དེ་རིང་ནི2025ལོའི་ཟླ05པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-03-21 19:43:10   |   709

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

微信图片_20250321194310.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར། མཚོ་ལྷོའི་ལྷོ་རྒྱུད་དང་། མགོ་ལོག་གི་དབུས་ལྷོ་རྒྱུད། རྨ་ལྷོའི་ས་ཆ་མང་ཆེ་བ་དང་། ཡུལ་ཤུལ་གྲོང་ཁྱེར་དང་། ཁྲི་འདུ། ཐེམ་ཆེན། མདོ་ལ། རྐང་ཚ་བཅས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་ལ་ཁངས་ཆུང་ཆུང་འབབ་པ་དང་ཡང་ན་ཁངས་ཤལ་(སྨི་སྟོང་ཤས0.1ནས1.2བར)ཡོང་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།

སང་ཉིན་ཉིན་མོར། པད་མ་དང་། གཅིག་སྒྲིལ་གྱི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་ལ་ཁངས་འབྲིང་ཙམ(སྨི་སྟོང་ཤས་2.5ནས3.0བར)འབབ་པ་དང་། མཚོ་ལྷོའི་ལྷོ་རྒྱུད་དང་། མཚོ་བྱང་གི་བྱང་རྒྱུད། ཡུལ་ཤུལ་གྱི་ཤར་རྒྱུད། མགོ་ལོག་གི་དབུས་ལྷོ་རྒྱུད། རྨ་ལྷོའི་ལྷོ་རྒྱུད་དང་། དེ་བཞིན་རྟ་ཐང་དང་། ཧོར་གྲོང་། གཏེར་ལེན་ཁ། ཐེམ་ཆེན་བཅས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་ལ་ཁངས་ཆུང་ཆུང་འབབ་པ་དང་ཡང་ན་ཁངས་ཤལ་(སྨི་སྟོང་ཤས0.1ནས་1.2བར)ཡོང་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། མཚོ་ནུབ་ཀྱི་ས་ཆ་མང་ཆེ་བ་དང་། ཡུལ་ཤུལ། མགོ་ལོག་གི་བྱང་རྒྱུད་བཅས་སུ་རིམ་པ5ནས་6གི་ནུབ་རླུང་གཡུག་རྒྱུ་དང་། ཚྭ་འདམ་གཤོང་སའི་ས་ཆ་ཁ་ཤས་ལ་བྱེ་རླུང་ངམ་ཡང་ན་ཐལ་རྡུལ་འཚུབ་རྒྱུ་རེད།

微信图片_20250321194325.jpg


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།