དེ་རིང་ནི2025ལོའི་ཟླ08པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-02-04 18:39:59   |   1443

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས། བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

微信图片_20250204172830.jpg

སང་ཉིན་གྱི་གནམ་གཤིས། 

དེ་རིང་དགོང་མོར། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོར་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།

སང་ཉིན་ཉིན་དཀར། གཏེར་ལམ་དང་། ན་གོར་མོ་གྲོང་ཁྱེར། རྨ་སྟོད། ཆུ་དམར་ལེབ། འབྲི་སྟོད་བཅས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་ལ་ཁ་ཐོར་རང་བཞིན་གྱི་ཁངས་ཆུང་ངམ་ཡང་ན་ཐོལ་ཁངས(སྨི་སྟོང་ཤས0.1ནས0.5བར)འབབ་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། ཚེས5ཉིན་གྱི་ཉིན་མོར། མཚོ་ནུབ་ཀྱི་ཤར་རྒྱུད་དང་། མཚོ་ལྷོ། མཚོ་བྱང་། ཡུལ་ཤུལ། མགོ་ལོག རེབ་གོང་གི་ལྷོ་རྒྱུད་བཅས་སུ་ནུབ་རླུང་རིམ་པ5ནས6བར་གཡུག་རྒྱུ་དང་། ཐོལ་རླུང་རིམ་པ7ཡན་ལ་སླེབས་རྒྱུ་རེད། ཟི་ལིང་དང་། མཚོ་ཤར། རེབ་གོང་གི་བྱང་རྒྱུད་བཅས་སུ་ནུབ་རླུང་རིམ་པ4ནས5བར་གཡུག་རྒྱུ་རེད།  

10101.jpg


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།