དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-12-20 07:00:04   |   146

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • ཚེས19ཉིན་གྱི་སྔ་དྲོར། ཨོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་གི་ཕེབས་རོགས་འོག རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨོ་མོན་ཚན་རྩལ་སློབ་ཆེན་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། སློབ་གྲྭའི་དགེ་སློབ་དང་ཚན་ཞིབ་ལས་དོན་པ་དང་བྱམས་བརྩེའི་ཁ་བརྡ་གནང་།

2.jpg

  • ཚེས19ཉིན་གྱི་སྔ་དྲོར། ཨོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་གི་ཕེབས་རོགས་འོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཧེང་ཆིང་དང་། ཀོང་ཏུང་། ཨོ་མོན་བཅས་ཀྱི་མཉམ་ལས་གཏིང་ཟབ་ཁུལ(深度合作区)དུ་རྟོག་ཞིབ་གནང་བར་ཕེབས།     

  • ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོ་མོན་དུ་ཨོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དང་། ཁྲིམས་འཛུགས། ཁྲིམས་འཛིན་བཅས་སྒྲིག་གཞིའི་འགན་འཁུར་བ་དང་མཇལ་འཛོམས་གནང་།     

  • ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོ་མོན་དུ་ཨོ་མོན་གྱི་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་ཚབ་མི་སྣ་དང་མཇལ་འཛོམས་གནང་སྟེ། ཚང་མས་ཨོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་ཆེད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་མུ་མཐུད་དུ་མཐུན་སྒྲིལ་འབད་འཐབ་བྱས་ནས་ཨོ་མོན་གྱི་འོད་སྟོང་གསར་པ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས།     

  • ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོ་མོན་དུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་དང་ཨོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཟུར་པ་ཚུའེ་ཧྲི་ཨན་དང་མཇལ་འཛོམས་གནང་།     

  • ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོ་མོན་དུ་ཨོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བའི་རྟེན་འབྲེལ་དགའ་སྟོན་ལ་ཕེབས་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་མཇལ་འཛོམས་གནང་།

3.jpg

  • ཚེས19ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དགོང་མོའི་དགའ་བསུའི་གསོལ་སྟོན་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་།     

  • ཨོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་དེ་ཚེས19ཉིན་གྱི་དགོང་མོར་ཨོ་མོན་གྱི་ཨེ་ཤེ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ཁང་ནང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཁྲབ་སྟོན་ལ་གཟིགས།     

  • འགག་སྒོ་ལས་ཁུངས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་ཀོང་ཏུང་དང་། ཤང་ཀང་། ཨོ་མོན་བཅས་ཀྱི་མཚོ་ཁུགས་ནས་ནང་ལོགས་ཀྱི་ས་ཁུལ་དང་གྲོང་ཁྱེར་དགུ་ལ་ཕྱིར་གཏོང་ནང་འདྲེན་བྱས་པའི་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི7.95ཟིན། དུས་མཚུངས་ལས10.3%འཕར་ཡོད་ཅིང་དེས་རྒྱལ་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྡོམ་འབོར་གྱི20%བཟུང་ཡོད།     

4.jpg

  • ཚེས19ཉིན། རང་རྒྱལ་གྱིས་སྙེ་ལྷ་དང་པོ་རྟགས་ཅན་གྱི་མཚོ་འཕེན་རྣམ་པའི་རྒྱང་ལམ་མེ་ཤུགས་འཕུར་མདའ་བཞི་པ་བདེ་བླག་ངང་འཕངས་པ་དང་། ཞོར་དུ་འཕེན་གཏོང་བྱས་པའི་གནམ་སྒུལ་སྐར་ཁྱིམ་གྱི་སྐར་མ33ནས36སྔོན་གྱི་གཏན་འཁེལ་བྱས་པའི་འཁོར་ལམ་དུ་བསྐྱོད་པ་དང་།    འཕུར་སྐྱོད་ཚོད་ལྟའི་ལས་འགན་ལེགས་པར་གྲུབ།   

    སྤྱི་ཚོགས།

5.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་རླུང་ཆེན་གྱི་མཐིང་མདོག་ཉེན་བརྡ་བཏང་བ་སྟེ། དེ་རིང་བོད་ལྗོངས་ཀྱི་དབུས་བྱང་རྒྱུད་དང་། མཚོ་སྔོན་གྱི་ལྷོ་ནུབ། ནང་སོག་གི་དབུས་རྒྱུད། ཧོ་པེའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་རིམ་པ5ནས6བར་གྱི་རླུང་གཡུག་རྒྱུ་དང་། ཐོལ་རླུང་རིམ་པ7ནས8བར་སླེབས་རྒྱུ་རེད།     

  • ཚེས19ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ། ཧྲན་ཞིའི་ཞིང་ཨུ་བཅས་ཀྱིས་ཐའེ་ཡོན་དུ་མཉམ་འབྲེལ་སྒོས་གཟེངས་བསྟོད་ཚོགས་ཆེན་འཚོགས་ཏེ། བློ་མཐུན་ཧན་ཞུས་ཧུའེ་ལ“རྒྱལ་ཡོངས་ཀྱི་དཔེ་བཟང་ཁྲིམས་དཔོན”དང“ཧྲན་ཞི་ཞིང་ཆེན་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་རྗེས་སྤྲོད་བྱས།     

  • ཚེས19ཉིན། ཡུས་ཧྭ་དབྱིང་གིས་བྱིས་པ་མི་འཚོང་བརྒྱབ་པའི་གྱོད་གཞིར་བསྐྱར་དུ་འདྲི་གཅོད་ཐེངས་གཉིས་པ་བྱས་པ་དང་། ཀུའེ་ཀྲོའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་རར་ཡུས་ཧྭ་དབྱིང་གིས་གོང་གཏུག་བྱས་པ་ཕྱིར་སློག་བྱས་ཤིང་། འདྲི་གཅོད་དང་པོར་སྲོག་ཁྲིམས་བཅད་པར་འགྱུར་བ་བྱུང་མེད།     

  • ཟླ12པའི་ཚེས18ནས21ཉིན་བར་ལྷོ་རྒྱ་མཚོའི་ཆུ་ཁོངས་ཁག་གཅིག་ཏུ་དམག་དོན་སྦྱོང་བརྡར་བྱ་རྒྱུ་རེད། མཚོ་སྐྱོད་བྱ་མི་ཆོག

  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་དེ་སྔའི་རྒྱུན་ཨུ་འམ་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་གཞོན་པ་ཀོའུ་ཀྲུང་ཝུན་འཛིན་བཟུང་བྱ་རྒྱུའི་ཐག་བཅད།     

  • ཚེས19ཉིན་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་དབྱང་ཁེ་ཉིང་གིས་ལྐོག་རྔན་བླངས་པ་དང་ཁྲིམས་འགལ་ངང་མེ་མདའ་དང་མདེལ་བདག་བཟུང་བྱས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས། 

6.jpg    

  • ཚེས19ཉིན། རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཆེ་གྲསC919ཡིས་རིམ་རྩིས་བྱས་ན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི100ལས་བརྒལ།    

  • ཀྲེ་ཅང་ཉིང་པོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་རྟེན་གཞིའི་ལོ་རེའི་སྣུམ་སྦྱང་ནུས་པ་ཏུན་ཁྲི5000ལས་བརྒལ་ཏེ། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེས་ཆེ་བའི་འཛམ་གླིང་རིམ་པའི་རྡོ་སྣུམ་རྫས་འགྱུར་བཟོ་ལས་རྟེན་གཞིར་གྱུར།    

  • ཚེས19ཉིན་སྐད་གྲགས་ཆེ་བའི་གློག་བརྙན་འཁྲབ་སྟོན་སྒྱུ་རྩལ་མཁས་ཅན་དང་གློག་བརྙན《ལང་ཚོའི་གླུ་དབྱངས》ཞེས་པའི་ཁྲོད་ཀྱི་ལིན་ཏའོ་ཅིང་གི་འཁྲབ་སྟོན་པ་ཞེ་ཧྥང་སྐུ་གཤེགས། སྐུ་གཤེགས་སྐབས་དགུང་ལོ89རེད།     

     སྲིད་ཇུས།

  • ཀོང་ཏུང་གིས་སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་དུ་སྤྱིར་ན་སློབ་གྲྭའི་ནང་དུ་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་འཛུགས་མི་ཆོག་པ་དང་། བཙུགས་ཟིན་པ་རྣམས་རིམ་བཞིན་ཕྱིར་འཐེན་བྱེད་དགོས་པའི་བསམ་འཆར་པར་འགྲེམ་བྱས།     

  • ཧེ་ལུང་ཅང་གིས་ཚེས19ཉིན་ནགས་དཔོན་ལམ་ལུགས་ཀྱི་སྲོལ་ཡིག་ལ་གྲོས་འཆམ་བྱུང་།   ནགས་དཔོན་གྱིས་ནགས་དཔོན་གྱི་འགན་འཁྲི་ལག་བསྟར་མི་བྱེད་པའམ་ཡང་ན་ཡང་དག་སྒོས་ལག་བསྟར་མི་བྱེད་ཚེ། གོང་རིམ་ནགས་དཔོན་གྱིས་དེ་ལ་ཁ་ཆད་གླེང་མོལ་བྱ་ཆོག་པ་གཏན་འཁེལ་བྱས།     

  • ཅི་ལིན་གྱིས་ཡོངས་བསྒྲགས་བྱས་པར་གཞིགས་ན། གངས་འཁྱགས་ཀྱི་དམངས་ཕན་འཛད་སྤྱོད་འཛིན་ཤོག་གི་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར1བར་མང་དུ་གཏོང་རྒྱུ་དང་། ཁག་དང་པོའི་སྒོར་ཁྲི3000གི་འཛད་སྤྱོད་འཛིན་ཤོག་བཏོན་ཟིན།     

    དེ་རིང་གི་གནམ་གཤིས།     

7.jpg   

  • ནང་སོག་གི་ཤར་རྒྱུད་དང་། ཧོ་པེའི་བྱང་རྒྱུད། ཅི་ལིན་གྱི་ཤར་ལྷོའི་རྒྱུད། ལིའོ་ཉིན་གྱི་བྱང་ཤར་རྒྱུད། ཧོ་པེ་ཡི་བྱང་རྒྱུད། ཞིན་ཅང་གི་དབྱི་ལི་ལུང་གཞུང་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བའམ་ཁངས་མ་ཆར་འབབ་རྒྱུ་རེད། སི་ཁྲོན་གཤོངས་སའི་ནུབ་རྒྱུད་དང་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་རྒྱུད། ཡུན་ནན་གྱི་བྱང་ཤར་ས་ཁུལ། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་དང་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་སིམ་སིམ་འབབ་རྒྱུ་རེད།


མཉམ་སྤྱོད།