དེ་རིང་ནི2024ལོའི་ཟླ10པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སོག་རིགས།

2022-11-16 22:09:03   |   674

སོག་རིགས།

སོག་རིགས(蒙古族)ནི་གཙོ་བོ་ནང་སོག་རང་སྐྱོང་ལྗོངས་དང་ཞིན་ཅང་། མཚོ་སྔོན། ཀན་སུའུ། ཧེ་ལུང་ཅང་། ཅི་ལིན། ལིའོ་ཉིང་སོགས་ཞིང་ཆེན་གྱི་སོག་རིགས་རང་སྐྱོང་ཁུལ་དང་རྫོང་སོགས་སུ་འདུས་སྡོད་བྱས་ཡོད་ཅིང་། ཉིན་ཞ་དང་ཧོ་པེ། སི་ཁྲོན་དང་ཡུན་ནན། པེ་ཅིན་སོགས་ས་ཁུལ་དུའང་ཐོར་སྡོད་བྱས་ཡོད་པ་དང་། ཁྱོན་སྡོམ་མི་གྲངས5981840ལྷག་ཡོད། སོག་སྐད་ནི་ཨ་འེར་ཐད་སྐད་ཁོངས་སུ་གཏོགས་པ་དང་སོག་པོ་རང་ཉིད་ལ་ཡི་གེ་ཡོད། 1947ལོའི་ཟླ5བའི་ཚེས1ཉིན་སོག་རིགས་མང་བོ་འདུས་སྡོད་བྱེད་སའི་ལྟེ་གནས་སུ་ནང་སོག་རང་སྐྱོང་ལྗོངས་བཙུགས་པ་རེད། དེ་ནི་རང་རྒྱལ་གྱི་རང་སྐྱོང་ལྗོངས་ལྔའི་ནང་འཛུགས་ཆེས་སྔ་བའི་ཞིང་ཆེན་རིམ་པའི་རང་སྐྱོང་གི་ས་གནས་ཤིག་ཡིན། སོག་རིགས་མི་དམངས་ཀྱིས་དགུན་ཁར་སློག་པ་གོན་ཞིང་གོས་ཀྱི་སྐ་རགས་དམར་བོ་དང་ལྗང་ཁུ་བཅིངས་ལ། དབྱར་ཁར་གོང་བ་ཡོད་པའི་ལྭ་རིང་གོན་པ། རྒྱན་མཆོར་སྤྲས་དུས་གྲི་ཆུང་འདོགས་པ་དང་བུད་མེད་ཚོ་མགོ་རྒྱན་དང་། རྣ་ལུང་། སྐེ་རྒྱན། ལག་གདུབ། སོར་གདུབ་སོགས་འདོགས་པར་དགའ།

སོག་རིགས་ཀྱི་རྩོམ་རིག་ལོ་རྒྱུས་ནི་དུས་ཡུན་རིང་ཞིང་ཡིད་དབང་འགུག་པ་ཞིག་ཡིན། གནའ་བོའི་ལོ་རྒྱུས་སྙན་རྩོམ《དཔའ་བོ་གུའུ་ན་གན》དང《ཇིང་གིར་རྒྱལ་པོ》ལོ་རྒྱུས་རྣམ་ཐར་མཚོན་པའི་རྩོམ་རིག་གྲགས་ཅན《སོག་པོའི་གསང་བའི་ལོ་རྒྱུས》དམངས་ཁྲོད་དོན་བརྗོད་སྙན་ངག《ཇིང་གིར་རྒྱལ་པོའི་རྟ་མཆོག་གཉིས》ལ་སོགས་པ་གང་མང་མཆིས། ལྷག་བར་དུ《སོག་པོའི་གསང་བའི་ལོ་རྒྱུས》དེ་སྤྱི་ལོ1240ལོར་གྲུབ་ཅིང་། དེ་སོག་པོའི་ལོ་རྒྱུས་དང་སོག་ཡིག་ཞིབ་འཇུག་བྱེད་པའི་ཐད་རིན་ཐང་བྲལ་བའི་དཔྱད་གཞིའི་ཡིག་ཆ་ཡིན་པས། སྔ་གཞུག་ཏུ་ཨུ་རུ་སུ་དང་། འཇར་མན། འཇར་པན། ཧྥ་རན་སི། ཐུའུ་ཨེར་ཆི། ཅེ་ཁེ་སོགས་རྒྱལ་ཁབ་ཀྱི་ཡི་གེར་བསྒྱུར་ཞིང་རྒྱལ་ཁབ་སོ་སོའི་མཁས་པས་གདེང་འཇོག་ཚད་མཐོན་པོ་བྱེད་ཀྱིན་ཡོད། སོག་པོའི་དེང་རབས་ཀྱི་དཔེ་མཚོན་བརྩམས་ཆོས་ལ་སྒྲུང་གཏམ་རིང་མོ《མཐའ་ཡས་པའི་རྩྭ་ཐང》དང་སྒྲུང་ཐུང་ཕྱོགས་སྒྲིག 《རྒྱང་ཐག་རིང་བའི་བྱེ་ཐང》སོགས་མང་བོ་ཡོད། 

སོག་རིགས་ནི་འོ་མ་དང་ཤ་ལ་དགའ་ཞིང་། གཉེན་སྒྲིག་ཕལ་ཆེར་ལུགས་རྙིང་གི་ཟླ་བཅུ་གཉིས་པ་དང་ཟླ་དང་པོར་བྱེད། འདས་མཆོད་བྱེད་སྐབས། མི་རྒན་པ་ཤི་རྗེས་མིས་འཁུར་བ་དང་། ཕལ་བ་ཤི་ཚེ་ཤིང་རྟ་དང་ཡང་ན་རླངས་འཁོར་གྱིས་འདྲུད་པ་རེད། མི་ཤི་རྗེས་ཁྱིམ་དུ་ཉིན་གསུམ་མམ་ལྔ་འམ བདུན་ལ་བཞག་རྗེས་ད་གཟོད་དུར་འཇུག་བྱེད།  ལོ་སར་སྐབས་ནོར་ལུག་བཤས་ཏེ་ཁ་བཏགས་བཏང་ནས་ཟླ་དང་པོའི་ཚེས་བཅོ་ལྔའི་ཚུན་ལ་ཤ་ཉེ་དང་སྤུན་ཟླའི་ཁྱིམ་དུ་བསྐྱལ་ཞིང་ན་གཞོན་ཚོས་རྟ་རྒྱུག་སོགས་རིག་རྩལ་བྱ་འགུལ་སྤེལ་པ་ཡིན།

ལོ་རེའི་ཟླ་བདུན་པ་ནས་ཟླ་བརྒྱད་པའི་སྐབས་སོག་རིགས་མི་དམངས་ཀྱི་སྲོལ་རྒྱུན་དུས་ཆེན“ན་ད་མོ”ཚོགས་ཆེན་འཚོགས་ལ། ཚོགས་ཆེན་གྱི་སྐབས་སུ་རྟ་རྒྱུག་དང་རྔ་མོང་རྒྱུག་པ། འཇུ་རེས། མདའ་འཕེན། གླུ་ལེན་གར་རྩེ། རིག་རྩལ་དགོང་ཚོགས། དངོས་རྫས་ཉོ་ཚོང་བཅས་བྱེད། ཚོགས་ཆེན་གྱི་དུས་ཡུན་ཕལ་ཆེར་ཉིན་གསུམ་ནས་ལྔ་དང་ཆེས་རིང་ན་ཉིན་ལྔ་ནས་བདུན་ཡིན། སོག་རིགས་མི་དམངས་ཀྱིས་ཐུབ་པའི་བསྟན་པ་ལ་དད་པ་རེད། སོག་རིགས་རྣམས་རྟ་ཞོན་པར་དགའ་ཞིང་སྐྱ་རྩལ་འཛོམས་པས་རྟ་ཐོག་གི་མི་རིགས་ཞེས་པའི་སྙན་གྲགས་ཡོད།


མཉམ་སྤྱོད།