དེ་རིང་ནི2025ལོའི་ཟླ08པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-01-09 20:33:09   |   990

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ། 

微信图片_20250109172028.jpg

སང་ཉིན་གྱི་གནམ་གཤིས། 

དེ་རིང་དགོང་མོར།  ཟི་ལིང་གི་བྱང་རྒྱུད་དང་། མཚོ་ཤར་གྱི་བྱང་རྒྱུད། མཚོ་བྱང་།  མཚོ་ནུབ་ཀྱི་ཤར་རྒྱུད་དང་། ན་གོར་མོ་གྲོང་ཁྱེར་བཅས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་སུ་ཁངས་ཆུང(སྨི་སྟོང་ཤས་0.1~1.2)འབབ་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།

 སང་ཉིན་ཉིན་དཀར། གྲོ་ཚང་དང་། ཧོར་གྲོང་། འཇུ་ལག་བཅས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་ལ་ཁངས་འབྲིང་ཙམ(སྨི་སྟོང་ཤས2.5~3)འབབ་པ་དང་། ཟི་ལིང་དང་། མཚོ་ཤར། མཚོ་ནུབ་གྱི་ཤར་རྒྱུད།    མཚོ་བྱང་། ན་གོར་མོ་གྲོང་ཁྱེར་བཅས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་ལ་ཁངས་ཆུང(སྨི་སྟོང་ཤས0.1~2བར)འབབ་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། ཞིང་ཆེན་ཡོངས་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་མཐོ་ཤོས2~4℃མར་ཆག་པ་དང་། ས་ཆ་ཁ་ཤས་སུ6℃ཡན་མར་ཆག་རྒྱུ་རེད། མཚོ་ནུབ་ཀྱི་ས་ཁུལ་མང་ཆེ་བ་དང་། མཚོ་ལྷོའི་ས་ཁུལ་མང་ཆེ་བ།    མཚོ་བྱང་། ཡུལ་ཤུལ་གྱི་ས་ཁུལ་མང་ཆེ་བ། མགོ་ལོག་གི་ས་ཁུལ་མང་ཆེ་བ་བཅས་ལ་ནུབ་རླུང་རིམ་པ6ནས7བར་གཡུག་རྒྱུ་དང་། ཐོལ་རླུང་རིམ་པ8ཡན་ལ་སླེབས་རྒྱུ་རེད། ཟི་ལིང་དང་། མཚོ་ཤར།    རེབ་གོང་བཅས་ལ་ནུབ་རླུང་རིམ་པ4ནས5བར་གཡུག་རྒྱུ་དང་། ཐོལ་རླུང་རིམ་པ6ཡན་ལ་སླེབས་རྒྱུ་རེད།

微信图片_20250109202208.jpg



སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།