དེ་རིང་ནི2025ལོའི་ཟླ05པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-05-03 20:37:26   |   140

སྒྲིག་སྒྱུར། མཁའ་འགྲོ་མཚོ།  ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

微信图片_20250503200335.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར། མཚོ་ནུབ་ཀྱི་ཤར་རྒྱུད་དང་མཚོ་བྱང་གི་བྱང་རྒྱུད། དེ་བཞིན་རྟ་ཐང་། ཧོར་གྲོང་། ན་གོར་མོ་གྲོང་ཁྱེར། ནང་ཆེན། པད་མ། གཅིག་སྒྲིལ་བཅས་ཀྱི་གྲོང་རྡལ་ཁག་གཅིག་ཏུ་ཐོལ་ཆར(ཁངས)རམ་ཁངས་ཆར་འདྲེས་མ(སྨི་སྟོང་ཤས0.1ནས1.5བར)འབབ་རྒྱུ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།

སང་ཉིན་ཉིན་མོར། ཧོར་གྲོང་དང་གྲོ་ཚང་གི་གྲོང་རྡལ་ཁག་གཅིག་ལ་ཆར་འབྲིང(སྨི་སྟོང་ཤས10ནས13བར)འབབ་རྒྱུ་དང་། ཟི་ལིང་དང་། མཚོ་ཤར། མཚོ་ནུབ་ཀྱི་ཤར་རྒྱུད། མཚོ་བྱང་། ཡུལ་ཤུལ་གྱི་ཤར་རྒྱུད། མགོ་ལོག་གི་ལྷོ་རྒྱུད། རྨ་ལྷོའི་བྱང་རྒྱུད། ན་གོར་མོ་གྲོང་ཁྱེར་བཅས་སུ་ཆར་ཆུང(ཁངས)ངམ་ཁངས་ཆར་འདྲེས་མ(སྨི་སྟོང་ཤས0.1ནས7བར)འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་སྤྲིན་མང་བའམ་གནམ་ཐང་རྒྱུ་རེད། ཚེས4ཉིན་གྱི་ཉིན་མོར་བྱང་རྒྱུད་ས་ཁུལ་གྱི་དྲོད་ཚད་མཐོ་ཤོས4℃ནས6℃བར་མར་ཆག་རྒྱུ་ཡིན་པ་དང་། ས་ཁུལ་ཁ་ཤས་སུ8℃ཡན་ལ་སླེབས་རྒྱུ་རེད། ཟི་ལིང་དང་། མཚོ་ཤར། རྨ་ལྷོ་བཅས་ཀྱི་བྱང་རྒྱུད་དུ་རིམ་པ5ནས6བར་གྱི་ཤར་རླུང་གཡུག་རྒྱུ་དང་། ཐོལ་རླུང་རིམ་པ7ཡན་སླེབས་པ། བྱེ་རྡུལ་གྱི་གནམ་གཤིས་ཀྱང་ཡོད། ཚྭ་འདམ་གཤོངས་ས་དང་མཚོ་སྔོན་པོའི་མཐའ་འཁོར་དུ་རིམ་པ6ནས7བར་གྱི་ནུབ་རླུང་གཡུག་རྒྱུ་ཡིན་པ་དང་ཐོལ་རླུང་རིམ་པ8ཡན་ལ་སླེབས་པ་མ་ཟད། བྱེ་རྡུལ་གྱི་གནམ་གཤིས་ཀྱང་ཡོད།

微信图片_20250503204053.png


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།