུན་གཏོང་ཚད་མཐོ་ཤོས་དེ་སྒོར་ཁྲི་80དང་སྒོར་ཁྲི་160བར་སོ་སོར་སྤར་བ་རེད།

དེ་རིང་གི་གནམ་གཤིས།

07.JPG.jpg

  • ནང་སོག་གི་དབུས་ཤར་རྒྱུད་དང་། བྱང་ཤར་གྱི་ས་ཁུལ་མང་ཆེ་བ། བོད་ལྗོངས་ཀྱི་ཤར་རྒྱུད། ཧྲའན་ཞིའི་བྱང་རྒྱུད། ཧྲན་ཏུང་གི་བྱང་རྒྱུད། ཁྲོན་ཞི་མཐོ་སྒང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་ཙམ་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། དེའི་ནང་། ནང་སོག་གི་བྱང་ཤར་རྒྱུད་དང་ཧེ་ལུང་ཅང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆེན་ནས་ཁངས་འཚུབ་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་ལྷོ་རྒྱུད་དང་། ཁྲོན་ཞི་མཐོ་སྒང་གི་ལྷོ་རྒྱུད། སི་ཁྲོན་གཤོང་སའི་ལྷོ་ནུབ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་ཆུང་ཆུང་འབབ་རྒྱུ་རེད།


མཉམ་སྤྱོད།