དེ་རིང་ནི2026ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-04-30 09:22:17   |   42

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་ལྔ་པའི་ཐོག་ནན་བཤད་གནང་དོན། རང་བྱུང་གནོད་འཚེར་དོགས་ཟོན་དང་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་ཤུགས་ཆེན་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས། 

  • ཟླ4ཚེས29ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལྗང་མདོག་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད། 

  • ལྕགས་ལམ་གྱི“ལྔ་གཅིག”ངལ་གསོའི་རིང་གི་སྐྱེལ་འདྲེན་བྱེད་མགོ་བརྩམས་་ཤིང་། ཟླ4ཚེས29ཉིན་ནས་ཟླ5ཚེས6ཉིན་བར་ཡིན་པ་དང་དུས་ཡུན་ཉིན8ཡིན་ལ། རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར1.58སྐྱེལ་འདྲེན་བྱ་རྒྱུ་ཡིན་པ་རེད། 

  • ད་ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་རིག་གནས་དང་དེ་བཞིན་འབྲེལ་ཡོད་ཐོན་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར35569ཡིན་པ་དེ་ལོ་གོང་མའི་དུས་མཚུངས་ལས6.4%འཕར་ཡོད། 

  • ད་ལོའི་ཟླ་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་སྤྱི་ཚོགས་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི96.4ཡིན་པ་དེ་དུས་མཚུངས་ལས6.2%འཕར་ནས་བསྐྱར་འཕར་གྱི་རྣམ་པ་མངོན་གསལ་ཡིན། 

  • དམངས་སྲིད་པུ་སོགས་སྡེ་ཁག11གིས་བསམ་འཆར་ཁྱབ་བསྒྲགས་བྱས་ནས། སྡེ་ཁུལ་གྱི་ཁྱིམ་སྡོད་དང་གྲོང་གསེབ་ཀྱི་རོགས་རེས་རྒན་གསོའི་ཞབས་ཞུ་འཕེལ་རྒྱས་བཏང་ནས་རྒན་པར་རང་མོས་རང་བཞིན་དང་ཁེ་གཉེར་མིན་པའི་རྒན་གསོའི་ཞབས་ཞུ་མཁོ་འདོན་བྱེད་དགོས་པ་ཁ་གསལ་བཏོན་ཡོད། 

  • ཞིང་ལས་དང་གྲོང་གསེབ་པུས་མིག་སྔར་རྒྱལ་ཡོངས་ཀྱི་སྔོ་ཚལ་ཞིང་ནང་དུ་རྒྱ་ཁྱོན་མུའུ་ཁྲི9000ལས་བརྒལ་བ་དང་ཐོན་ཚད་ཏུན་ཁྲི1660ལྷག་ཡིན་ལ། ཉེ་དུས་གནམ་གཤིས་སྤྱིའི་ཆ་ནས་ཕན་པ་ཡོད་པ་དང་། “ཤ་ཚལ་སྒོང་གསུམ”གྱི་ཐོན་རྫས་མཁོ་སྤྲོད་འདང་ངེས་ཡོད་ཅེས་བཤད་པ་རེད། 

  • རང་རྒྱལ་གྱིས་ཟླ5ཚེས1ཉིན་ནས་བཟུང་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་འཛུགས་སྐྲུན་རྒྱལ་ཁབ53ལ་སྒོ་ཁྲལ་མེད་པའི་བྱེད་ཐབས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་ཡིན་ལ། རང་རྒྱལ་ཕྱི་འབྲེལ་པུས་ཀྲུང་གོས་སྒོ་ཁྲལ་མི་དགོས་པར་ཨ་ཧྥེ་རི་ཁ་དང་གོ་སྐབས་མཉམ་སྤྱོད་དང་ཐུན་མོང་ཐོག་འཕེལ་རྒྱས་བཏང་བ་དེའི་ཐོག་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བརྟན་ལྷིང་རང་བཞིན་གྱིས་གོ་ལ་ཧྲིལ་པོའི་ཞི་བདེ་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་བའི་ཆོད་སེམས་མཚོན་ཡོད་ཅེས་བཤད་པ་རེད། 

  • ཚེས29ཉིན། ལྷོ་ཁོ་རེ་ཡའི་དེ་སྔའི་ཙུང་ཐུང་དབྱིན་ཞིན་ཡུའེ་འཛིན་བཟུང་ལ་འགོག་རྐྱེན་བཟོས་པའི་གྱོད་གཞིའི་འདྲི་གཅོད་གཉིས་པའི་ནང་དུས་བཀག་བཙོན་འཇུག་ལོ་བདུན་བྱ་རྒྱུའི་ཁྲིམས་ཐག་བཅད་ཅིང་། དབྱིན་ཞིན་ཡུའེ་ཡི་ཁྲིམས་རྩོད་པའི་ཚོགས་པས་གོང་གཏུག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 

    སྤྱི་ཚོགས།

  • “ལྔ་གཅིག”ངལ་གསོའི་རིང་། བྱང་ཕྱོགས་ཀྱི་གནམ་གཤིས་མང་ཆེ་བར་གནམ་དྭངས་ནས་ཕྱིར་སྐྱོད་རྒྱུར་འཚམ་པོ་ཡོད་པ་དང་། ལྷོ་ཕྱོགས་སུ་ཆར་པ་ཡང་ཡང་འབབ་ཅིང་ས་ཁུལ་ཁག་གཅིག་ཏུ་ཆར་པ་ཆེན་པོ་འབབ་ཀྱི་ཡོད།

  •  ཉེ་ཆར་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དུས་ཡུན་ལོ་ཕྱེད་རིང་གི་དྲ་རྒྱའི་བཟའ་བཅའ་ཕྱིར་འཚོང་གི་དྲིལ་སྒྲོག་རྫུན་མའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་བཀོད་སྒྲིག་བྱས་པ་དང་། ཞིབ་བཤེར་བྱ་ཡུལ་ནང་དྲ་ཐོག་ཚོང་དོན་ལས་སྟེགས་སོགས་བྱེད་པོ་རིགས5ཚུད་ཡོད་པ་རེད། 

  • ཀྲུང་གོ་བྱ་སྒྲོའི་སྤོ་ལོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་ནན་ཅིང་ལུས་རྩལ་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཀྲང་ཅུན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། མིག་སྔར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་དང་ལེན་བྱེད་བཞིན་ཡོད་པ་རེད། 

  • རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུའི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་ཅུ་ཀྲང་གཞོན་པ་ཁྲེན་ཧྲི་ཧྥེ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཁྲེན་ཧྲི་ཧྥེ་ལ་དུས་བཀག་བཙོན་འཇུག་ལོ་བཅུ་བཞི་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད། 

  • ཞིབ་དཔྱོད་ལས་ཁུངས་ཀྱིས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་དེ་སྔའི་ཀྲུའུ་ཞི་ལན་ཐེན་ལིས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞིར་གཞུང་གཏུག་བརྒྱབ་པ་རེད། 

  • ཨན་ཧུའེ་སུའུ་ཀྲོའུ་ལི་ཧྲན་རྫོང་གིས་དྲ་དམངས་ལ་བརྡ་ཁྱབ་བཏང་ནས“པ་ཝང་ཁྲ་ཅི་འོ་ཇའི་ནང་དངུལ་ཆུ་ཡོད་པའི”གནད་དོན་ལ་བརྟག་དཔྱད་བྱས་པའི་གནས་ཚུལ་སྙན་སེང་ཞུས་པ་སྟེ། འོ་ཇའི་ནང་གི་དངོས་པོ་གཞན་དེ་ཉོ་མཁན་གྱིས་བཞག་པ་དང་གྱོད་འབྲེལ་མི་སྣ་སྤྱི་བདེ་ལས་ཁུངས་ཀྱིས་ཚོད་འཛིན་བྱས་ཡོད། 

  • ཚེས29ཉིན“2025ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཆེན་པོ་བཅུ”ཡོངས་བསྒྲགས་བྱས་པ་དང་། ཅི་ལིན་ཤར་རྒྱུད་ཀྱི་ཁྲང་པའེ་རི་བོའི་རྡོ་ཆས་རྙིང་མའི་དུས་རབས་ཀྱི་གནའ་ཤུལ་ཚོགས་པ་དང་། ཧོ་ནན་ཤིན་ཀྲེང་ཕེ་ལི་ཀང་རྗེས་ཤུལ། ཧོ་པེ་ཤོན་ཧྭ་ཀྲེང་ཅ་ཀོའུ་གནའ་ཤུལ་སོགས་རྣམ་གྲངས་བཅུ་བདམས་པ་རེད། 

  • མིག་སྔའི་བར། 2026ལོར་ཀྲུང་གོའི་གློག་བརྙན་སྤ་སེ་འཚོང་ཚད(སྔོན་ཚོང་ཚུད་པ)སྒོར་དུང་ཕྱུར129ལས་བརྒལ་བའི་ནང“ལྔ་གཅིག”སྐབས་ཀྱི་པར་གཞི་གསར་པ་སྔོན་ཚོང་བྱེད་ཚད་སྒོར་ཁྲི5000ལས་བརྒལ་ཡོད་པ་རེད།

8f33f874938e76d4b8f4602bb13f6251.jpg

  • ཉིན་ཤས་གོང་རང་རྒྱལ་གྱིས་ཇུས་འགོད་བྱེད་བཞིན་པའི་རང་འཁོར་གཤོག་འཁོར་འཕྲུལ་འཁོར་ཐོག་མ་དེ་ཧྲན་ཏུང་ཡན་ཐའེ་རུ་གྲུབ་འབྲས་ཐོབ་པའི་ངང་ཐེངས་དང་པོ་འཕུར་ཅིང་། དེས་རང་རྒྱལ་གྱིས་རང་འཁོར་གཤོག་འཁོར་འཕྲུལ་འཁོར་ཆུང་གྲས་ཀྱི་ཞན་ཆ་གསབ་ནས་ལྟེ་བའི་ལག་རྩལ་རང་བརྟེན་ཞིབ་སྤེལ་དང་ཚད་ལྡན་ཅན་གྱི་མཁའ་འགྲུལ་དང་འཚམ་པའི་མ་ལག་འཛུགས་སྐྱོང་ཐད་ཚད་བརྒལ་བྱུང་བ་མཚོན་ཡོད། 

    དོ་སྣང་། 

c6805b5b6d0646afc51ddac63d40cc01.jpg

  • ཉེ་དུས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཁྲིམས་ལྟར“ཚོང་ཁང་རྩད་ཞིབ”ཀྱི་དྲ་གྲགས་པའེ་པིང་གིས་ཁྲལ་སྐུང་བའི་གྱོད་གཞིར་ཞིབ་བཤེར་ཐག་གཅོད་བྱས་པ་རེད། མིག་སྔར་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཁྲལ་དངུལ་དང་། དུས་འགྱངས་ཆད་དངུལ་དང་དེ་བཞིན་དངུལ་ཆད་ཚང་མ་བདའ་འདེད་བཏང་ནས་མཛོད་དུ་བཅུག་པ་རེད། མི་དམངས་ཚ་གཏམ་གྱི་དཔྱད་གཏམ་སྤེལ་བ་འདི་ལྟ་སྟེ། རྒྱུག་ཚད་ག་ཚོད་དང་ཧྥེན་སི་ག་ཚོད་ཡོད་རུང་ཁྲིམས་ལྟར་ཁྲལ་འཇལ་རྒྱུ་ནི་བརྒལ་ཐབས་མེད་པའི་དམར་ཐིག་ཅིག་ཡིན། རང་ཉིད་ཀྱི་ནུས་པར་ཚོད་དཔག་མཐོ་དྲགས་པ་དང་བཅའ་ཁྲིམས་ཀྱི་ཟིལ་ཤུགས་ལ་ཚོད་དཔག་དམའ་དྲགས་པའི་བྱ་སྤྱོད་གང་ཞིག་ཡིན་རུང་མཐའ་མར་རིན་དོད་ཆེན་པོ་གཏོང་དགོས། མི་སྣ་མིང་གྲགས་ཅན་ཞིག་ཡིན་པའི་ངོས་ནས་སྣེ་ཁྲིད་དེ་དཔེ་སྟོན་བྱེད་དགོས་པ་དང་། ལྷག་བསམ་རྣམ་དག་གིས་ཁྲིམས་ལ་བརྟེན་ནས་དཔྱ་ཁྲལ་འཇལ་བར་དྲང་ནུས་བརྒྱུད་སྤྲོད་བྱེད་དགོས། འདི་ནི་རང་ཉིད་བློ་བདེ་པོའི་ངང་འཕེལ་རྒྱས་གཏོང་བའི་རྨང་རྡོ་ཡིན་ལ། བཞུར་རྒྱུན་དང་མིང་གྲགས་ནམ་ཡང་མི་ཉམས་པའི་རྩ་བ་ཡང་ཡིན། 

    འཚོ་བའི་ཞབས་ཞུ། 

164c1dc18f13897737c5029888b6038b.jpg

  • གནམ་གཤིས། ཟླ4ཚེས30ཉིན་གྱི་མཚན་མོ་ནས་ཟླ5ཚེས3ཉིན་བར། མཚོ་བོད་མཐོ་སྒང་དང་ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད། ཧྭ་བྱང་གི་ས་ཆ་མང་ཆེ་བ། ཧོང་ཧོའེ་ལྷོ་རྒྱུད་དང་དེ་བཞིན་ལྷོ་ཕྱོགས་ས་ཁུལ་བཅས་ནུབ་ནས་ཤར་དུ་གཞི་ཁྱོན་ཆེ་བའི་ཆར་པ་འབབ་རྒྱུ་ཡིན་ལ། དེའི་ནང་འབྲི་ཆུའི་ལྷོ་རྒྱུད་དང་ཧྭ་ནན་དབུས་བྱང་རྒྱུད་སོགས་སུ་ཆར་ཆེན་པོ་ནས་དྲག་ཆར་འབབ་རྒྱུ་དང་། ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། 

  • པེ་ཅིན། “ལྔ་གཅིག”ངལ་གསོའི་རིང་ཀུང་ཝང་ཧྥུའུ་རྟེན་མཛོད་ཁང་དང་ཀྲུང་གོ་གནའ་རྫས་རྟོག་ཞིབ་རྟེན་མཛོད་ཁང་། རྒྱལ་ཁབ་རྟེན་མཛོད་ཁང་། གནའ་བོའི་ཕོ་བྲང་སོགས་རྟེན་རྫས་བཤམས་མཛོད་ཁང་མང་པོ་ཞིག་གཟའ་ཟླ་བར་སྒོ་མི་རྒྱག་པ་རེད། 

  • ཧྲང་ཧའེ། ཚེས29ཉིན་ནས་བཟུང་། ཧྲང་ཧའེ་ཡི་སྡོད་དམངས་ཀྱིས་ཧྲང་ཧའེ་གྲོང་ཁྱེར་དང་ཧྥུའུ་ཅན་ཞིང་ཆེན་གྱི་འབྲེལ་ཡོད་ཐོབ་ཐང་ལྡན་པའི་གནས་སྐོར་ལས་དོན་ཁང་བརྒྱུད། ཅིན་མོན་དང་མ་ཙུའུ་རུ་ཚོགས་པའི་གནས་སྐོར་དང་མི་སྒེར་གནས་སྐོར་དུ་འགྲོ་རྒྱུའི་མིང་ཐོ་བཀོད་ཆོག


མཉམ་སྤྱོད།