དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-03-13 08:20:37   |   2042

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྒྱས་བཤད་གནད་བསྡུས》ཞེས་པའི་དཔེ་དེབ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།        

  • ཚེས12ཉིན། ཀྲུང་གོའི་ཁེ་ལས་ཆུང་འབྲིང་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ2པར་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་སྟོན་གྲངས89.8ཡིན་པ་དེ་ཟླ1པོ་དང་བསྡུར་ན0.8འཕར་ནས་ཉེ་བའི་ལོ་བཞིའི་རིང་གི་གྲངས་ཐང་མཐོ་ཤོས་བཏོད་ཡོད།      

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོའི་ཟླ10པ་ནས2025ལོའི་ཟླ2པའི་བར། བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས3.6%འཕར་ཡོད།      

  • ཉིན་ཤས་གོང་། བཟོ་ལས་དང་ཆ་འཕྲིན་པུ་སོགས་སྡེ་ཚན་གསུམ་གྱིས་མཉམ་འབྲེལ་ཐོག་《ཁོར་ཡུག་སྲུང་སྐྱོང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་འཆར་འགའ་ཞིག་》དཔར་འགྲེམས་བྱས།        

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན།  ད་ལོའི་ཟླ1པོ་ནས2པའི་བར། རྒྱལ་ཁབ་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་དངོས་ཟོག་ཏུན་དུང་ཕྱུར6.22སྐྱེལ་བ་དེ་དུས་མཚུངས་ལས2%འཕར་ཡོད།  

  • ཚེས12ཉིན་གྱི་ཐོ་རེངས་དུས་ཚོད0དང་སྐར་མ38སྟེང་། ཧའེ་ནན་ཚོང་ལས་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ར་བའི་ལས་གནས་དང་པོའི་འཕེན་གཏོང་ཐེངས་དང་པོ་ལེགས་གྲུབ་བྱུང་བ་དང་། རྒྱང་སྐྱོད་ཨང་བརྒྱད་པའི་རྒྱང་རིང་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དྲུག་པས“མདའ་གཅིག་ལ་འཁོར་སྐར་བཅོ་བརྒྱད”ཀྱི་རྣམ་པའི་ཐོག་ནས་ཆན་ཧྥན་སྐར་ཁྱིམ་གྱི་དྲ་སྒྲིག་འཁོར་སྐར་ཁག་ལྔ་པ་སྔོན་བཀོད་འཁོར་ལམ་དུ་བསྐྱལ། 

640.png

  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་གོ་ཕྱོགས་ཀྱིས་ཟླ3པའི་ཚེས14ཉིན་དབྱི་ལིང་གྱི་ཉིང་རྡུལ་གནད་དོན་སྐོར་ལ་ཀྲུང་གོ་དང་ཨུ་རུ་སུ། དབྱི་ལིང་དབར་གྱི་པེ་ཅིང་གྲོས་མོལ་ཚོགས་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས།      

  • རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུའི་མགྲིན་ཚབ་པས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། མིག་སྔའི་བར། རང་རྒྱལ་གྱིས་ཨ་མེ་རི་ཁ་གླིང་བྱང་མའི་ས་ཁུལ་དུ་ཧྥུན་ཐའེ་ཉི་རིགས་ཀྱི་སྨན་རྫས་ཕྱིར་གཏོང་བྱས་མྱོང་མེད་ཅེས་བཤད།   

  • ཡོ་རོབ་མནའ་འབྲེལ་གྱིས་ཟླ་རྗེས་མ་ནས་བཟུང་རིན་ཐང་སྒོར་དུང་ཕྱུར260ལྷག་ཡོད་པའི་ཨ་རིའི་ཚོང་ཟོག་ལ་སྒོ་ཁྲལ་བླངས་ཏེ་ངོ་རྒོལ་བྱེད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།    

    སྤྱི་ཚོགས། 

  • ཚེས12ནས་གཟའ་མཇུག་བར། རང་རྒྱལ་གྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་མར་ཆག་རྒྱུ་ཡིན་པ་དང་ས་ཆ་མང་པོའི་དྲོད་ཚད་མཐོ་ཤོས་མར་ཆག་ཚད་རིམ་རྩིས་བྱས་ན10℃ཡན་ལ་སླེབས་རྒྱུ་རེད།      

  • ཚེས12ཉིན། རྒྱལ་ཁབ་ནགས་རྩྭ་ཅུ་ཡིས་ཡོངས་བསྒྲགས་བྱས་པའི་སྤྱི་བསྒྲགས་ལས་མངོན་པར་གཞིགས་ན། 2024ལོར་རྒྱལ་ཡོངས་སུ་ནགས་བཟོ་སྤྱི་ཆིང་ཁྲི444.4དང་རྩྭ་འདེབས་ལེགས་བཅོས་སྤྱི་ཆིང་ཁྲི322.4ལེགས་གྲུབ་བྱུང་།          

  • ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ2པར།  རྒྱལ་ཡོངས་སུ་དྲ་རྒྱའི་ཁྲིམས་འགལ་དང་མི་ལེགས་པའི་ཆ་འཕྲིན་ཐེར་འདོན་བྱས་པ་ཁྲི1768.3བདག་སྤྲོད་བྱས་པ་དེ་ཟླ་བ་གོང་མ་ལས4.5%འཕར་ཡོད།      

  • ཉེ་ཆར། ཞིང་ལས་གྲོང་གསེབ་པུས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དཔྱིད་དུས་ཀྱི་ཞིང་ལས་ལོ་ཏོག་གི་ས་བོན་ལ་ཁྲོམ་རའི་ཞིབ་བཤེར་བྱ་རྒྱུའི་བཀོད་སྒྲིག་བྱས་ཡོད།       

640 (1).png

  • ཚེས12ཉིན། WTA1000དབྱིན་ཏི་ཨན་ཝེར་སི་ས་ཚིགས་ཀྱི་རེས་སྐོར་བཞི་པའི་རྐྱང་རྩེད་འགྲན་བསྡུར་ཁྲོད་ཀྲེང་ཆིན་ཝུན་ཡུག་རེན་གྱི་སྤོ་ལོ་རྒྱག་མཁན་ཁོ་སི་ཆིའུ་ཁེ་ནས་རྣམ་པར་རྒྱལ་ཏེ་འགྲན་བསྡུར་དེའི་ཨང8པའི་ནང་སླེབས།  

1111.gif

  • ཉེ་ཆར་། ཧུའུ་ནན་ཉིང་ཞང་གི་བུད་མེད་ཅིག་སྟབས་མ་ལེགས་པར་ཆུའི་ནང་དུ་ལྷུང་ཞིང་།  མཚོ་འགྲམ་དུ་ཉ་འཛིན་བཞིན་པའི་ལེང་ཞུའེ་ཁྲེང་གིས་ལག་པའི་ནང་གི་ཉ་ལྕུགས་གཡུགས་ནས་ཆུའི་ནང་དུ་མཆོང་ནས་བུད་མེད་དེ་བསྐྱབས།

    སྲིད་ཇུས།

  • དམངས་སྲིད་པུ་དང་ནོར་སྲིད་པུས་ཉེ་ཆར་བརྡ་སྦྱོར་པར་འགྲེམས་བྱས་ནས་རྒན་གསོའི་སྒྲིག་གཞིའི་ནང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པ་དང་ནུས་ཤོར་རྒན་པ་སོགས་ཚོགས་སྤྱིར་ཁ་གསབ་སྤྲོད་རྒྱུ་རེད།   

  • ཁྲུང་ཆིང་གིས་ཇུས་གཞི་པར་འགྲེམས་བྱས་ནས་ལས་གཏོད་གསོ་སྐྱོང་གླིང་དང་། གཞོན་ནུ་གསར་གཏོད་བར་སྟོང་སོགས་གསར་གཏོད་རྟེན་གཞིའི་ནུས་པ་འདོན་སྤེལ་བྱས་ཏེ། རིན་མེད་ཀྱི་ལས་གཏོད་ལས་གནས་ཁྲི1མཁོ་འདོན་བྱས་ཡོད།      

  • ཀོང་ཞིས་བརྡ་སྦྱོར་ཁྱབ་བསྒྲགས་བྱས་པ་ལྟར་ན། དབང་པོ་སྐྱོན་ཅན་གྱི་དྭ་ཕྲུག་གསོ་ཉར་བྱས་རྗེས།    རེ་ཞུ་བྱས་པ་མ་ཟད་རྫོང་རིམ་པའི་དམངས་སྲིད་སྡེ་ཁག་གིས་ཞིབ་བཤེར་གཏན་འཁེལ་བྱས་རྗེས། སྤྱི་ཚོགས་ཀྱི་འཐོར་སྡོད་དྭ་ཕྲུག་གི་ཚད་གཞི་ལྟར་མུ་མཐུད་དུ་གཞི་རྩའི་འཚོ་བའི་གྲོན་དངུལ་བླངས་ཆོག  

    དེ་རིང་གི་གནམ་གཤིས།

640 (2).png

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ས་ཆ་མང་ཆེ་བ། ཞིན་ཅང་ཐེན་ཧྲན་རི་ཁུལ་དང་། ཞིན་ཅང་ལྷོ་མའི་ནུབ་རྒྱུད་དང་ལྷོ་རྒྱུད་རི་ཁུལ་དང་། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་ས་ཆ་མང་ཆེ་བ། ཀན་སུའུ་ཡི་ལྷོ་ནུབ་རྒྱུད་དང་ཁྲོན་ནུབ་མཐོ་སྒང་གི་དབུས་རྒྱུད་དང་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ནས་ཁངས་འབྲིང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་། ཧེ་ལུང་ཅང་གི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆེན་འབབ་པ་དང་། ས་གནས་ཁག་ཅིག་ཏུ་ཁངས་ཆག་འབབ་རྒྱུ་རེད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཆ་མང་ཆེ་བ་དང་། ཧྭ་ནན་གྱི་བྱང་རྒྱུད་དང་།  ཀུའེ་ཀྲོའུ་ཡི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་པ་དང་། དེའི་ནང་། ཧུའུ་ནན་གྱི་ལྷོ་རྒྱུད་དང་། ཀོང་ཞིའི་བྱང་ཤར་རྒྱུད་དང་། ཀྲེ་ཅང་གི་ལྷོ་ནུབ་རྒྱུད་དང་ཧྥུ་ཅན་གྱི་ནུབ་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།    


མཉམ་སྤྱོད།