སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས། བཤེར་འབེབས། རིན་ཆེན་ཚེ་རིང་།
སང་ཉིན་གྱི་ཚེས་ཆ།
སང་ཉིན་གྱི་གནམ་གཤིས།
དེ་རིང་དགོང་མོར། ཡུལ་ཤུལ་གྲོང་ཁྱེར་དང་། རྫ་སྟོད། ནང་ཆེན། དར་ལག པད་མ་བཅས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་ལ་ཁངས་ཆུང(སྨི་སྟོང་ཤས0.1ནས0.5བར)འབབ་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།
སང་ཉིན་ཉིན་མོར། ཡུལ་ཤུལ་གྱི་ས་ཆ་མང་ཆེ་བ་དང་མགོ་ལོག་གི་དབུས་ལྷོ་རྒྱུད། རྨ་ལྷོའི་ལྷོ་རྒྱུད་དང་། ཐེམ་ཆེན་དང་མདོ་ལའི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་བཅས་ལ་ཁངས་ཆུང་ངམ་ཁངས་ཤལ(སྨི་སྟོང་ཤས0.1ནས1.0བར)འབབ་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། ཚེས20ཉིན་གྱི་ཉིན་མོར། ཡུལ་ཤུལ་གྱི་ནུབ་རྒྱུད་དུ་ནུབ་རླུང་རིམ་པ6ནས7བར་གཡུག་རྒྱུ་རེད།