དེ་རིང་ནི2025ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-01-23 09:16:25   |   2505

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.1.jpg

  • ཚེས22ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྲང་ངར་ལ་མ་འཛེམ་པར་ལེའོ་ཉིང་ཞིང་ཆེན་ཧུའུ་ལུའུ་ཏའོ་གྲོང་ཁྱེར་སུའེ་ཀྲུང་རྫོང(绥中县)་མན་ཇུ་རིགས་ཤང(满族乡)་ཀྲུའུ་ཅ་ཀོའུ་སྡེ་བར་ཕེབས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་གནང་པ་དང་། ན་ནིང་གི་ཆུ་ལོག་དང་ཞོད་སྐྱོན་རྗེས་ཀྱི་ས་གནས་དེ་གའི་སླར་གསོ་བསྐྱར་སྐྲུན་གནས་ཚུལ་ལ་ཡུལ་དངོས་སུ་ལྟ་ཞིབ་གནང་ལ། དགུན་ཁ་མ་སླེབས་གོང་སྡོད་ཁང་གསར་པར་སྤོས་པའི་གྲོང་མིའི་ཁྱིམ་དུ་བསྐྱོད་ནས་བསྐྱར་སྐྲུན་བྱས་པའི་ཁང་པའི་སྤུས་ཚད་དང་རྒྱུན་ལྡན་གྱི་འཚོ་བའི་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་།     

  • ཉེ་ཆར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བའི་འཆར་འགོད(2024ལོ་ནས2027ལོའི་བར)》པར་འགྲེམ་བྱས།

  • 2024ལོར་རྒྱལ་ནང་དུ་གནས་སྐོར་ལ་འགྲོ་མཁན་མི་ཐེངས་དུང་ཕྱུར56.15ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་དུང་ཕྱུར7.24འཕར་བ་དང་། དུས་མཚུངས་ལས14.8%འཕར་ཡོད།     

  • 2024ལོར་རང་རྒྱལ་གྱི་ནུས་ཁུངས་གསར་པའི་རླངས་འཁོར་ལོ་རེར་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཚད་སོ་སོར་ཁྲི1288.8དང་ཁྲི1286.6ཡིན་པ་དང་། བསྟུད་མར་ལོ10ལ་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད།     

  • ཀྲུང་དབྱང་དངུལ་རྩའི་གཞུང་དོན་ཁང་དང་ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན་སོགས་པུ་ཨུ་མང་པོ་ཞིག་གིས་མཉམ་འབྲེལ་ཐོག་ཇུས་གཞི་པར་འགྲེམ་བྱས་ནས་ཚོང་ལས་འགན་བཅོལ་མ་དངུལ་སོགས་དུས་ཡུན་རིང་འབྲིང་གི་མ་དངུལ་ཁྲོམ་རར་ཞུགས་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུར་གཙོ་གནད་ཐོག་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་བསྟན།

  • ཆུ་བེད་པུ་དང་ནོར་སྲིད་པུ་སོགས་སྡེ་ཚན་དྲུག་གིས་ཉེ་ཆར་མཉམ་འབྲེལ་ཐོག་བསམ་འཆར་པར་འགྲེམ་བྱས་ཏེ། 2030ལོའི་བར་དུ། ས་གནས་ཁག་གིས“མ་ཡུམ་གཙང་བོ”གཙོ་གནད་དུ་བཟུང་ནས་བདེ་སྐྱིད་ཆུ་བོ་དང་མཚེའུ(幸福河湖)ཁག་ཅིག་བསྐྲུན་རྒྱུ་དང་། 2035ལོར་སླེབས་སྐབས་བདེ་སྐྱིད་ཆུ་བོ་དང་མཚེའུ་གཞི་རྩའི་ཐོག་བསྐྲུན་ནས་གྲུབ་དགོས་པ་ཁ་གསལ་བཏོན།    

  • ཉེ་ཆར།《སློབ་གྲྭ་ཆུང་འབྲིང་གི་ཚན་རིག་སློབ་གསོའི་ལས་ཀའི་ཕྱོགས་སྟོན》པར་འགྲེམ་བྱས། དེའི་ནང་སློབ་གྲྭ་ཚང་མར་ཉུང་མཐར་ཡང་ཚན་རིག་སློབ་གཙོ་གཞོན་པ(科学副校长)་གཅིག་ཡོད་དགོས་ཞེས་བཏོན་ཡོད།

  • ཚེས22ཉིན་ཆམ་རིམས་སྨན་བཅོས་ཇུས་གཞི་གསར་པ་ཁྱབ་བསྒྲགས་བྱས། ཆམ་རིམས་ནད་དུག་འགོག་པའི་སྨན་རྫས་མ་པ་ལུའོ་ཧྲ་ཝེ་དང་ཧྥ་ཝེ་ལ་གཉིས་གསར་དུ་བསྣན་པ་མ་ཟད། ནུས་པ་དང་ལམ་སྲོལ་གཅིག་མཚུངས་ཀྱི་ནད་དུག་འགོག་པའི་སྨན་རྫས་མཉམ་དུ་མི་སྤྱོད་རྒྱུའི་བསམ་འཆར་བཏོན།

1.2.jpg

  • མཚོ་དམག054Bསྲུང་སྐྱེལ་གྲུ་གཟིངས་དང་པོ་སྟེ་ལུའོ་ཧོ་གྲུ་གཟིངས་ཚེས22ཉིན་ཧྲན་ཏུང་ཆིང་ཏའོ་ཡི་དམག་སྤྱོད་གྲུ་ཁ་ག་གེ་མོ་ཞིག་ཏུ་རྩིས་སྤྲོད་བྱས།

  • རྒྱལ་སྤྱིའི་ནུས་ཁུངས་ཧྲུའུ་ཡིས2024ལོར་གོ་ལ་ཧྲིལ་པོའི་རང་བྱུང་སོལ་རླངས་འཛད་སྤྱོད་ཚད་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བརྒལ་ཡོད་ཅེས་ཁྱབ་བསྒྲགས་བྱས།

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་དཔྱད་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ཚེས23ཉིན་ནས་ཚེས27ཉིན་བར་གྲང་རྒྱུན་དང་ཁངས་ཆར་གྱིས་ནུབ་ཕྱོགས་ནས་ཤར་ཕྱོགས་སུ་རིམ་བཞིན་རང་རྒྱལ་གྱི་ས་ཁུལ་མང་ཆེ་བར་ཤུགས་རྐྱེན་ཐེབས་རྒྱུ་རེད། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་། ཧྭ་བྱང་གི་ནུབ་རྒྱུད།    ཧོང་ཧོའེ་ཡི་ལྷོ་ནུབ་རྒྱུད། སི་ཁྲོན་གྱི་ལྷོ་རྒྱུད་སོགས་སུ་གྲང་རྒྱུན་དང་ཁངས་ཆག་གི་ཉེན་ཁ་འབྲིང་ནས་ཆེ་བའི་བར་ཡོད།

  • ཚེས22ཉིན།(དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དགུ་པ)སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འཁོར་སྐྱོད་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར2.3ལས་བརྒལ་ཡོད།

1.3.jpg

  • ཚེས22ཉིན། 2025ལོའི་དཔྱིད་གསར་དུས་ཆེན་གྱི་གློག་བརྙན་རེའུ་མིག་ཁྱབ་བསྒྲགས་བྱས། ལོ་གསར་གྱི་ཉིན་དང་པོར་སྟོན་རྒྱུ་རེད།

1.4.jpg

  • ཚེས22ཉིན་པེ་ཅིང་ཁྲང་ཨན་ཁྲོམ་དང་ལམ་རྒྱུད་ཀྱི་དཔྱིད་གསར་དུས་ཆེན་གྱི་མཛེས་སྤྲས་གློག་ཚང་མ་བཀར་ཡོད་པ་དང་། “དཔྱིད་གསར་དུས་ཆེན་དངོས་སུ་སླེབས་པ་དང་འདྲ།

  • 2024ལོར་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་དྲ་རྒྱའི་དཀྲོག་གཏམ་གྱོད་གཞི་ཁྲི4.2ལྷག་ཙམ་མྱུལ་ཞིབ་ཐག་གཅོད་བྱས།     

  • ཉེ་ཆར་ཞིབ་དཔྱོད་ལས་ཁུངས་ཀྱིས་ནང་སོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་ཏུའུ་ཙེའི་ལྐོག་རྔན་བླངས་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས།

  • ཚེས22ཉིན། ཀྲུང་གོ་ཚན་རིག་ཁང་དང་ཀྲུང་གོ་བཟོ་སྐྲུན་སློབ་གླིང་གིས་གཙོ་གཉེར་བྱས་པའི“སློབ་གླིང་གཉིས་ཀྱི་ཡོན་ཧྲི་ཡིས2024ལོའི་ཀྲུང་གོ་དང་འཛམ་གླིང་གི་ཚན་རྩལ་འཕེལ་རྒྱས་ཀྱི་གསར་འགྱུར་ཆེན་མོ་བཅུ་འདེམས་པ”ཞེས་པའི་གནས་ཚུལ་ཁྱབ་བསྒྲགས།

14.gif

  • ཉེ་ཆར། ཧྲན་ཏུང་ཆིང་ཏའོ་ཡི་རྒན་པ་ཞིག་གྲང་འཁྱག་གི་ཆུ་བོའི་ནང་དུ་ལྷུང་ནས་འགུལ་མི་ཐུབ་པའི་གནས་སུ་ལྷུང་ཡོད་པའི་སྐབས་སུ། ལམ་དུ་འགྲོ་བཞིན་པའི་ཧོའུ་ཁྲེང་ཤིན་ཐེ་ཚོམ་མེད་པར་ཆུ་བོའི་ནང་དུ་མཆོང་ནས་རྒན་པ་དེ་བསྐྱབས།

    སྲིད་ཇུས།

  • ཧྲན་ཞི་ཡིས་བརྡ་ཐོ་པར་འགྲེམ་བྱས་ཏེ། སྤྱི་ཚོགས་དང་སྤྱི་དམངས་ཀྱིས་སྨན་བཅོས་འགན་སྲུང་ཐེབས་རྩ་སྤྱོད་པའི་ལྟ་སྐུལ་དོ་དམ་དང་འགལ་བའི་དོགས་གཞི་ཡོད་པའི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་སྤྱི་ཚོགས་ཀྱི་ལྟ་སྐུལ་བྱ་རྒྱུར་སྐུལ་མ་བཏང་བ་དང་དུས་མཚུངས། རིམ་པ་ཁག་གི་སྨན་བཅོས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་ཐེར་འདོན་ཐབས་ལམ་གེགས་མེད་བཟོ་དགོས་པའི་བླང་བྱ་བཏོན།

  • ཀྲེ་ཅང་གིས་བརྡ་ཐོ་པར་འགྲེམ་བྱས་དོན། ཟས་རིགས་ཕྱིར་འཚོང་ཁེ་ལས་ཀྱིས་ཚོང་ཟོག་ནང་འདྲེན་ཞིབ་བཤེར་གྱི་ཟིན་ཐོ་བཟོ་དགོས་པ་དང་།  ཟིན་ཐོ་དང་དཔང་ཡིག་ཉར་ཚགས་བྱེད་པའི་དུས་ཡུན་ནི་ཐོན་རྫས་ཀྱི་སྤུས་ཚད་འགན་ལེན་དུས་ཡུན་རྗེས་ཀྱི་ཟླ་བ་དྲུག་ལས་ཉུང་བ་མི་ཆོག

  • སི་ཁྲོན་གྱིས་བརྡ་ཐོ་པར་འགྲེམ་བྱས་ཏེ། སློབ་གྲྭ་ཆུང་འབྲིང་གིས་འདོད་བློ་དང་ནུས་པ་ལྡན་ཞིང་ཆ་རྐྱེན་དང་མཐུན་པའི་སློབ་མའི་ཁྱིམ་བདག་ཟ་ཁང་གི་བྱ་བའི་ནང་སྔོན་ལ་གདན་ཞུ་བྱེད་པར་སྐུལ་མ་བཏང་།

    དེ་རིང་གི་གནམ་གཤིས།

1.5.jpg

  • ཤིན་ཅང་གི་བྱང་རྒྱུད་དང་། བོད་ལྗོངས་ཀྱི་ནུབ་རྒྱུད་དང་ཤར་རྒྱུད། ཧྲའན་ཞིའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཧྲའན་ཞིའི་ལྷོ་རྒྱུད། ཧྲན་ཞིའི་ལྷོ་རྒྱུད། ཧོ་ནན། ཨན་ཧུའེ་ཡི་དབུས་བྱང་རྒྱུད། ཧུའུ་པེའི་བྱང་རྒྱུད་དང་ནུབ་རྒྱུད། སི་ཁྲོན་གཤོང་སའི་ཤར་རྒྱུད། ཁྲུང་ཆིན། ཀུའེ་ཀྲོའུ་ཡི་ནུབ་བྱང་རྒྱུད། ཀོང་ཏུང་གི་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད་། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁག་ཅིག་ལ་ཆར་ཆུང་ཆུང་འབབ་རྒྱུ་རེད།


མཉམ་སྤྱོད།